ཀྲུང་གོའི་རིག་གནས་ཐོན་རྫས་འགྲེམ་སྟོན་བྱས་པ།

  ཐེངས་བརྒྱད་ལ་འཚོགས་པའི་རིག་གནས་ཕྱིར་མངོན་ཚོགས་པའི་ཚོང་ལས་མ་དངུལ་སྒོར་དུང་ཕྱུར735.75ལ་བུད་འདུག འགྲེམ་སྟོན་གྱི་རྒྱ་ཆེ་ཆུང་དང་རྒྱལ་སྤྱིའི་རང་བཞིན། ཚོང་ལས་ཀྱི་གྲུབ་འབྲས་སོགས་ལོ་རེར་ཇེ་མཐོར་སོང་སྟེ་མིང་དོན་མཚུངས་པའི་ཀྲུང་གོའི་རིག་གནས་ཐོན་རྫས་འགྲེམ་སྟོན་དང་ཀྲུང་གོའི་རིག་གནས་ཐོན་རྟགས་གྱི་གར་སྟེགས་སུ་གྲུབ་ཡོད་པ་རེད། དེ་བས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་འཛམ་གླིང་ཚོང་རའི་ནང་དུ་ཕྱོགས་པ་དང་། རིག་གནས་འགྲེམ་སྟོན་གྱིས་རིག་གནས་ཐོན་རྫས་འཛམ་གླིང་ལ་ཁྱབ་པར་བྱས་པ་རེད། འགྲེམ་སྟོན་གྱི་ལམ་ནས་ཕྱི་ཕྱོགས་ལ་རིག་གནས་ཚོང་གཉེར་བྱེད་པ་རང་རྒྱལ་གྱི་ཕྱི་ཕྱོགས་རིག་གནས་ཚོང་གཉེར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཆེད་ལས་ཀྱི་ཆ་ནས་སྣ་འཛོམས་རང་བཞིན་གྱི་རིག་གནས་ཐོན་རྫས་ཀྱི་འགྲེམ་སྟོན་དང་ཚོང་གཉེར་སྟེགས་བུས་ཀྲུང་གོའི་རིག་གནས་ཐོན་རྫས་མང་པོ་ཞིག་འཛམ་གླིང་རིག་ནས་འགྲེམ་སྟོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བསྒྱུར་བ་རེད། རིག་གནས་འགྲེམ་སྟོན་ཐེངས་གཉིས་པ་ནས་བཟུང་སྟེ་ཕྱི་ཕྱོགས་ནས་འགྲེམ་སྟོན་ལ་ཞུགས་མཁན་གདན་དྲངས་པ་དང་། སྔ་རྗེས་སུ་ཕྱི་ཕྱོགས་ཀྱི་མཉམ་འབྲེལ་རྩ་འཛུགས་ཉེར་དྲུག་ལ་ཆིངས་ཡིག་བྲིས་ཤིང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་གནས་ཉིས་བརྒྱ་ལྷག་ལ་ཁ་གཏད་དེ་ཚོང་འདྲེན་བྱེད་ཀྱིན་ཡོད། ལོ་བརྒྱད་ཀྱི་རིང་། རིག་གནས་འགྲེམ་སྟོན་ཚོགས་འདུས་ཕྱི་ཕྱོགས་ཚོང་ཉོ་མཁན་ཁྲི་བརྒྱད་ལྷག་འཛོམས་ཏེ་རིག་གནས་ཐོན་རྫས་འཛམ་གླིང་དུ་ཁྱབ་སྤེལ་དུ་གཏོང་བར་ཕན་ཆེན་པོ་བཏགས་པ་རེད། 1958ལོར་བཙུགས་པའི་ཀུའུ་གྲུ་འཁྲབ་རྩལ་ཚོགས་པ་ནི་རིག་གནས་འགྲེམ་སྟོན་ཚོགས་རའི་སྟེང་འཚར་ལོངས་བྱུང་བའི་དཔེ་མཚོན་གྱི་རིག་གནས་རྩ་འཛུགས་ཤིག་རེད། ཐེངས་གསུམ་པའི་རིག་གནས་འགྲེམ་སྟོན་སྟེང་། ཙུན་ཡས་འཁྲབ་རྩལ་ཚོགས་པས་འཁྲབ་སྟོན་རི་ཆུའི་བརྩེ་འདང་ཟེར་བ་འཁྲབ་སྟོན་བྱས་རྗེས་ཨ་རིའི་ཀྲུང་གོ་དང་ཨ་རིའི་རིག་གནས་རྒྱུད་སྤེལ་ཁྱབ་བསྒྲགས་ཀུང་ཟི་ལ་ཆིངས་ཡིག་བཞག་པ་དང་། དེའི་རྗེས་སུ་ཨོ་ཏ་ལེ་ཡ། ཁོ་རེ་ཡ་བྱང་མ་སོགས་ལ་གྲོས་བྱས་ཏེ་རྩིས་ཐོ་ལྔའི་ཆིངས་ཡིག་བཞག་པ་དང་སྤྱིའི་སྒོར་གྲངས་སྒོར་ཁྲི་དྲུག་བརྒྱ་ལྷག་ལ་བུད་འདུག སྐབས་བཞི་བའི་རིག་གནས་འགྲེམ་སྟོན་ཚོགས་རའི་སྟེང་ཨ་རི་དང་ཞི་པན་ཡ། ཁོ་རེ་ཡ་བྱང་མ་སོགས་ཚོང་གཉེར་བ་དག་ལ་ཆིངས་ཡིག་བཞག་པ་རེད། སྐབས་ལྔ་བའི་རིག་གནས་འགྲེམ་སྟོན་ཚོགས་རའི་སྟེང་རྒྱལ་ཕྱི་དང་རྒྱལ་ནང་གི་རོགས་སྐྱོར་པ་དག་ལ་ལས་གཞི་དྲུག་གི་ཆིངས་ཡིག་དང་། ཚོང་གཉེར་བྱས་ཏེ་དངུལ་ཐོབ་སྒོར་དུང་ཕྱུར་དྲུག་ལྷག་ལ་འཕར་འདུག ཆིངས་ཡིག་བཞག་རྗེས། ཙུན་ཡས་འཁྲབ་རྩལ་ཚོགས་པས་ཨོ་ཏ་ལེ་ཡ་དང་ཨ་མེ་རི་ཁ། ཧྥུན་ལན། ཁོ་རེ་ཡ། འཇར་པན་སོགས་རྒྱལ་ཁབ་མང་པོ་འཁྲབ་སྟོན་བྱས་ཤིང་། སྤྱི་ལོ2011ལོར་འཁྲབ་སྟོན་གྱི་བྱེད་ཐེངས་དང་རྒྱལ་ཕྱིར་སོང་སྟེ་འཁྲབ་སྟོན་བྱེད་ཚུལ་ལོ་རྒྱུས་སྟེང་ནས་ཆེས་མཐོན་པོར་སླེབས་འདུག འཁྲབ་སྟོན་བྱེད་ཐེངས་བསྡོམས་པའི་ཐེངས་སྟོང་ལྷག་ལ་བུད་པ་རེད། རིག་གནས་འགྲེམ་སྟོན་ལ་བརྟེན་ཏེ་ཙུན་ཡས་འཁྲབ་རྩལ་པས་ཕྱི་ཕྱོགས་ཀྱི་ཚོང་སྒོ་ཕྱེས་ཤིང་། འཁྲབ་སྟོན་གླིང་ལྔ་ཡི་རྒྱལ་ཁབ་དང་ས་གནས་དྲུག་ཅུ་རྩ་གསུམ་ཁོངས་སུ་འདུས་ཤིང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་བཟུང་བའི་འཛམ་གླིང་སྟེང་གི་འཁྲབ་རྩལ་པ་ལེགས་པོར་གྱུར་པ་རེད། ཐེན་ཅིན་གྱི་ཧྥུའུ་ཧྥུན་ཏ་ཀུང་ཟིའི་སྣ་འཛོམས་གློག་བརྙན་ཡང་རིག་གནས་འགྲེམ་སྟོན་ཚོགས་ར་བརྒྱུད་དེ་ཨ་རི་དང་། ཅཱ་ན་ཏ། ཡི་ཏ་ལི་སོགས་རྒྱལ་ཁབ་དང་ས་གནས་བཞི་བཅུ་སོགས་ལ་བཙོང་པ་དང་། ཡོ་རོབ་ནས་གློག་བརྙན་ཁང་དྲུག་ཅུ་ལྷག་བཙུགས་པ་རེད། ཧྲིན་ཀྲིན་གྱི་ཧྭ་ཆང་རིག་གནས་ཚོགས་པའི་ཤེས་བྱའི་ཁེ་དབང་འཛོམས་པའི་སྐྱེད་ཁ་གཙོ་བོ་ཧྥང་ཐི་སྤྲོ་སྐྱིད་གླིང་ཡང་རིག་གནས་འགྲེམ་སྟོན་བརྒྱུད་དེ་དབྱི་རག་དང་ཧྥེ་གླིང་ལ་ཁྱབ་པ་རེད། རིག་གནས་འགྲེམ་སྟོན་བརྒྱུད་དེ་མེན་ལྷོ་མའི་ཤོག་རིས་དང་། མཚོ་སྔོན་གྱི་ཐང་ག ཧྲི་ཧྲན་གྱི་རྡོ་བཟོ། སུའུ་ཀྲུའི་གཙག་དྲུབ། ཧྲིན་ཀྲིན་གྱི་གོས་སྲབ། ཕེན་ཧུའའི་ཤོག་འབྲུག་སོགས་ཤུལ་བཞག་རིག་གནས་ཀྱང་རྒྱལ་སྤྱིའི་སྟེང་དུ་ཁྱབ་པ་རེད། 2011ལོར། སྨི་གྲུ་བཞི་མ ཡོད་པའི་རིག་གནས་འགྲེམ་སྟོན་གྱི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ཆེད་བཤམས་ཁང་གི་ཁྲོད། རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞི་རེ་བདུན་དང་། ཞིང་ཆེན་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་བརྒྱ་དང་ཉེར་བཞི། ཧྲིན་ཀྲིན་གྱི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་གོས་སྲབ་དང་ཕེན་ཧུའི་ཤོག་འབྲུག་ཞབས་བྲོ་སོགས་ཀྱིས་ཕྱི་ཕྱོགས་སུ་རང་གི་ཁྱད་ཆོས་ལྡན་པའི་མཛེས་སྡུག་ངོམས་པ་རེད། ཧུའུ་ནན་ཧྲོ་ཡང་གི་རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ལག་བཟོས་མེ་ཏོག་སྔོན་མོ་འཇར་པན་གྱི་ཉོས་ཤིང་། མཚོ་སྔོན་གྱི་གཙག་དྲུབ་དང་ཅང་ཞིའི་ཤོག་སྦྲེལ་སོགས་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱང་རྒྱལ་སྤྱིའི་སྟེང་དུ་ཕྱིན་པ་རེད། ཀྲུང་གོའི་རིག་གནས་ཀྱིས་འཛམ་གླིང་སྟེང་ཤུགས་རྐྱེན་ཇི་འདྲ་ཐེབས་ཀྱིན་པའི་གནས་ཚུལ་ཉིས་སྟོང་བཅུ་གཉིས་ལོའི་རིག་གནས་འགྲེམ་སྤེལ་སྟེང་སྤེལ་བའི《2012ལོའི་ཕྱི་ཕྱོགས་རིག་གནས་ཁེ་ལས་ཀྱིས་མ་དངུལ་བཏང་བའི་བརྟག་དཔྱད་སྙན་ཞུ》ལྟར་ན། བརྒྱ་ཆའི་བརྒྱད་ཅུའི་ཕྱི་ཕྱོགས་ཁེ་ལས་དག་གིས་ཀྲུང་གོ་ནི་མ་འོངས་པའི་རིག་གནས་ཚོང་ར་ཡིན་པར་མོས་མཐུན་བྱུང་བ་དང་། ཀྲུང་གོའི་འཕེལ་རྒྱས་ལས་གཞིའི་འཆར་གཞིར་ཞུགས་གྲབས་ཡོད་ཟེར། ཧྲིན་ཀྲིན་དང་པེ་ཅིན། ཧྲང་ཧེ། ཞང་ཀང་སོགས་ནི་ཕྱོགས་རིག་གནས་ཁེ་ལས་ཀྱིས་བདམས་པའི་དམིགས་འབེན་གྱི་གྲོང་ཁྱེར་རེད། བརྟག་དཔྱད་བྱས་པ་ལྟར་ན། རིག་གནས་འགྲེམ་སྤེལ་ཚོགས་ར་རྒྱལ་ཕྱི་ན་མིང་གྲགས་ཆེ་ཞིང་བརྒྱ་ཆའི་ལྔ་བཅུའི་མིས་རིག་གནས་འགྲེམ་སྤེལ་ཚོགས་ར་ཐོས་མྱོང་ཟེར་ཞིང་རིག་གནས་འགྲེམ་སྤེལ་དེ་ཕྱི་ཕྱོགས་རིག་གནས་ཁེ་ལས་དང་ཀྲུང་གོའི་རིག་གནས་ཁེ་ལས་མཉམ་འབྲེལ་བྱེད་པའི་གར་སྟེགས་གཙོ་བོ་ཞིག་ཏུ་ངོས་བཟུང་ཡོད་པ་རེད། རྒྱལ་སྤྱིའི་ཉོ་ཚོང་ཚང་རིག་གནས་འགྲེམ་སྤེལ་སྟེང་སོང་སྟེ་རྒྱལ་ཁའི་ངང་ཕྱིར་སླེབས་སོང་། རིག་གནས་འགྲེམ་སྤེལ་ཚོགས་པས་ཀྲུང་གོའི་རིག་གནས་ཕྱི་ཕྱོགས་སུ་སྤེལ་བ་མ་ཟད་ཀྲུང་ཕྱིའི་རིག་གནས་ཁེ་ལས་བར་དུ་འབྲེལ་ཟམ་ལེགས་པོ་ཞིག་བཙུགས་སོང་། མིག་སྔར་རིག་གནས་འགྲེམ་སྤེལ་ཚོགས་རར་སྐྲ་སེར་མིག་སྔོན་གྱི་ཕྱི་གླིང་མགྲོན་པོ་ཧ་ཅང་མང་ཞིང་། རིག་གནས་འགྲེམ་སྤེལ་གྱི་རྒྱལ་སྤྱིའི་རིང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། 2010ལོར། རིག་གནས་འགྲེམ་སྤེལ་ཚོགས་པས་ཕྱི་ཕྱོགས་ལ་ཚོང་གཉེར་བྱས་པའི་དངུལ་གྲངས་སྒོར་དུང་ཕྱུར100ལྷག་ལ་བུད་པ་དང་། 2011ལོར་རྒྱལ་ཁབ་དང་ས་གནས89ཡི་འགྲེམ་སྟོན་ལ་ཞུགས་མཁན་མི་ཁྲི་བཅུ་གཉིས་རིག་གནས་འགྲེམ་སྤེལ་ཚོགས་ར་ཞུགས་པ་རེད། 2012ལོར་ཨ་རི་དང་ཡོ་རོབ་ཀྱི་དཔལ་འབྱོར་འཛའ་དྲག་ཆེ་བའི་གནས་ཚུལ་འོག རིག་གནས་འགྲེམ་སྤེལ་གྱི་རིག་གནས་ཐོན་རྫས་ཀྱི་ཚོང་གཉེར་དངུལ་སྒོར་དུང་ཕྱུར115.22ལ་འཕར་ཏེ་རྒྱལ་ཕྱིའི་ཆེད་ལས་ལྟ་རྟོག་པ་མི་ཁྲི13.17ལྷག་གི་གཟིགས་མོ་ཐོབ་པ་རེད། རྒྱལ་སྤྱིའི་རིག་གནས་ཁེ་ཚོང་དང་རྒྱལ་ནང་གི་རིག་གནས་འགྲེམ་སྟོན་པའི་བར་གྲོས་མོལ་འོངས་ཆེད་རིག་གནས་འགྲེམ་སྤེལ་ཚོགས་པས་འགྲེམ་སྟོན་དུ་ཞུགས་པའི་ཐོན་དངོས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་ལེགས་པོ་བྱས་ཤིང་། རྒྱལ་སྤྱིའི་ཚོང་རའི་ཁྲོད་ཀྲུང་གོའི་རིག་གནས་ཐོན་རྫས་ཀྱི་ཉོ་འཚོང་གནས་ཚུལ་ལ་བརྟག་དཔྱད་བྱས་པ་རེད། 2011ལོའི་རིག་གནས་འགྲེམ་སྤེལ་ཚོགས་རའི་སྟེང་ཨ་རག་ས་ཁུལ་གྱི་ཉོ་འཚོང་མཁན་ཁོ་ནའི་མ་དངུལ་ཡང་སྒོར་དུང་ཕྱུར18.46ལ་སླེབས་པ་དང་མེ་གླིང་བྱང་མ་དང་ཡོ་རོབ། ཨོ་གླིང་སོགས་ཀྱི་རྒྱལ་ཁབ་མང་བོའི་ཉོ་འཚོང་བ་དག་གིས་ཆེད་དུ་སྣུམ་བཟོའི་རི་མོ་དང་ལྡེབས་བཟོས་རི་མོ། ཁྱིམ་ཀྱི་མཛེས་ཆས་སོགས་མཁོ་སྤྲོད་བྱེད་པའི་ཧྲིན་ཀྲིན་ཞན་ཡོན་ལག་རྩལ་བཟོ་གྲྭར་ཉོ་འཚོང་གི་ཆིངས་ཡིག་རྩིས་གཞི་བཅུ་གསུམ་བཞག་པ་དང་། ཉོ་དངུལ་ཨ་སྒོར་ཁྲི2000ལྷག་ལ་སླེབས་འདུག ཧྲིན་ཀྲིན་ས་གནས་ཀྱི་རིག་གནས་ཁེ་ལས་ཀྱིས་རིག་གནས་འགྲེམ་སྤེལ་ཚོགས་པ་བརྒྱུད་དེ་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱི་ཕྱོགས་སུ་བསྐོར་བ་རེད། རིག་གནས་འགྲེམ་སྟོན་གྱི་སྒྱུ་རྩལ་རྒྱལ་སྤྱིར་ཁྱབ་སྤེལ་བྱེད་པར་ཡང་ཟམ་བཟང་བཙུགས་སོང་། ཐེངས་བཞི་ལ་འགྲེམ་སྟོན་དུ་ཞུགས་པའི་ཨུ་རུ་སུའི་རིག་གནས་འགྲེམ་སྟོན་ཚོགས་པའི་སྒྱུ་རྩལ་སློབ་གླིང་དང་རིག་གནས་འགྲེམ་སྟོན་ཚོགས་པས་ཡུན་རིང་བའི་མཉམ་འབྲེལ་ལམ་བུ་བཙུགས་སོང་། ལོར་ཨུ་རུ་སུའི་ལེ་པེན་སྒྱུ་རྩལ་སློབ་གླིང་གི་ཕུལ་བྱུང་དགེ་རྒན་གྱི་བརྩམས་ཆོས་འགྲེམ་སྟོན་ནི་རིག་གནས་འགྲེམ་སྟོན་གྱི་གཟི་བརྗིད་ཐེངས་ཤིག་རེད་ཅེས་བརྗོད་ཆོག་སྟེ། དེ་རུ་ཨུ་རུ་སུའི་སློབ་དཔོན་ཆེན་མོ་སོ་གཅིག་དང་རི་མོ་བའི་བརྩམས་ཆོས་ཡོད་ལ། ཨུ་རུ་སུའི་སྒྱུ་རྩལ་ཚན་རིག་སློབ་གླིང་གི་སློབ་དཔོན་ཡང་འདུག ཐེངས་དགུ་བའི་རིག་གནས་འགྲེམ་སྟོན་ཚོགས་རའི་སྟེང་དུའང་ཐེངས་འདིའི་འགྲེམ་སྟོན་མངོན་བཞིན་ཡོད། ཉེ་ལམ། ཀྲུང་གོའི་རིག་གནས་ཐོན་རྫས་རིག་གནས་འགྲེམ་སྟོན་ཚོགས་པའི་སྒུལ་ཤུགས་འོག འཕེལ་རྒྱས་དང་ཡར་རྒྱས་སུ་འགྲོ་བཞིན་ཡོད་ལ། ཀྲུང་གོའི་རིག་གནས་ཐོན་རྫས་ཀྱི་གྲུབ་འབྲས་ཀྱང་གཅིག་སྡུད་དང་། འགྲེམ་སྟོན་བྱས་ཏེ་རྒྱལ་སྤྱིའི་ལམ་བུ་ཁ་ཕྱོགས་ཏེ་རིག་གནས་འགྲེམ་སྟོན་བྱེད་ཐེངས་རེར་མི་གྲངས་ཁྲི་ཕྲག་མང་པོའི་ལྟད་མོ་བ་འགུགས་བཞིན་ཡོད་པ་རེད། རིག་གནས་འགྲེམ་སྟོན་གྱི་རྗེས་སུ་བྲེལ་འཚུབ་ཆེ་བའི་རྒྱལ་སྤྱིའི་ཉོ་མཁན་དག་གིས་ཀྲུང་གོ་ལ་མཉམ་འབྲེམ་གྱི་ལམ་རིན་འཐེན་ཞིང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཐོན་རྫས་རྒྱ་ཆེ་བའི་ཕྱི་ཕྱོགས་ཚོང་རའི་ནང་དུ་བཀྲམ་གྱིན་ཡོད། ཀྲུང་གོའི་རིག་གནས་ཀྱིས་འཛམ་གླིང་ལ་བཞག་པའི་བག་ཆགས་ཇེ་མཐུག་ནས་ཇེ་མཐུག་དང་ཕྱི་ཕྱོགས་ཀྱི་ཉོ་མཁན་དག་གིས་ཀྱང་ཀྲུང་གོའི་རིག་གནས་ལ་དང་ལེན་བྱས་པ་ཉིན་རེ་ནས་ཇེ་ལེགས་དང་རིག་གནས་འགྲེམ་སྟོན་ཚོགས་པའི་ཚོང་རྟགས་ཀྱང་ཁྱབ་རྒྱར་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་རག་གི་དཔལ་འབྱོར་མཉམ་འབྲེལ་འགོ་གཙོ Adelཡིས་བཤད་དོན། རིག་གནས་འགྲེམ་སྟོན་ཚོགས་པ་ནི་གཞི་རྒྱ་དང་ནུས་ཚད་ཐད་ཚད་ལྡན་ཡིན་པ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་རིག་གནས་ཀྱི་འབྲེལ་མཚམས་ཤིག་ཡིན་པ་དང་། འདི་དག་བརྒྱུད་དེ་རྒྱལ་སྤྱི་ཉོ་འཚོང་བ་དག་གི་ཀྲུང་གོའི་རིག་གནས་ཀྱི་ནང་སྙིང་ཟིན་པ་མ་ཟད་ཀྲུང་གོའི་རིག་གནས་ཀྱང་འཛམ་གླིང་གི་གོམ་སྟེགས་གསར་བ་ཞིག་ཏུ་བུད་པ་རེད། ཨ་རིའི་ བརྙན་འཕྲིན་དྲ་འབྲེལ་གྱི་འགོ་གཙོ་གཞོན་པ་ཟོན་ཐེ་ཆོན་གྱིས་ཨ་རིའི་སློབ་གྲྭ་ལ་ལའི་སྐད་རིགས་གཉིས་པ་ནི་ཟི་པན་ཞ་ཡིན་ལ། ད་ལྟ་རྒྱ་ཡིག་རེད་ཟེར་གྱིན་ཡོད།