མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

བསང་ཆུ་རྫོང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་དབང་བོ་སྐྱོན་ཅན་ལ་དོན་དངོས་བསྒྲུབས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་རླུང་འཕྲིན་ཁང་།  2011-07-13 10:41

     ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་དམངས་འཚོའི་གནད་དོན་ཐག་གཅོད་རྒྱུ་དེ་བྱ་བ་གཙོ་བོར་བཟུང་པ་དང་།དབང་བོ་སྐྱོན་ཅན་གྱི་གཞི་རྩའི་གནས་ཚུལ་མུ་མཐུད་དུ་ལེགས་བཅོས་དང་། སྤྱི་ཚོགས་འདྲ་མཉམ་ལ་ཡར་སྐུལ་གཏོང་བ་བཐས་གཙུགས་སུ་བཟུང་སྟེ། ཐབས་བརྒྱ་ཇུས་སྟོང་སྒོས་དབང་བོ་སྐྱོན་ཅན་ལ་དོན་དངོས་དང་དོན་བཟང་བསྒྲུབས་པས། དབང་བོ་སྐྱོན་ཅན་གྱིས་ཆེས་སེམས་ཁུར་བྱེད་ས་དང་ཆེས་ཐད་ཀར། ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་བཅད་པ་མ་ཟད་སྔར་ལས་ལྷག་པར་རྫོང་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་དོན་བཟང་མགྱོགས་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།

     རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྫོང་མི་དམངས་སྨན་ཁང་གིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཟླ5པའི་ཟླ་མཇུག་ཏུ། མིག་གི་ལིང་ཏོག་སླར་མཐོང་གཤགས་བཅོས་ཀྱི་ཞིབ་བཤེར་བྱ་བ་ལེགས་གྲུབ་བྱུང་། བསྡོམས་རྩིས་བྱས་པ་ལྟར་ན། རྫོང་ཡོངས་སུ་མིག་གི་ལིང་ཏོག་སླར་མཐོང་གཤགས་བཅོས་སུ་ཐོག་མར་ཞིབ་བཤེར་བྱེད་མཁན་བསྡོམས་པས་མི 50ལྷག་ཞུགས་ཡོད། དངོས་གནས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་གནས་ཚུལ་ལེགས་བཅོས་གཏོང་ཆེད། གོང་རིམ་སྡེ་ཁག་ནས་དབང་བོ་སྐྱོན་ཅན་གྱི་ཉེན་ཁའི་ཁང་བ་ཞིག་གསོའི་ཁྱིམ་ཚང140དང་སྒོར་ཁྲི70བརྩོན་ལེན་བྱས། བསྡོམས་རྩིས་ལྟར་ ན། རྫོང་ཡོངས་ཀྱི་ཉེན་ཁའི་ཁང་བ་ཞིག་གསོ་ལེགས་འགྲུབ་བྱུང་བའི་ཁྱིམ་ཚང35དང་མ་གཞིའི་བཟོ་སྐྲུན་གྲུབ་པའི་ཁྱིམ་ཚང 40ཡོད་ལ། དེའི་འཕྲོའི་ཁྱིམ་ཚང65ཡི་ཁང་བ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་།བཟོ་སྐྲུན་གྱི་མ་གཞི་ཚང་མ་སོ་ཕག་དང་ཨར་འདམ་བསྲེས་མའི་གྲུབ་པ་ཡིན། ཟླ10པའི་ཟླ་མཇུག་གི་སྔོན་ལ་ཁང་རྙིང་བསྒྱུར་བཀོད་བཟོ་སྐྲུན་གྱི་བླང་བྱ་ལྟར་ལེགས་འགྲུབ་འབྱུང་རྒྱུ་མ་ཟད་ནང་དུ་སྤོར་ཐུབ་རྒྱུ་རེད། གཞི་རིམ་དུ་བསྐྱོད་པ་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་དང་ཐོན་སྐྱེད་འཚོ་བའི་ཁྲོད་གནས་པའི་དཀའ་ཁག་རྒྱུས་ལོན་བྱས་པ་བརྒྱུད། དབང་བོ་ལ་སྐྱོན་ལྗིད་མོ་ཕོག་པའི་ཁྱིམ་ཚང130ལ་རོགས་དངུལ་སྒོར500རེ་བྱིན་པ་དང་། དམངས་སྲིད་ཀྱི་གནས་སྐབས་རོགས་དངུལ་ཁྱིམ་ཚང 410ལ་སྒོར500རེ་བྱིན། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་གི་སློབ་ཞུགས་རོགས་དངུལ་མི6ལ་བྱིན་པ། དབང་བོ་སྐྱོན་ཅན་ལ་རླངས་འཁོར་གྱི་འབར་སྣུམ་ཁ་གསབ་སྒོར400རེ་བྱིན། དབང་བོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་ལ་དཀའ་ཁག་ཆེ་བར་དམིགས་ཏེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་ཡར་སྐུལ་བཏང་བས། ཟླ 5པའི་ཟླ་མཇུག་ཏུ། དབང་བོ་སྐྱོན་ཅན་མི9ལ་ལས་ཞུགས་བཀོད་སྒྲིག་བྱུང་།།