ཕ་བོང་རོལ་ཚོགས་མ་ཡུམ་སློབ་གྲྭ་དང་ཐུགས་གྱེས་ཞུ་བའི་མཚན་ཚོགས།

རྩོམ་པ་པོ།:གཡུལ་རྒྱལ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2010-12-15 09:53:00 ཀློག་གྲངས།:


ཕ་བོང་རོལ་ཚོགས་མ་ཡུམ་སློབ་གྲྭ་དང་ཐུགས་གྱེས་ཞུ་བའི་མཚན་ཚོགས།

  2010ལོའི་ཟླ་བ12ཚེས10ཡི་དགོང་མོ་ཆུ་ཚོད་༨དང་༣༠ཐོག་ལྷ་ས་གཞོན་ནུ་ལམ་སྐྱིད་ཤོད་འོ་ཐང་གསོལ་མགྲོན་ཁང་གི་ཡང་སྟེང་ལྕམ་པཱ་ལིས་ཀོག་ཧྥིའི་ཁང་དུ༼ཕ་བོང་རོལ་ཚོགས་མ་ཡུམ་སློབ་གྲྭ་དང་ཐུགས་གྱེས་ཞུ་བའི་ཆེད་ཚོགས༽དེ་ཟབ་རྒྱས་ངང་སྐོང་ཚོགས་བྱས་པ་དང་། ཐོག་མར་རོལ་ཚོགས་ཀྱི་གཙོ་བོའི་གཞས་པ་ཨཱ་བདེས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་མཚན་ཚོགས་ལ་ཕེབས་པའི་སྐུ་མགྲོན་དང་ན་མཉམ་གྱི་གྲོགས་པོ་ཚོར་འཚམས་འདྲི་དང་། མཚན་ཚོགས་དངོས་སུ་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག་འཁྲུག་ཆ་དོད་པའི་Rockརྣམ་པའི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་གཏམ་དང་། ཤོ་བཤད། དེ་བཞིན་སྲོལ་རྒྱུན་སྟོད་གཞས་སོགས་མཉམ་དུ་བསྲེས་པའི་ནང་དོན་གཙོ་བོར་བཟུང་སྟེ་དེང་དུས་ཀྱི་རོལ་ཆ་རྔ་དང་། གྷི་ཋར་༼སྒྲ་བརྙན༽  བྷེ་སེ།༼སྒྲ་བརྙན༽ སྲོལ་རྒྱུན་སྒྲ་བརྙན།  སོགས་ཀྱིས་རམ་འདེགས་ཁྲོད་གཞས་པ་ཨཱ་བདེས་སྤོབས་ཉམས་དང་བཅས་ཁོང་ཚོའི་བརྩམ་བྱ་གླུ་གཞས་རེ་རེ་བྱས་ཏེ་གཟིགས་འབུལ་ཞུས་སོང་བས།  ཚོགས་རྭ་འདིར་ཕེབས་པའི་ན་གཞོན་བརྒྱ་ཕྲག་མང་པོས་དུས་མཉམ་དུ་དགའ་བསུའི་ཐལ་མོ་རྒྱུན་ཆད་མེད་པར་རྡེབ་བཞིན་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་ཁོང་ཚོས་བཞེངས་པའི་འཁྲུགས་ཆ་དོད་པའི་Rockརོལ་དབྱངས་ཀྱི་འཇིག་རྟེན་དུ་རོལ།  ད་དུང་དེའི་དགོང་མོ་ཆེད་ལས་བོད་ཀྱི་སྲོལ་རྒྱུན་ལྷ་མོ་ཡིན་པའི་ལྷ་ས་ཁུལ་གྱི་བུ་མོའི་རོལ་ཚོགས་ཐོག་མ་punk nanaལ་སོགས་པ་རོལ་ཚོགས་ཁག་གསུམ་ཙམ་གདན་ཞུ་བྱས་པ་ཚོས་ཀྱང་རང་རང་གི་ཁྱད་ཆོས་ལྡན་པའི་རོལ་དབྱངས་གཟིགས་འབུལ་གནང་སོང་།

  ཕ་བོང་རོལ་ཚོགས་ནི་༢༠༠༧ལོར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་སློབ་མ་ཨཱ་བདེས་གཙོས་རྒྱུ་རྩལ་སློབ་གྲྭའི་སློབ་མ་ཚེ་རིང་དར་རྒྱས་དང་དོན་གྲུབ་སོགས་སློབ་ཆེན་སློབ་མ་དྲུག་གིས་བཙུགས་པ་དང་།  སྔ་ཕྱི་བར་གསུམ་དུ་གནམ་ལྕགས་རོལ་ཚོགས་ཀྱི་དགེ་རྒན་སོའོ་ཉིན་ལགས་དང་ཁོང་གི་ཀུང་སིས་ཁོང་ཚོའི་རོལ་ཚོགས་ལ་རྒྱབ་སྐྱོར་ཚད་མེད་གནང་བ་དང་། ཁོང་ཚོས་ཀྱང་རང་ཉིད་ཀྱི་དགའ་ཕྱོགས་དེང་དུས་ཀྱི་རོལ་དབྱངས་Rockལ་བཅངས་པའི་དུང་ཞེན་རྣལ་མ་དེ་འཁྱེར་ཏེ་རོལ་ཚོགས་འདི་བཞིན་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་རྒྱུའི་ཆོད་སེམས་དང་། གོམ་པ་མདུན་སྤོས་ངང་མི་རིང་བར་ཕ་བོང་རོལ་ཚོགས་ཀྱི་ཆེད་བསྒྲིགས་ཐོག་མ་དེ་ཡང་བསྟོན་རྒྱུའི་གྲ་སྒྲིག་གནང་བཞིན་འདུག   །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།