༄༅།།རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཁྲི་2.6ཙམ་དྲ་ཐོག་ནས་ཀོང་ཀྲོའུ་ཚོང་འདུས་སྐབས་129པར་ཞུགས་པ།
གསར་འགྱུར་སྤེལ་དུས། 【2021ལོའི་ཟླ་ 04ཚེས་16ཉིན། 15:25】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀོང་ཀྲོའུ་ཚོང་འདུས་སྐབས་129པ་ཟླ་4ཚེས་15ནས་ཚེས་24ཉིན་བར་དྲ་ཐོག་ནས་རྒྱུན་མཐུད་འཚོག་རྒྱུ་ཡིན་ཞིང་། ཟླ་4ཚེས་14ཉིན་གསར་འགོད་པར་ཀོང་ཀྲོའུ་ཚོང་འདུས་སྐབས་129པའི་འགོ་ཚུགས་མཛད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཁེ་ལས་ཁྲི་2.6ཙམ་དྲ་ཐོག་ནས་ཀོང་ཀྲོའུ་ཚོང་འདུས་སྐབས་129པར་ཞུགས་རྒྱུ་ཡིན་པ་རེད།