༄༅།།NBAའགྲན་དུས་གསར་པའི་འགྲན་ཚན་ཡོངས་བསྒྲགས་བྱས་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 08ཚེས་18ཉིན། 13:16】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། པེ་ཅིང་དུས་ཚོད་ཟླ་8ཚེས་15ཉིན། NBAགཞུང་ཕྱོགས་ཀྱིས་འགྲན་དུས་རྗེས་མའི་འགྲན་ཚན་ཆ་ཚང་ཡོངས་བསྒྲགས་བྱས་ཤིང་། ཟླ་10ཚེས་18ཉིན་ནས་འགོ་ཚུགས་ཏེ་སང་ལོའི་ཟླ་4ཚེས་12ཉིན་(དུས་ཚོད་ནི་པེ་ཅིང་དུས་ཚོད་ཡིན་པ)བར་འགྲན་བསྡུར་བྱ་རྒྱུ་རེད། དུས་མཇུག་འགྲན་བསྡུར་ནི་སང་ལོའི་ཟླ་4ཚེས་15ཉིན་ནས་འགོ་ཚུགས་རྒྱུ་ཡིན་པ་རེད།
འགྲན་ཚན་གཙོ་གྲས་ཀྱི་ཕྱོགས་ནས། འགོ་ཚུགས་འགྲན་བསྡུར་སྐབས་Houston Rocketsདང་Golden State Warriorsགཉིས་རྩེ་རྒྱུ་ཡིན་པ་དང་། Cleveland Cavaliersདང་Golden State Warriorsགཉིས་ཟླ་12ཚེས་25ཉིན་ལ་འགྲན་བསྡུར་བྱ་རྒྱུ་ཡིན་ལ། འགྲན་བསྡུར་ཐེངས་གཉིས་པ་ནི་སང་ལོའི་ཟླ་1ཚེས་16ཉིན་ཁི་ལེ་ཧྥེ་ལན་(Cleveland)གྲོང་ཁྱེར་དུ་བྱ་རྒྱུ་རེད། གཞན་ད་དུང་། L.A. Lakersདང་Philadelphia 76ersགཉིས་ཀྱི་འགྲན་བསྡུར་ནི་ཟླ་11ཚེས་16ཉིན་ལུའོ་སན་ཅེ་(Los Angeles)གྲོང་ཁྱེར་དུ་བྱེད་རྒྱུ་རེད།
གོང་གསལ་འགྲན་ཚན་ཁག་མ་གཏོགས། 2017ལོར་དོ་སྣང་བྱ་རིན་ཡོད་པའི་འགྲན་ཚན་བཅུ་ནི་གཤམ་གསལ་དུ། (རུ་ཁག་གཙོ་བོ་ནི་གཞུག་མ་ཡིན་པ།)
༡ ཟླ་10ཚེས་21ཉིན། Boston Celticsདང་Philadelphia 76ersརུ་ཁག་གཉིས།
༢ ཟླ་10ཚེས་27ཉིན། New Orleans Pelicansདང་Sacremento Kingsརུ་ཁག་གཉིས།
༣ ཟླ་10ཚེས་28ཉིན། Denver Nuggetsདང་Atlanta Hawksརུ་ཁག་གཉིས།
༤ ཟླ་11ཚེས་2ཉིན། Houston Rocketsདང་New York Knicksརུ་ཁག་གཉིས།
༥ ཟླ་11ཚེས་3ཉིན། Golden State Warriorsདང་San Antonio Spursརུ་ཁག་གཉིས།
༦ ཟླ་11ཚེས་23ཉིན། Oklahoma City Thunderདང་Golden State Warriorsརུ་ཁག་གཉིས།
༧ ཟླ་11ཚེས་30ཉིན། L.A. Lakersདང་Golden State Warriorsརུ་ཁག་གཉིས།
༨ ཟླ་12ཚེས་10ཉིན། Philadelphia 76ersདང་Cleveland Cavaliersརུ་ཁག་གཉིས།
༩ ཟླ་12ཚེས་15ཉིན། L.A. Lakersདང་Cleveland Cavaliersརུ་ཁག་གཉིས།
༡༠ ཟླ་12ཚེས་16ཉིན། San Antonio Spursདང་Houston Rocketsརུ་ཁག་གཉིས།