བོད་ལྗོངས་ནས་ཆེས་སྔ་བའི་བྱི་ཚན་སྲོག་ཆགས་ཀྱི་འགྱུར་རྡོ་རྙེད་པས་དེའི་འབྱུང་ཁུངས་ཨེ་ཤ་ཡ་ཡིན་པར་སྙམ་པ།

  

  བོད་ལྗོངས་ནས་ཆེས་སྔ་བའི་བྱི་ལ་ཆེན་པོའི་འགྱུར་རྡོ་རྙེད།

  པེ་ཅིང་ལུགས་ཀྱི་ཟླ11པའི་ཚེས14ཉིན་སྤེལ་བའི་གནས་ཚུལ་ཞིག་ཏུ། ཚན་རིག་པ་གསར་པས་བསྒྲགས་པར་ལྟར་ན། བྱི་ལ་ཆེན་པོའི་འཕེལ་འགྱུར་འབྱུང་ཁུངས་དེ་ད་བར་དུ་ལྐོག་གྱུར་གྱི་གནས་ཤིག་ཏུ་གྱུར་ཡོད། ཉེ་ལམ་ལོ་ངོ་ཁྲི380ཡར་སྔོན་གྱི་ཧྥེ་གླིང་ནས་མཆེད་པའི་གནའ་སྔ་མོའི་འགྱུར་རྡོ་ཞིག་རྙེད་པ་དང་། ད་ལྟ་འཚོ་བའི་སྲོག་ཆགས་རིགས་ཀྱི་འདུས་རྡུལ་ལ་འབྲེལ་ནས་དབྱེ་ཞིབ་བྱས་པ་ལས་བྱི་ཚན་སྲོག་ཆགས་རིགས་ཆེ་ཤོས་ནི་ལོ་ངོ་ཁྲི1080སྔོན་གྱི་ཧྥེ་གླིང་ནས་མཆེད་པ་གསལ་བོར་བསྟན་ཡོད། ཡིན་ན་ཡང་བྱི་ཚན་སྲོག་ཆགས་ཆེ་ཤོས་རིགས་ཀྱི་འབྱུང་ཁུངས་ཨེ་ཤ་ཡ་ཡིན་པར་བརློམ་པའི་ཚུལ་དེ་རྩོད་གཞི་ཞིག་ཏུ་གྱུར་ངེས། རྒྱུ་མཚན་ནི་ལོ་ངོ་ཁྲི༧༠༠ཡི་བར་སྐབས་དེ་དག་གི་འགྱུར་རྡོའི་ར་སྤྲོད་ཀྱི་གནས་ཚུལ་གང་ཡང་མེད། ཞེས་ཨ་རིའི་ཉིག་ཡོ་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་གནའ་པོའི་སྐྱེས་དངོས་རིག་པ་བའམ་འབུམ་རིམས་པ་ཙན་ཀྲི་ཅེ(Zhijie Jack Tseng)ཡིས་དེ་ལྟར་བཤད་ཡོད།

  ཞིབ་འཇུག་དེ་ཧ་ཅང་གལ་ཆེ། རྒྱུ་མཚན་ནི་བྱི་ཚན་སྲོག་ཆགས་ཆེ་ཤོས་རིགས་ཀྱི་འགྱུར་རྡོ་ནི་ཧ་ཅང་མཐོང་དཀོན། ཉེ་ལམ་གསར་དུ་རྙེད་པའི་བྱི་ཚན་སྲོག་ཆགས་ཆེ་ཤོས་རིགས་ཀྱི་འབྱུང་ཁུངས་ཨེ་ཤ་ཡ་ཡིན་པའི་ལྟ་ཚུལ་དེར་རྒྱབ་སྐྱོར་ཤུགས་ཆེན་ཞིག་འདོན་སྤྲོད་བྱས་འདུག། ཅེས་སེ་ཙེར་གྱི་སི་ཀོར་མོ་རའེ་ཏིན་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་ལར་ཝེ·ཝེར་ཏེ་ལིན་(Lars Werdelin)གྱིས་དེ་ལྟར་བཤད་པ་རེད།