ཞི་ཅིན་ཕེན་གྱིས་རྒྱ་གར་གྱི་ཙུང་ཐུང་གཞོན་པ་ཨན་ས་ལི་ལ་མཇལ་འཕྲད་གནང་བ།

  6月30日,国家主席习近平在北京人民大会堂会见印度副总统安萨里。.jpgeta青海藏语网络广播电视台

  ཟླ6པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་གྱི་ཙུང་ཐུང་གཞོན་པ་ཨན་ས་ལི་ལ་མཇལ་འཕྲད་གནང་།eta青海藏语网络广播电视台

  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ6པའི་ཚེས30ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་གྱི་ཙུང་ཐུང་གཞོན་པ་ཨན་ས་ལི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གཉིས་ནི་གལ་ཆེ་བའི་ཁྱིམ་མཚེས་ཡིན་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཆེས་ཆེན་པོ་གཉིས་ཀྱང་ཡིན་ལ། རྒྱལ་ཁབ་གཉིས་ཀ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་གནས་ཡོད་པ་དང་ཕྱོགས་གཉིས་ཀར་གཅིག་མཚུངས་ཡིན་པའི་འཐབ་ཇུས་ཀྱི་གནད་ས་མང་པོ་ཡོད། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་མཐོན་པོ་བཅངས་ཏེ་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་མ་ཟད། མིའི་རིགས་ཀྱི་འཕེལ་རྒྱས་དང་མདུན་སྐྱོད་ཐད་ལ་སྐུལ་འདེད་རང་བཞིན་གྱི་བྱས་རྗེས་ཆེན་པོ་འཇོག་ཐུབ། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་དེ་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་དུ་བརྩིས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཀྲུང་གོའི་ཕྱི་འབྲེལ་ཁ་ཕྱོགས་གལ་ཆེན་དུ་བརྩི་བཞིན་ཡོད། རྒྱ་གར་གྱི་སྲིད་གཞུང་གསར་བ་ད་སོ་མ་བཙུགས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་སྲིད་ཏང་དང་ཁྲིམས་འཛུགས་ལས་ཁུངས། ས་གནས་སྲིད་གཞུང་བཅས་བར་གྱི་འབྲེལ་བར་ཤུགས་བསྣན་ནས་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས། ཐུན་མོང་གི་ལྟ་ཚུལ་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།eta青海藏语网络广播电视台

  ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་རྒྱ་གར། འབར་མ་གསུམ་གྱིས་ད་སོ་མ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་འགྲེམ་སྤེལ་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དང་རྒྱ་གར་གཉིས་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མཉམ་དུ་དར་སྤེལ་དུ་བཏང་སྟེ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཕྱོགས་གཉིས་བར་གྱི་མཐུན་སྦྱོར་དང་གཞོགས་འདེག་ལ་ཤུགས་བསྣན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་སྔར་ལས་ཆེ་བའི་ནུས་པ་འདོན་དགོས་ཟེར།eta青海藏语网络广播电视台

  ཨན་ས་ལི་ཡིས་བསྟན་དོན། རྒྱ་གར་དང་ཀྲུང་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མི་གྲངས་ཆེས་མང་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཞི་བདེ་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། རྒྱ་གར་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཕྱོགས་ཀྱི་འཕེལ་རྒྱས་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བརྩི་སྲུང་བཟང་བོ་བྱས་ཏེ། ཕན་ཚུན་བར་གྱི་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་པ་དང་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་ལེགས་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།