འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།ཝུན་མིང་འབར་མའི་ཙུང་ཐུང་ལ་བདམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཝུན་མིང་འབར་མའི་ཙུང་ཐུང་ལ་བདམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། འབར་མའི་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་ཀྱིས་ཙུང་ཐུང་འདེམས་བསྐོ་བྱེད་པ་རེད། རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ(དམངས་མནའ)གྱི་ཡོན་ལའོ་ཝུན་མིང་ལ་འདེམས་ཤོག་མང་བ་ཐོབ་ནས་ཙུང་ཐུང་ལ་བསྐོས་པ་རེད། 
         རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་ཡོངས་ལ་ཉིན་དེའི་སྔ་དྲོར་ཚོགས་འདུ་ཚོགས་ནས། ཚེས་23ཉིན་ཙུང་ཐུང་གཞོན་པར་བསྐོས་པའི་ཝིན་མིང་དང་། ད་ལྟའི་ཙུང་ཐུང་གཞོན་པ་དང་པོ་མིང་རུའེ། ཙུང་ཐུང་གཞོན་པ་གཉིས་པ་ཞང་ལི་པན་ཐི་ཡུས་བཅས་ཀྱི་ཁྲོད་ནས་ཙུང་ཐུང་འདེམས་བསྐོ་བྱེད་པ་རེད།
         འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། མི་དམངས་གྲོས་ཁང་གི་གྲོས་མི་ཚོགས་པས་འོས་སྦྱོར་བྱེད་པའི་ཝུན་མིང་ལ་འདེམས་ཤོག་403ཐོབ་ཡོད་པ་དང་། འདེམས་ཤོག་ཆེས་མང་བ་ཐོབ་ཡོད་པ་རེད། དམག་ཕྱོགས་ཀྱི་གྲོས་མི་ཚོགས་པས་འོས་སྦྱོར་བྱེད་པའི་མིང་རུའེ་ལ་འདེམས་ཤོག་211ཐོབ་ཡོད་ལ། མི་རིགས་ཁང་གིས་འོས་སྦྱོར་བྱེད་པའི་ཞང་ལི་པན་ཐི་ཡུས་ལ་འདེམས་ཤོག་18ཐོབ་པ་ཡོད་པ་དང་། གཞན་འདེམས་ཤོག་4ཕན་མེད་ངང་བསྐྱུར་ཡོད་པ་རེད། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་མན་ཝུན་ཁའེ་ཏན་གྱིས། ཝུན་མིང་འབར་མའི་ཙུང་ཐུང་ལ་འདེམས་བསྐོ་བྱེད་པ་དང་། མིང་རུའུ་ཙུང་ཐུང་གཞོན་པ་དང་པོར་འདེམས་བསྐོ། ཞང་ལི་པན་ཐི་ཡུས་ཙུང་ཐུང་གཞོན་པ་གཉིས་པར་འདེམས་བསྐོ་བྱས་པ་ཁྱབ་བསྒྲགས་བྱེད་པ་རེད།
         འབར་མའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ལ་ཁྱོན་བསྡོམས་གྲོས་མི་664ཡོད་པ་དང་། དེའི་ཁྲོད་དུ་མི་དམངས་གྲོས་ཁང་གི་གྲོས་མི་440(དམག་ཕྱོགས་ཀྱི་གྲོས་མི་110ཚུད་པ)ཡོད་པ་རེད། མི་རིགས་ཁང་ལ་གྲོས་མི་224(དམག་ཕྱོགས་ཀྱི་གྲོས་མི་56ཚུད་པ)ཡོད་པ་རེད། འདེམས་ཤོག་འཕེན་དབང་ཡོད་པའི་གྲོས་མི་656ཡོད་ལ། ཉིན་དེར་ཚོགས་ཐོག་ཕེབས་ཐུབ་པའི་གྲོས་མི་636ཡོད་ཅིང་། གྲོས་མི་20དགོངས་པ་ཞུས་ཡོད་པ་རེད། རྒྱལ་དོན་བློ་འདྲི་ས་ཨང་ཧྲན་སུའུ་ཅི(Aung San Suu Kyi)དམིགས་བསལ་ལྟ་དཔྱད་པའི་ངོས་ནས་ཚོགས་སུ་ཞུགས་ཡོད་པ་རེད། 
    ༄༅།།ཝུན་མིང་འབར་མའི་ཙུང་ཐུང་ལ་བདམས་པ།
    ༄༅།།ཝུན་མིང་འབར་མའི་ཙུང་ཐུང་ལ་བདམས་པ།
      

    ཕྱོགས་བསྡུས་གསར་འགྱུར།