ཁ་ལོ་བ་མི་དགོས་པའི་རང་བསྐོར་རླངས་འཁོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཨ་རིའི་ཀུའུ་ཀོ (Google) ཚོང་གཉེར་ཚོགས་པས་ཇུས་འགོད་བྱས་པའི་འཛམ་གླིང་ཡོངས་ཀྱི་ཁ་ལོ་བ་མི་དགོས་པའི་རང་བསྐོར་རླངས་འཁོར་ཐོག་མ(Google Driverless Car)དེ་ཚོགས་པ་དེའི་སྤྱི་ཁྱབ་ལྟེ་གནས་ཡོད་ས་ཁཱ་ལི་ཧྥར་ནེ་ཡའི་མན་ཐེན་ཝོའུ(Mountain View)ཞེས་པའི་གྲོང་ཁྱེར་གྱི་སྲང་ལམ་དུ་བསྐྱོད་མགོ་བརྩམས་ཤིང་། རྙོག་འཛིང་ལྡན་པའི་གྲོང་ཁྱེར་གྱི་གཞུང་ལམ་ཐོག་བསྐྱོད་ན་གནས་ཚུལ་ཅི་འབྱུང་སྲིད་པའི་སྐོར་ལ་ཚོད་ལྟ་བྱས་པར། རླངས་འཁོར་དེ་ལམ་ནས་མི་དང་འཕྲད་སྐབས་གཡོལ་ཤེས་པ་དང་གློག་དམར་པོ་ཤར་སྐབས་འགྲོ་མཚམས་འཇོག་ཤེས་པ་སོགས་ཚོད་ལྟའི་འབྲས་བུ་དགའ་འོས་པ་ཐོབ་འདུག་ལ། མ་འོངས་པར་ཚོང་རར་འདོན་པར་ཡིད་ཆེས་སྔར་བས་ཆེན་པོ་བསྩལ་ཡོད།

ཁ་ལོ་བ་མི་དགོས་པའི་རང་བསྐོར་རླངས་འཁོར།

རང་བསྐོར་རླངས་འཁོར་འདི་ནི་ལོ་དྲུག་ཙམ་གྱི་གོང་གསར་དུ་བཏོད་ཅིང་། ལོ་དྲུག་ཙམ་རིང་རླངས་འཁོར་ཁ་ལོ་སྦྱོང་སའི་ར་བའི་ནང་ཡང་དང་བསྐྱར་དུ་ཚོད་ལྟ་ཞིབ་མོ་བྱས་ཤིང་། ད་སྔའི་བར་རང་འགུལ་སྒོས་སྤྱི་ལེ་ས་ཡ་གཅིག་དང་འབུམ་དྲུག་ལྷག་ཙམ་བསྐྱོད་ཡོད།

རླངས་འཁོར་འདི་གསར་བཟོ་གནང་མཁན་གཙོ་བོ་ཨ་རིའི་སི་ཐན་ཧྥོར་སྒྲི་སློབ་གྲྭ་ཆེན་མོའི་གློག་ཀླད་ཞིབ་འཇུག་པ་སྐུ་ཞབས་སེ་པཱ་སི་ཐེན་སྲུན།

རླངས་འཁོར་འདི་ནི་ད་ལོར་ལོ་ན་48ལ་སོན་པའི་ཨ་རིའི་སི་ཐན་ཧྥོར་སྒྲི་སློབ་གྲྭ་ཆེན་མོའི(Stanford University)གློག་ཀླད་ཞིབ་འཇུག་པ་སྐུ་ཞབས་སེ་པཱ་སི་ཐེན་སྲུན(Sebastian Thrun)ཞེས་པའི་མགོ་ཁྲིད་པའི་ཀུའུ་ཀོ་ཚོགས་པའི་ཞིབ་འཇུག་རུ་ཁག་ཅིག་གིས་ཞིབ་འཇུག་དང་གསར་བཟོ་གནང་།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།