བོད་རིགས་ན་གཞོན་སྐོར་ཞིག་གིས་གངས་ལྷ་བོད་ཀྱི་རིག་གནས་ཁྱབ་སྤེལ་ལས་ཁུངས་བཙུགས།

རྩོམ་པ་པོ།:སྙིང་ལྕགས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-05 09:12:00 ཀློག་གྲངས།:

གངས་ལྷ་རིག་གནས།
     གངས་ལྷ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་ནི་བོད་རིགས་ན་གཞོན་འགས2014ལོར་ཁྲིམས་མཐུན་གྱིས་མཚོ་སྔོན་ཞིང་ཆེན་ནས་བཙུགས་པ་ཡིན།


ན་གཞོན་ལས་འཛིན་པའི་དཔུང་སྡེ།

དམིགས་ཡུལ།
     དམིགས་ཡུལ་དང་རྩ་དོན་ནི་བོད་ཀྱི་རིག་གནས་བརྒྱུད་བསྒྲགས་དང་དར་སྤེལ་བྱ་རྒྱུ། ཆེད་ལས་རང་བཞིན་གྱི་ཞབས་ཞུ་ལ་བརྟེན་ནས་སྤྱི་ཚོགས་དང་རིག་གནས་ཁེ་ལས་ལ་ཁ་ཕྱོགས་ཏེ་སྤྱི་ཚོགས་ཁེ་ལས་སློབ་གསོ་དར་སྤེལ་དང་བོད་མིའི་ནུས་པ་བསྔོག་འདོན། རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་རྒྱས་བཅས་སུ་གཏོང་བར་གཞིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བྱ་རྒྱུ་དེའོ།།
ཞབས་ཞུ་དང་ཐོན་རྫས།
     མིག་སྔར་སྒྲུབ་བཞིན་པའི་སྤྱིའི་ལས་རིམ་ཁག་ནི་བོད་རིགས་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཀྱི་བསྔོག་འདོན་དང་ཉོ་འཚོང་། པར་ལེན་དང་བརྙན་ཕབ། སྟོན་མོའི་མཛད་སྒོ། གྲོས་ཚོགས་དང་ལྷན་འཛོམས་འགྲེམས་སྟོན། རིག་གནས་མཉམ་མྱོང་བརྗེ་རེས་བྱ་འགུལ་གྱི་ཇུས་འགོད། རིག་གནས་ཐོན་རྫས་གསར་སྤེལ། སྤྱི་བརྡ་ཇུས་འགོད། ཐོན་རྫས་བཟོ་སྐྲུན་དང་ཁྱབ་བསྒྲགས་བཅས་ཡིན།
     ད་ལྟ་ཡོད་པའི་ཐོན་རྫས་ཀྱི་རྣམ་གྲངས་ལ་བོད་ཀྱི་གཙག་དྲུབས་དང་བོད་སྲོལ་རྒྱན་གོས། ཐང་ག་དང་བོད་ཀྱི་རི་མོ་སྣ་ཚོགས། སྤྱི་ཕན་ཁྱབ་བསྒྲགས་ལ་དམིགས་པའི་དངོས་པར་གློག་བརྙན་དང་ལག་ཤེས་སྒྱུ་རྩལ་གྱི་ཐོན་རྫས་གང་ལེགས་བཅས་ཡིན་ལ། ད་ལྟ་ཡོད་པའི་ཞབས་ཞུའི་རྣམ་གྲངས་ལ་གངས་ལྷ་རིག་གནས་དྲ་ལམ་རྩོམ་ཡིག་འགྲེམ་སྤེལ་དང་། སྤྱི་སྒེར་གཉིས་ཀྱི་དུས་དེབ་ཉར་ཚགས། དམངས་སྲོལ་ཤེས་བྱ་སྲུང་སྐྱོབ། དྲ་ལམ་དང་བརྙན་པར་བརྒྱུད་ནས་ལས་ཚབ་ཁྱབ་བསྒྲགས་དང་རིག་གནས་བརྒྱུད་སྤེལ་བྱེད་པ་བཅས་ཡིན་ལ། སྲོལ་རྒྱུན་རིག་གནས་ལ་དུས་བསྟུན་གྱི་སྲུང་སྐྱོབ་དང་གསར་གཏོད། སླར་གསོ་བྱེད་རྒྱུ་ཡང་ང་ཚོའི་དམིགས་ཡུལ་གཙོ་གྲས་ཤིག་ཡིན་གཤིས། ཀུང་ཟི་འདིས་བོད་ཁུལ་གཞི་རིམ་ལག་ཤེས་བཟོ་ལས་པའི་ནུས་པར་གསོ་སྦྱོང་རབ་དང་རིམ་པ་བརྒྱུད་ནས་ལག་ཤེས་ཀྱི་ནུས་པར་རམ་འདེགས་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་བཟོ་སྐྲུན་དང་སིལ་འཚོང་། བོད་མི་རང་ནས་རྐང་ཚུགས་པའི་སྐྱེ་ཁམས་རིག་གནས་ལྗོངས་རྒྱུ་སོགས་ཀྱི་ཚོང་ལམ་གསར་པའི་ལས་ཞུགས་ཀྱི་ནུས་པ་ལྡན་པར་བྱེད་པ་ཡིན།


བོད་ལུགས་གཙག་དྲུབས། ©གངས་ལྷའི་པར་དབང་།


འབྲོང་ཁྱིམ་རྟགས་ཅན་དང་རྟགས་མེད་བོད་ལྭ་སྤུས་ལེགས།
གངས་ལྷ་རིག་གནས་ཀྱི་བོད་ལྭའི་རྒྱན་ཚབ་པ་ཚེ་རིང་དང་སྒྲོལ་མ། ©གངས་ལྷའི་པར་དབང་།

གངས་ལྷ་བོད་ལྭའི་རྒྱན་ཚབ་པ་བཀྲ་ཤིས་རྡོ་རྗེ། ©གངས་ལྷའི་པར་དབང་།


ལྷ་བཟོ་བའི་ཐང་ག ©གངས་ལྷའི་པར་དབང་།


བོད་ལུགས་གཙག་དྲུབས། ©གངས་ལྷའི་པར་དབང་།


བརྙན་ལེན་རུ་ཁག ©གངས་ལྷའི་པར་དབང་།


བརྙན་ལེན་རུ་ཁག ©གངས་ལྷའི་པར་དབང་།


རྒྱལ་སྤྱིའི་སློབ་ཆེན་ཁག་གི་མཉམ་འབྲེལ་དཔེ་ཚོགས་ཉར་ཚགས་དྲ་བ། ©གངས་ལྷའི་པར་དབང་།

སྒྲ་བརྙན་དང་དུས་དེབ་ཉར་ཚགས་དྲ་བ། ©གངས་ལྷའི་པར་དབང་།


བོད་ལུགས་གཙག་དྲུབས་གསབ་སྦྱོང་། ©གངས་ལྷའི་པར་དབང་།

བོད་རིགས་ན་གཞོན་སྐོར་ཞིག་གིས་གངས་ལྷ་བོད་ཀྱི་རིག་གནས་ཁྱབ་སྤེལ་ལས་ཁུངས་བཙུགས།
བོད་ཐགས་ཀྱི་རིག་གནས་རྒྱུན་འཛིན། ©གངས་ལྷའི་པར་དབང་།

སྤྱི་ཕན་ཞབས་ཞུ།
     ཀུང་ཟིའི་ཡོང་སྒོ་ལས་ཆ་ཤས་ཤིག་གཞི་རིམ་གྱི་དཀའ་སྡུག་ཆེ་བའི་གནད་དོན་ཐག་གཅོད་ཀྱི་ཕྱོགས་ལ་གཏོང་རྒྱུ་ཡིན། དེའི་ནང་སློབ་གསོ་དང་བཏུང་ཆུ། འཕྲོད་བསྟེན། ཁོར་ཡུག་དང་རིག་གནས་སྲུང་སྐྱོབ་བཅས་ཀྱི་སྤྱི་ཕན་བྱ་འགུལ་ལ་འབུལ་རྒྱུ་ཡིན། དེ་བས། ཉིད་ཀྱིས་ངེད་ཀུང་ཟི་ནས་ཉོ་སྒྲུབ་མཛད་པའི་ཐོན་རྫས་དང་ཞབས་ཞུ་ཡིས་བོད་ཁུལ་གྱི་ཉམས་ང་བའི་འབྱོར་མེད་པའི་འཚོ་བ་དང་རྨང་གཞིའི་སློབ་གསོ་ལ་ཐད་ཀར་གྱི་རྒྱབ་སྐྱོར་བླ་མེད་ཐོབ་སྲིད།


སློབ་གསོའི་སྤྱི་ཕན་ལས་ཀ ©གངས་ལྷའི་པར་དབང་།


སློབ་གསོའི་སྤྱི་ཕན་ལས་ཀ ©གངས་ལྷའི་པར་དབང་།


བཏུང་ཆུའི་སྤྱི་ཕན་ལས་ཀ ©གངས་ལྷའི་པར་དབང་།

རྩོམ་བསྐུར་ཡུལ།
ཡིག་སྒམ། editor@ganglha.orgདང་ཡང་ན editorganglha@yahoo.com
     གངས་ལྷ་རིག་གནས་དྲ་ཚིགས་སུ་དྲ་རྩོམ་སྣ་ཚོགས་འགྲེམ་སྤེལ་དང་རྒྱལ་སྤྱིའི་སློབ་ཆེན་དྲ་ཚིགས་མཉམ་འབྲེལ་གྱི་དུས་དེབ་དང་དཔེ་དེབ་ཉར་ཚགས་བྱེད་པའི་བསྐུར་ཡུལ་ནི་གོང་གི་ཡིག་སྒམ་དེ་གཉིས་ཡིན། ཉིན་རེར་བཤེར་འདོན་བྱས་རྗེས་འབྲས་བུ་འདོན་སྤེལ་བྱེད་ངེས་ཡིན།
དྲ་བ།
བོད་ཡིག www.ganglha.org/bo/
རྒྱ་ཡིག www.ganglha.org/zh-hans/
དབྱིན་ཡིག www.ganglha.org


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།