བོད་ཀྱི་ན་གཞོན་གླུ་བ་ཚེ་དབང་ཉི་མའི་རྐྱང་གཞས《ལྷན་འཛོམས》MVདྲ་ལམ་དུ་གཏོང་བ།

གླུ་བ་ཚེ་དབང་ཉི་མའི་རྐྱང་གཞས《ལྷན་འཛོམས》MVདྲ་ལམ་དུ་བཏང་།

གླུ་བ་ཚེ་དབང་ཉི་མ།

  བོད་ཀྱི་ན་གཞོན་གླུ་བ་ཚེ་དབང་ཉི་མའི་རྐྱང་གཞས《ལྷན་འཛོམས》ཞེས་པ་སྔ་མོ་ནས་དྲ་ལམ་དུ་བཏང་ཡོད་ཅིང་། ཉེ་ལམ། ཁོའི་རྐྱང་གཞས《ལྷན་འཛོམས》ཞེས་པའིMVཡང་དྲ་ལམ་སོ་སོ་རུ་གཏོང་འཆར་ཡོད་ཅིང་། དེ་ནི་ཚེ་དབང་ཉི་མ་པེ་ཅིང་སོགས་སུ་སོང་ནས་ཕྱིར་སླེབས་ཏེ་མཛེས་སྡུག་ལྡན་པའི་ཕ་ཡུལ་མཚོ་སྔོན་དང་གཉེན་ཉེ། གྲོགས་པོ་སོགས་དང་ལྷན་འཛོམས་བྱུང་སྟེ་དགའ་སྤྲོས་བརྟས་པའི་རྣམ་པ་དང་། མདོ་དབུས་མཐོ་སྒང་གི་བོད་རིགས་ཁྱིམ་ཚང་གི་བག་བྲོ་བའི་རྣམ་པ་སོགས་མངོན་ལ། སྒོས་སུ་པེ་ཅིང་སོགས་ཀྱི་ལམ་བར་དུ་རང་གི་ཕུགས་བསམ་དང་ཉིད་ཀྱི་རིག་གནས་སོགས་ལ་འབད་བརྩོན་བྱེད་པའི་ཕུ་ནུ་སྤུན་ཟླ་དག་གཉེན་ཉེ་དང་གྲོགས་པོ་ཚོ་དང་ལྷན་འཛོམས་ཡོང་བའི་བཀྲ་ཤིས་སྨོན་འདུན་མཚོན་ཡོད།

  《ལྷན་འཛོམས》ཞེས་པའིMVདྲ་གནས། http://v.youku.com/v_show/id_XNjkzNTY2ODYw.html