གྲང་དབན་ཇོན་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་པ་དང་གསུང་བཤད་གནང་བ།

       ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་དེ་སྤྱི་ཟླ6པའི་ཚེས30ཉིན་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་གྲོང་ཁྱེར་དུ་སྐོང་འཚོགས་བྱས་ཡོད་པ་དང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་གྲང་དབན་ཇོན་གྱིས་ཚོགས་པའི་སྣེ་ཁྲིད་ནས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

  གྲང་དབན་ཇོན་གྱིས། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ནས་ཐོག་མཐའ་བར་གསུམ་དུ་ཧྲང་ཧད་ཡི་སྙིང་སྟོབས་ཞེས་པ་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ལྷག་བསམ་ཟོལ་མེད་ཀྱི་མཉམ་ལས་བྱེད་པ། མུ་མཐུད་ངན་པའི་སྟོབས་ཤུགས་གསུམ་ལ་རྡུང་རྡེག་ནན་པོ་གཏོང་རྒྱུར་རོགས་ལས་བྱས་ཏེ། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་མཉམ་སྐྲུན་བྱེད་པའི་ནང་ཐེ་ཞུགས་ཧུར་ཐག་བྱེད་པ་དང་། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཁག་གི་འགོག་སྲུང་ཚན་པའི་བར་རོགས་ལས་དེ་བས་ཟབ་པ་བྱས་ཏེ། སྒྲིག་འཛུགས་དེའི་འགོག་སྲུང་བདེ་འཇགས་མཉམ་ལས་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཏོན་གནང་ཡོད་པ་རེད།

  གྲོས་ཚོགས་ཐོག་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གི་མཉམ་འབྲེལ་སྤྱི་བསྒྲགས་ཞེས་པ་སོགས་ཀྱི་ཡིག་ཆར་མིང་རྟགས་བཀོད་ཡོད་པ་རེད།