འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་17ཉིན།

༄༅།།ནུས་ཆེའི་ཉི་ནུས་གློག་རྫས་ཞིབ་འཇུག་གསར་བཟོ་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲེ་ཅང་སློབ་ཆེན་རྫས་འགྱུར་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཝང་ཕེང་གི་དཔྱད་གཞི་ཚོགས་ཆུང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་Michael Gr·tzelདཔྱད་གཞི་ཚོགས་ཆུང་དང་མཉམ་ལས་བྱས་ཏེ་ཉི་ནུས་གློག་རྫས་ཞིབ་འཇུག་ཐད་འཕེལ་རིམ་གལ་ཆེན་བྱུང་ནས་ནུས་ཚད་གཞན་སྒྱུར་ནུས་པ་10%ཡི་ཉི་ནུས་གློག་རྫས་ཐོག་མར་ཞིབ་འཇུག་གསར་བཟོ་ཐུབ་ཡོད། ཞིབ་འཇུག་དེར་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་འཆར་གཞི་གལ་ཆེན་དང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་སོགས་རྣམ་གྲངས་ཀྱི་མ་དངུལ་རོགས་སྐྱོར་ཐོབ་ཡོད། གྲུབ་འབྲས་དེས་ཁ་ཤོག་ཆེད་རྩོམ་གྱི་རྣམ་པ་ནས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་དུས་དེབ་གཙོ་བོ《ཅའོ་འར》(Joule)ཐོག་བཏོན་པ་དང་འབྲེལ་ཐོན་སྐྱེད་བྱས་ནས་ཡོ་རོབ་མནའ་འབྲེལ་ཁྲོམ་རར་བཏོན་པ་དང་གློག་གཏོང་ནུས་པ་རིགས་གཅིག་པའི་ཐོན་རྫས་ལས་30%མཐོ་བ་ཡོད་པ་རེད།