གཅིན་སྙི་ནད་པའི་ཟས་བཅུད་བསྟེན་ཚུལ།

  ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། ། འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། ། རྒྱག་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། ། མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། ། (བཤེས་སྤྲིངས་ལས་)གསུངས་པ་ལྟར། ཁ་ཟས་བསྟེན་ཤེས་ན་སྨན་ཡིན་པས། ཟས་དང་སྤྱོད་ལམ་གཉིས་ཀ་ཚུལ་བཞིན་དུ་བསྟེན་པ་ཡིན་ན་ང་ཚོས་ནད་རིགས་བརྒྱ་ཕྲག་མང་པོ་ཞིག་རང་བཞིན་གྱིས་འགོག་ཐུབ་པ་ཡིན།

  ཨ་རིའི་གཅིན་སྙིའི་མཐུན་ཚོགས་ཀྱི་ཞིབ་འཇུག་གྲུབ་དོན་ལྟར་ན། ཤིང་ཏོག་དང་སྔོ་ཚལ་མང་བའི་བཟའ་བཏུང་ཚུལ་བཞིན་བསྟེན་པ་དང་། ལུས་རྩལ་སྦྱོང་བརྡར་རམ་ལུས་པོར་དགོས་ངེས་ཀྱི་འགུལ་སྐྱོད་དུས་ལྟར་ཐེབས་པར་བྱེད་པ། ལུས་པོའི་ (རྒྱགས་དྲགས་པའམ་སྐམ་དྲགས་པ་མ་ཡིན་པའི་) ལྗིད་ཚད་ཏག་ཏག་ཅིག་རྒྱུན་བསྲིངས་པ་ཡིན་ན། ཚེ་ཐག་རིང་བ་ཙམ་དུ་མ་ཟད། བདེ་ཐང་དང་སྤྲོ་སྣང་ལྡན་པའི་མི་ཚེ་རིང་པོ་ཞིག་སྐྱེལ་ཐུབ་པ་ཡིན། གོང་གི་གནས་བབ་དེ་འདྲ་ཞིག་གི་འོག་ནས་ཁྱོད་ལ་གཅིན་པ་མངར་འགྱུར་རམ་གཅིན་སྙིའི་ན་ཚ་མི་འབྱུང་བ་མ་ཟད། སྙིང་དང་། ཁྲག་རྩའི་ནད་སོགས་དུས་རབས་ཉེར་གཅིག་པའི་ནང་གི་འཕྲོད་བསྟེན་གྱི་དཀའ་ངལ་འདི་དག་ལས་གཡོལ་ཐུབ།

  སྔོན་ཆད་ང་ཚོས་ “ཕོ་ལོ་བཅོ་ལྔར་སོན་ན་བློ་ཕ་ལ་མི་འདྲི་བ་དང་། མོ་ལོ་བཅོ་ལྔར་སོན་ན་བྲོ་མ་ལ་མི་སློང་” ཟེར་བ་རེད་མོད། དེང་སང་ཕོ་ལོ་སུམ་བཅུར་ཐོན་རུང་། བྲོ་བཟའ་སྟངས་ཙམ་ཡང་སྨན་པར་འདྲི་དགོས་པའི་ཚོད་དུ་སླེབས་ཡོད་པ་རེད། འདི་ནི་དུས་རབས་གསར་པ་དང་། སྤྱི་ཚོགས་གསར་པས་ང་ཚོར་གནང་བའི་འཕོ་འགྱུར་གསར་པ་ཡིན་པས། གཡོལ་ཐབས་མེད་པའི་མ་འོངས་པ་དང་འགྱུར་ལྡོག་འདིའི་ཁྲོད་ནས་ང་ཚོ་གསོན་དགོས་ན་འདི་ཚོ་ཤེས་དགོས་པ་རེད།

  གཅིན་པ་མངར་འགྱུར་རམ། གཅིན་སྙིའི་གནས་སྟངས་འོག་ཡོད་པའི་མི་ཞིག་ལ་མཚོན་ན་ཟས་རིགས་བསྟེན་ཚུལ་ནི་ཚེ་སྲོག་ལ་ཐུག་པའི་གནད་དོན་ཞིག་ཡིན་པས། ངེས་པར་དུ་དོ་སྣང་བྱེད་དགོས།

  འབྲུ་རིགས་དང་། བག་ཚི་ཅན་གྱི་ཟས་རིགས།

  སྤྱིར་ན་འབྲུ་རིགས་ཀྱི་ཟས་དང་། བག་ཚི་ཅན་གྱི་ཟས་རིགས་དཔེར་ན་གོ་རེ་དང་། ཐུག་པ་(རྩམ་པའང་འདིའི་ཁོངས་སུ་གཏོགས་)སོགས་ལ་ཕན་གནོན་ཅི་ཡོད་ཐད་ལ་བགྲོ་གླེང་མང་པོ་ཞིག་བྱེད་ཀྱིན་ཡོད། ཡིན་ན་ཡང་། ཐག་གིས་བཅད་ནས་བཤད་ཐུབ་པ་ཞིག་ནི། འབྲུ་རིགས་ཀྱི་ཟས་རིགས་བཟའ་ན་ཡོངས་འདུས་ཕྱེ་སྟེ། ནས་དང་འབྲུ་འཐག་དུས་བུད་ཙེ་ཚགས་ནས་ལོགས་སུ་བགར་མེད་པའི་རྩམ་པ་འདྲ་བའི་ཕྱེ་བཟའ་དགོས། དེ་ལ་ནས་འབྲུའི་སྟེང་དུ་ཡོད་པའི་བཅུད་རྫས་ཆ་ཚང་འདུས་པས་ན་ཡོངས་འདུས་ཕྱེ་རུ་འབོད་པ་ཡིན། གཤམ་དུ་གཅིན་སྙི་ནད་པས་བཟའ་རུང་བའི་འབྲུ་རིགས་ཁ་ཤས་ཤིག་གི་མིང་འགོད་རྒྱུ་ཡིན།

  བག་ཚི་ཅན་གྱི་ཚལ་རིགས་ཡག་ཤོས་ཁག་ཅིག་ནི། ཡོངས་འདུས་ཕྱེ། རྩམ་པའང་འདིར་ཚུད།  མ་རྨོས་ལོ་ཏོག (འཐག་ནས་ཚགས་རྒྱབ་པའི་ཕྱེ་མིན།)      གཅིན་སྙི་ནད་པས་མངར་ཆ་བཟའ་མི་རུང་བས། མི་མང་པོ་ཞིག་གིས་རོ་མངར་བའི་ཟས་རིགས་གང་ཡང་བཟའ་མི་ཆོག་པར་འདོད་ཀྱིན་ཡོད། ཟས་རིགས་མང་པོ་ཞིག་བཟའ་མཚམས་བཞག་པའི་རྒྱུ་མཚན་དེ་ལ་བརྟེན་ནས། གཅིན་སྙི་ནད་པ་མང་པོ་ཞིག་གི་ལུས་ཟུངས་མགྱོགས་མྱུར་སྒོས་ཉམས་བཞིན་ཡོད། ཡིན་ན་ཡང་། རོ་མངར་བ་ཚང་མ་ཁྱོད་ལ་གནོད་པའི་ངེས་པ་མེད་པ་རེད། དམིགས་བསལ་གྱིས་ཤིང་ཏོག་མང་པོ་ཞིག་གི་ནང་དུ་ང་ཚོར་དགོས་ངེས་ཅན་བཅུད་སྣ་ཡོད་པས། བཅུད་སྣ་དེ་དག་ངེས་པར་དུ་ལེན་དགོས། གཤམ་འདིར་ཁྱོད་ཀྱིས་གང་འདོད་དུ་རོལ་ཆོག་པའི་ཤིང་ཏོག བོད་ཁུལ་ལ་ཁྱབ་ཆེ་བ་ཁག་ཅིག་ངོ་སྤྲོད་བྱེད་རྒྱུ་ཡིན། (ངེད་དྲ་བའི་གནས་ཚུལ་ཡོངས་རྫོགས་རྒྱལ་སྤྱིའི་ཚད་ལྡན་གྱི་ཞིབ་འཇུག་སྡེ་ཁག་གི་གྲུབ་དོན་ཁོ་ན་ཡིན་པས། ཁྱོད་ཀྱིས་ཡིད་ཆེས་བློས་འགེལ་བྱེད་ཆོག)མ་རྨོས་ལོ་ཏོག་བརྔོས་མ།འབྲས་སྨུག་པོ། (Brown rice ། 糙米)ཡུ་རོབ་ལ་མངར། Parsnip欧洲防风草དཔྱད་གཞིའི་ཡིག་ཆ་ཨ་རིའི་གཅིན་སྙཱི་མཐུན་ཚོགས་ཀྱི་དྲ་བར་གཞི་བཅོལ་ཡོད།ཡུང་མ། ཞོ་ཁོག ཚལ་ཀྭ་སེར་པོ། (Butternut squash南瓜)ཀུ་ཤུ། (ཀུ་ཤུ་ཇི་བཞིན་བཟའ་མི་འདོད་ན་གཅུར་ནས་ཉོག་བཟོས་ནས་བཟའ་ཆོག  ངང་ལག ལུམ་འབྲས་ནག་པོ། (Blackberries黑莓)ལུམ་འབྲས་སྔོན་པོ། (Blueberries蓝莓)  ཆུ་ཀུབ་སེར་པོ། (Cantaloupe哈密瓜)སེའུ། (Cherries樱桃)ཆུ་ཀུབ། (watermelon西瓜) ཚ་ལུ་མ། (Orange橙子)ལོ་གསུམ་ཁམ་བུ། (Peaches桃子)ཨ་ནའི་འབྲས་བུ། (pineapple菠萝)ཨྲ་མ། (Mango芒果)ཁིས་ཝིསི་(kiwis猕猴桃)