འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཙུང་ཐུང་འདེམས་བསྐོ་འོས་མིའི་རེ་སྐོར་གསུམ་པའམ་ཆེས་མཐའ་མཇུག་གི་གློག་
    བརྙན་རྩོད་གླེང་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིའི་ཙུང་ཐུང་འདེམས་བསྐོ་འོས་མིའི་རེ་སྐོར་གསུམ་པའམ་ཆེས་མཐའ་མཇུག་གི་གློག་
བརྙན་རྩོད་གླེང་མཇུག་བསྒྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་གྱི་དགོང་མོར། 2016ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་འོས་མིའི་རེ་སྐོར་གསུམ་པའམ་ཆེས་མཐའ་མཇུག་གི་གློག་བརྙན་རྩོད་གླེང་དེ་མངའ་སྡེ་ནའེ་ཏ་ཧྭ་ཡི་ལ་སི་ཝེ་ཀ་སི་ནས་དུས་ལྟར་སྤེལ་བ་རེད། སྤྱིར་ན་ཙུང་ཐུང་འདེམས་བསྐོ་འོས་མི་གཉིས་ཀྱི་རྩོད་གླེང་བརྗོད་བྱ་ནི་མི་དམངས་ཀྱིས་དོ་སྣང་བྱེད་པའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་འཛུགས་སྐྱོང་སོགས་ཀྱི་སྲིད་ཇུས་དང་རྩ་བའི་གནད་དོན་ཡིན་མོད། འོན་ཀྱང་། ཐེངས་འདིའི་རྩོད་གླེང་དུ། ཨ་རིའི་དམངས་གཙོ་ཏང་ཁག་དང་སྤྱི་མཐུན་ཏང་ཁག་གཉིས་ཀྱི་ཙུང་ཐུང་འདེམས་བསྐོ་འོས་མི་ཧི་ལ་རའེ་·ཏའེ་ཨེན་·རོ་ཏ་མོ་·ཁུ་ལིན་ཐོན་(Hillary Diane Rodham Clinton)དང་ཐོ་ནལ་ཏི་·ཇོན་·ཐི་རུམ་ཕི་(Donald John Trump)གཉིས་ཀྱིས་ཡང་བསྐྱར་དགོས་མེད་ཀྱི་ཁ་འཛིང་དང་ཕན་ཚུན་ལ་ངན་སྨོས་བྱས་པས། ཨ་རིའི་ཆབ་སྲིད་ཀྱི་སྐད་ཆའི་དམར་ཐིག་ལ་བརྒལ་བར་གྱུར་ནས་ཞེ་ལོག་གི་གླེང་ཕྱོགས་བྱུང་ཡོད་པ་རེད།
         དགོང་མོ་དེའི་རྩོད་གླེང་ཐོག་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་མོ་སུ་འདེམས་རྒྱུ་དང་། མངལ་འབྱིན་པ། མེ་མདའ་བཟུང་བ་སོགས་ཀྱི་སྐོར་ནས་འགོ་བརྩམས་ཤིང་། ཐི་རུམ་ཕི་དང་ཁུ་ལིན་ཐོན་གཉིས་ཁ་རྡེག་ཐུག་པར་གྱུར་ནས་རང་ཉིད་ཡོད་སའི་ཏང་ཁག་གི་འདུ་ཤེས་ནས་རང་ཉིད་ཀྱི་ལངས་ཕྱོགས་བརྗོད་ཡོད་ལ། རྩོད་གླེང་གི་རྣམ་པ་ཡང་ཧ་ཅང་གི་ནན་ཏན་དུ་གྱུར་པ་རེད། གཞན་ད་དུང་རེ་སྐོར་འདི་ནི་ཆེས་མཐའ་མཇུག་གི་རྩོད་གླེང་ཡིན་པས། ཙུང་ཐུང་འདེམས་བསྐོ་འོས་མི་གཉིས་ཀའི་ཡིད་སེམས་ལ་ངར་ཤུགས་ཀྱང་རབ་ཏུ་རྒྱས་ཡོད་པ་མ་ཟད། མཚམས་ལ་རེར་སྐད་ཆེན་པོས་རང་ཉིད་ཀྱི་ལྟ་ཚུལ་ལ་དག་འབུད་བྱེད་པའི་གནས་ཚུལ་ཡང་བྱུང་བ་རེད།
    ༄༅།།ཨ་རིའི་ཙུང་ཐུང་འདེམས་བསྐོ་འོས་མིའི་རེ་སྐོར་གསུམ་པའམ་ཆེས་མཐའ་མཇུག་གི་གློག་
བརྙན་རྩོད་གླེང་མཇུག་བསྒྲིལ་བ།
    ༄༅།།ཨ་རིའི་ཙུང་ཐུང་འདེམས་བསྐོ་འོས་མིའི་རེ་སྐོར་གསུམ་པའམ་ཆེས་མཐའ་མཇུག་གི་གློག་
བརྙན་རྩོད་གླེང་མཇུག་བསྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།