འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར་12326བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཤའོ་ཡ་ཆིང་གིས་ཀྲུང་དབྱང་གི་ཁེ་ལས་དང་ས་གནས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བའི་ཚོགས་འདུའི་ཐོག་གསུངས་དོན། 2016ལོར་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་འཁོར་སྐྱོད་ཧྲིལ་པོ་སྔོན་དཔག་ལས་བརྒལ་ནས་བསྐྱར་གསོའི་ངང་འཕར་བཞིན་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་ལོའི་ལས་གཉེར་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་23.4ཟིན་ནས་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་12326.7ཟིན་པ་དེ་དུས་མཚུངས་ལས་0.5% འཕར་བ་དང་། སྲིད་ཇུས་རང་བཞིན་གྱི་རིན་གོང་བཅག་པ་དང་ཁེ་སྤོགས་ཉུང་འཕྲི་བྱས་པའི་རྒྱུ་རྐྱེན་ཕུད་དུས་མཚུངས་ལས་16.5%མང་དུ་སོང་སྟེ། ཁེ་སྤོགས་ཐོབ་པའི་ཁེ་ལས་96ཟིན་ནས་དཔྱ་ཁྲལ་སྒོར་དུང་ཕྱུར་ཁྲི་2.1འཇལ་ཡོད་པ་རེད།
            ཀྲུང་དབྱང་ཁེ་ལས་ཀྱི་མ་གནས་འགྲོ་གྲོན་རྒྱུན་མི་ཆད་པར་ཆག་བཞིན་ཡོད། 2016ལོར་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་འབབ་སྒོར་བརྒྱའི་ཁག་ཐེག་གི་མ་གནས་འགྲོ་གྲོན་དེ་དུས་མཚུངས་ལས་0.5%ཆག་ཅིང་། པའོ་ཝུའུ་ཚོགས་པ་དང་ཀྲུང་གོ་རྡོ་སོལ་ནུས་རྒྱུ་ཚོགས་པ་སོགས་ཁེ་ལས་14ཡི་མ་གནས་འགྲོ་གྲོན་དུས་མཚུངས་ལས་ཆག་ཚད་10%ལས་བརྒལ་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་འདེགས་ཤིང་དམའ་རུ་གཏོང་ཤུགས་ཆེ་རུ་དང་ཉེན་ཁར་དོ་དམ་ཚོད་འཛིན་བྱ་ཤུགས་ཆེ་རུ་བཏང་བས་2016ལོར་ཆ་སྙོམས་རྒྱུ་ནོར་གྱི་བུ་ལོན་ཟུགས་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1ཆག་པ་དང་། སྐྱེད་ཀ་གཏོང་སྤྲོད་དུས་མཚུངས་ལས་1.9%ཆག་ནས་དངུལ་བརྗེ་སྤྲོད་ལས་སྒོར་དུང་ཕྱུར་140.1ཁེ་བཟང་བྱུང་བ་དང་སྦྲགས། རྐང་འཛིན་ཁྲོམ་ར་དང་ཐོན་དབང་ཁྲོམ་རར་བརྟེན་ནས་རྐང་དབང་མ་དངུལ་མཉམ་འདྲེས་སྒོར་དུང་ཕྱུར་1976.2ཟིན་ནས་ཁེ་ལས་ཀྱི་མ་རྩའི་དངུལ་མང་དུ་སོང་ཡོད།
            ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་གཏོང་བ་དང་རྐུབ་བརྡིབས་པའི་ཁེ་ལས་ཐག་གཅོད་བྱ་རྒྱུ་ནི་ད་ཆའི་ཀྲུང་དབྱང་ཁེ་ལས་ཀྱི་ལས་འགན་གལ་ཆེན་གྲས་ཤིག་ཡིན་ཞིང་། 2016ལོར་ཀྲུང་དབྱང་ཁེ་ལས་ཀྱིས་ངར་ལྕགས་ཏུན་ཁྲི་1019ཡི་ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་བཏང་བ་དང་བཟོ་པ་མི་གྲངས་33126ཁག་བགོས་བྱས་ནས་བཀོད་སྒྲིག་བྱས་པ། རྡོ་སོལ་ཏུན་ཁྲི་3497གྱི་ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་བཏང་བ་དང་བཟོ་པ་མི་གྲངས་41945ཁག་བགོས་བྱས་ནས་བཀོད་སྒྲིག་བྱས་པ། “རྐུབ་བརྡིབས་པའི་ཁེ་ལས”དང་ལྷག་པར་དཀའ་ངལ་ཆེ་བའི་ཁེ་ལས་398བཀོད་སྒྲིག་དང་བཅོས་སྒྲིག་ལས་དོན་བསྒྲུབས་ནས་མི་ལྷག་མ་ཁྲི་11ལྷག་བཀོད་སྒྲིག་བྱས་ཤིང་། ཤའོ་ཡ་ཆིང་གིས་འདི་ལོར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་ཤུགས་མུ་མཐུད་ཆེ་རུ་དང་ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་བཏང་སྟེ་ཁེ་སྤོགས་ཐོབ་ནུས་ཆེ་རུ་བཏང་ཡོད། 2017ལོར་ཀྲུང་དབྱང་ཁེ་ལས་ཀྱིས་ངར་ལྕགས་ཏུན་ཁྲི་595ཡི་ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་གཏོང་རྒྱུ་དང་། རྡོ་སོལ་ཏུན་ཁྲི་2473གྱི་ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་བཏང་ནས་མདོག་ལྡན་ལྕགས་རིགས་དང་། གྲུ་གཟིངས་བཟོ་བ། སྣུམ་འཚག ཨར་སྐྲུན་རྒྱུ་ཆ་དང་གློག་ཤུགས་སོགས་ཀྱི་ཐོན་ནུས་ལྷག་མའི་ལས་རིགས་ཁྲོད་ཀྱི་ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་གཏོང་བའི་ལས་དོན་སྤེལ་རྒྱུ་མ་ཟད། 2017ལོར“རྐུབ་བརྡིབས་པའི་ཁེ་ལས”300ཐག་གཅོད་ཀྱི་ལས་འགན་བསྒྲུབ་རྒྱུ་དང་དཀའ་ངལ་ལྷག་པར་ཆེ་བའི་ཁེ་ལས་500ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།