མིའི་རིགས་ཀྱིས་སྟོང་བའི་ཁམས་ལ་བཏང་བའི་གཞས་སྡེར་ཞིག

  ༡༩༧༧ལོར་བར་སྣང་དུ་བཏང་བའི་ལྗོངས་རྒྱུ་བ་རྟགས་ཅན་གྱི་རྒྱུ་སྐར་དཔྱད་ཆས་ནི་NASAཡི་ལོ་རྒྱུས་སུ་མེད་པའི་རྣམ་གྲངས་ཆེ་ཤས་ནང་གི་གཅིག་རེད། དེ་ལ་དཔྱད་ཆས་གཉིས་ཡོད་ཅིང་། སོ་སོར“Golden Record”ཞེས་པའི་གསེར་གྱི་གཞས་སྡེར་ཞིག་དང་སའི་གོ་ལའི་ཡིག་ཚགས་ཞེས་པའི་གཞས་སྡེར་གཉིས་སྤུད་ཡོད། གཞས་སྡེར་དུ་མིའི་རིགས་ཀྱི་སྐད་རིགས༥༥ཡི་ལམ་ནས་གོ་ལ་གཞན་པའི་སྲོག་ལྡན་ལ་ཁམས་འདྲི་དང་། (དེའི་ནང་ཀྲུང་གོའི་སྐད་རིགས༤འདུས)། སྐར་མ་90རིང་གི་རྒྱལ་ཁབ་སོ་སོའི་རོལ་དབྱངས་དང་སྒྲ་ཕབ། སའི་གོ་ལ་དང་མིའི་རིགས་ཀྱི་འདྲ་པར་སྣ༡༡༨བཅས་ཕབ་ལེན་བྱས་ཡོད་ཅིང་། བར་སྣང་ནས་ལོ་ངོ་དུང་ཕྱུར༡༠འམ་ཡང་ན་མིའི་རིགས་རང་སྟེང་གི་འཚོ་གནས་ཚེ་ཚད་ལས་ཀྱང་རིང་བོར་ཉར་ཐུབ་པ་ཡིན་པས། ང་ཚོ་མིའི་རིགས་འདི་སྟོང་བའི་ཁམས་སུ་གཞི་གྲུབ་མྱོང་བའི་དཔང་བདེན་གྱི་ར་སྤྲོད་དུ་མཐོང་།

  

  

  ལོ་ཙཱ་བ། ཁོན་ཐར་འཚོ།