འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་9ཉིན།

༄༅༎ལས་བྲེལ་ག་ཚོད་ཆེ་ཡང་ཟས་སྟོན་ལ་ལྷན་དུ་འཛོམས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་09ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉེ་ཆར། ཧྥ་རན་སེའི་LA LISTEརྒྱལ་སྤྱིའི་ཟས་མཆོག་2020ལོའི་མིང་གྲལ་ཕ་རི་སིར་ཡོད་པའི་ཧྥ་རན་སེའི་ཕྱི་འབྲེལ་པུའུ་རུ་ཨང་རིམ་སྤྲོད་པའི་མཛད་སྒོ་འཚོཌ་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མིང་གྲལ་དུ་ཚུད་པའི་ཟ་ཁང་གིས་མཛད་སྒོ་འཚོག་སར་སྐུ་མགྲོན་ལ་ཟས་སྟོན་བཤམས་པ་རེད། LA LISTEརྒྱལ་སྤྱིའི་ཟས་མཆོག་2020ལོའི་མིང་གྲལ་ནི་2015ལོར་ཧྥ་རན་སེ་བས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། ད་ཆ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་190ཙམ་གྱི་ཟ་ཁང་ཁྲི་2ཙམ་མིང་གྲལ་གདམ་གསེས་ནང་ཞུགས་ཡོད། ཆེད་ལས་ཀྱི་ཟས་མཆོག་ལམ་སྟོན་700ལྷག་ཙམ་དང་དྲ་ཐོག་དམངས་ཚོགས་ཀྱི་གདེང་འཇོག་ལ་གཞིགས་པ་དང་། མིང་གྲལ་མདུན་གྱི་ཟ་ཁང་1000ལོ་འཁོར་རྗེས་མའི་གོ་ལ་ཧྲིལ་པོའི་ཟས་མཆོག་ཨང་རིམ་ནང་ཚུད་ཡོད།