འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་11ཉིན།

༄༅།།ཨ་རི་ནི་དྲ་རྒྱའི་གསང་བ་རྐུ་མཁན་ཆེ་ཤོས་དེ་རེད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་11ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིས་གོ་ལ་ཧྲིལ་པོར་དྲ་རྒྱའི་གསང་བ་རྐུ་བའི་བྱེད་སྒོ་སྤེལ་མཚམས་གཏན་ནས་བཞག་མྱོང་མེད། ཨ་རིའི་དྲ་རྒྱའི་འཇབ་རྒོལ་གྱི་ཚད་མཐོའི་གཏན་འཁེལ་སྒྲིག་སྲོལ་རང་བཞིན་དང་། ཡིབ་སྐུང་རང་བཞིན། ལག་རྩལ་གྱི་རྙོག་འཛིང་རང་བཞིན་བཅས་ལས། དྲ་རྒྱའི་འཇབ་རྒོལ་བྱ་སྤྱོད་ཤེས་རྟོགས་དཀའ་བ་དང་ཁུངས་གཏུགས་དཀའ་བར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་ཨ་རིའི་རྒྱལ་ཁབ་བདེ་འཇགས་སྒྲིག་གཞིའི་དྲ་རྒྱའི་འཇབ་རྒོལ་བྱ་སྤྱོད་ཐེངས་མང་ཕྱིར་བཏོན་བྱས་པས། ཕྱི་རོལ་གྱིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་སྒྲིག་གཞིས་གོ་ལ་ཧྲིལ་པོའི་དྲ་རྒྱར་འཇབ་རྒོལ་བྱས་ནས་གསང་བ་རྐུ་བའི་གནས་ཚུལ་ལ་རྒྱུས་མངའ་དེ་བས་མང་དུ་ཕྱིན་ཡོད།         དྲ་རྒྱའི་བདེ་འཇགས་སྒྲིག་གཞི་མངོན་གསལ་ཡིན་པས་མིག་སྔར་ལས་རིགས་ཀྱིས་བཙན་དབང་རྩ་མེད་དུ་གཏོང་བའི་རིམ་པའི་མཐོ་རིམ་རྒྱུན་མཐུད་རང་བཞིན་གྱི་འཇིགས་སྐུལ(APT)རྩ་འཛུགས་ནི“མཉམ་བྱ་རྩིས་ཕྲེང་”དང་“སོ་ལུན་གྱི་མིག”ཞེས་པར་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱབ་རྩ་ནི་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་(NSA)རེད། “མཉམ་བྱ་རྩིས་ཕྲེང་”རྩ་འཛུགས་ཀྱིས་2000ལོ་ནས་2015ལོའི་བར། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་43ཡི་འཕྲུལ་འཁོར་གཙོ་བོ་ཁྲི་ལྷག་ཙམ་ལ་APTཡི་འཇབ་རྒོལ་བྱས་པ་རེད། ཀྲུང་གོ་ནི་འཇབ་རྒོལ་ཕོག་ཚད་གོ་ལ་ཧྲིལ་པོའི་ཨང་དང་གྲས་སུ་སླེབས་ཡོད། “སོ་ལུན་གྱི་མིག”ནི་གཙོ་བོ་ཀྲུང་གོ་དང་ཨུ་རུ་སུར་དམིགས་པའི་དྲ་རྒྱའི་གསང་མྱུལ་གྱི་བྱེད་སྤྱོད་གཅིག་ཡིན་།   དེས་ཚོར་སྣང་སྐྱེན་པའི་ཆ་འཕྲིན་རྐུ་རྒྱུ་གཙོ་བོར་བྱེད་པ་དང་། ཀྲུང་གོའི་ས་ཁུལ་དུ་དམིགས་པའི་འཇབ་རྒོལ་ཁྲོད་རྩིས་འཁོར་བརྒྱ་ལྷག་ཙམ་གྱི་མཐའ་སྣེར་ཤུགས་རྐྱེན་ཕོག་ཡོད།
     ཨ་རིའི་རྒྱལ་ཁབ་བདེ་འཇགས་སྒྲིག་གཞིས་གསང་བ་བརྐུ་བའི་འཇབ་རྒོལ་གྱི་དམིགས་ཡུལ་ནི། རྒྱལ་ཁབ་ཀྱི་གསང་འཕྲིན་རྐུ་རྒྱུ་ཙམ་མ་ཡིན་པར་།  ད་དུང་ཚོང་ལས་ཆ་འཕྲིན་བརྐུ་རྒྱུ་ཡང་ཁོང་ཚོའི་དམིགས་ཡུལ་ཡིན་པ་རེད། ཨ་རིའི་རྒྱལ་ཁབ་བདེ་འཇགས་སྒྲིག་གཞིས་ཐད་ཀར་དྲ་རྒྱའི་འཇབ་རྒོལ་བྱས་ཏེ་གསང་བ་བརྐུས་ནས། ཨ་རིའི་ཁེ་ལས་ལ་འདྲ་མཉམ་མིན་པའི་ལེགས་ཆ་ཐོབ་པར་རོགས་སྐྱོར་བྱེད་ཀྱི་ཡོད། སྐད་གྲགས་ཆེ་བའི་གྱོད་གཞི་NSAཡིས་2013ལོར་“མུ་ཏིག་ནག་པོ”(Blackpearl)འཆར་གཞི་སྤྱད་དེ་པར་ཙིར་གྱི་རྒྱལ་གཉེར་རྡོ་སྣུམ་ཀུང་སི(Petrobras)ལ་རྒྱུན་མཐུད་ངང་ལྟ་སྐུལ་ཚོད་འཛིན་བྱས་ཏེ་ཆུ་ཚོད་72རེ་ལ། ཨ་རི་སྲིད་གཞུང་ལ་པར་ཙིར་གྱི་རྒྱལ་གཉེར་རྡོ་སྣུམ་ཀུང་སིའི་སྙན་ཞུ་གསར་པ་རེ་འབྱོར་གྱི་ཡོད་པ་རེད། སྐབས་དེའི་པར་ཙིར་གྱི་ཙུང་ཐུང་གི་འགན་འཁུར་མཁན་ལའོ་སའེ་ཧྥུའུ་ཡིས།  དེ་ལས་ཨ་རིའི་དྲ་རྒྱའི་བྱ་སྤྱོད་ཀྱི་ཀུན་སློང་དེ་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་མིན་པར་དེ་”དཔལ་འབྱོར་དང་འཐབ་ཇུས”ཀྱི་ངོ་བོ་ལྡན་པའི་ཚོང་ལས་ཀྱི་གསང་མྱུལ་བྱ་སྤྱོད་ཅིག་ཡིན་ཞེས་བརྗོད་ཡོད་པ་རེད།
     ལ་ཁབ་ཀྱི་གལ་ཆེའི་ཆ་འཕྲིན་ཡིན་ན་ཡང་འདྲ་ཡང་ན་ཚོང་ལས་སྒྲིག་གཞིའི་གསང་འཕྲིན་བརྐུས་ཀྱང་རུང་། ཨ་རིར་ངོ་ཚ་དགོས་པའི་ལོ་རྒྱུས་ལྡན་པ་ནི་ཐེ་ཚོམ་མེད་པ་ཞིག་རེད་།  ཡིན་ནའང་དུས་རྒྱུན་དུ་ཁྱིམ་མཚེས་ཀྱིས་སྟ་རེ་བརྐུས་པའི་དོགས་སེམས་ཀྱིས་རྒྱལ་ཁབ་གཞན་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།