ཤང་ཀང་གི་དྲག་སྤྱོད་པས་ནང་སའི་གསར་འགོད་པར་ཉེས་རྡུང་བཏང་བ།

རྩོམ་པ་པོ།   དུས་ཚོད།   2019-08-15   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                 སྤྱི་ཚེས་13ཉིན་གྱི་དགོང་མོར། འཛམ་གླིང་དྲ་བའི་གསར་འགོད་པ་ཧྥུའུ་གོ་ཧའོ་ཤང་ཀང་གནམ་ཐང་ནས་ཁྲིམས་འགལ་ངང་བཀག་ཉར་བྱས་པ་མ་ཟད་ཉེས་རྡུང་ཚབས་ཆེན་བྱས་ཡོད།

 ཁོ་རང་སྐྱོབ་པའི་སྐབས་སུ། ཧྥུའུ་གོ་ཧའོ་ཡིས་ I love HK ཞེས་བརྗོད་ཡོད།  

                  གདུག་རྩུབ་ཅན་གྱི་དྲག་སྤྱོད་པའི་མདུན་ནས་ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར།“ངས་ཤང་ཀང་གི་ཉེན་རྟོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁྱེད་ཚོས་ང་ལ་གཅར་ཆོག”ཅེས་བརྗོད་ཡོད།

             པེ་ཅིང་གི་དུས་ཚོད་ཀྱི་སྤྱི་ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་0དང་སྐར་མ་20ཙམ་ལ། ཤང་ཀང་ཉེན་རྟོག་རུ་ཁག་གིས་ཁོ་རང་བསྐྱབས་ཡོད།

              ཧྥུའུ་གོ་ཧའོ་སྐྱོབ་པའི་སྐབས་སུ་འདེགས་སྒྲོམ་སྟེང་དུ་ཉལ་ཞིང་མགོ་ནས་ཁྲག་བཞུར་བཞིན་ཡོད། དེ་འདྲའི་ཉེན་ཁ་ཆེ་ནའང་ཁོས་སྔར་བཞིན་སྤོབས་སེམས་མི་ཉམས་པར། འདེགས་སྒྲོམ་སྟེང་ནས།  “I love Hong Kong Kong ཐུགས་རྗེ་ཆེ། thank you ”ཞེས་བརྗོད་པ་རེད།

              དྲག་སྤྱོད་པ་ཚོས་མཐོང་བྱུང་ངམ། ཁྱེད་ཚོས་ཁོ་ལ་བརྙས་བཅོས་ཚད་མེད་བྱས་ཀྱང་། ཁོ་རང་སྔར་བཞིན་ཁྱེད་ཚོ་ལས་དཔའ་སྤོབས་ཆེ།

ཧྥུའུ་གོ་ཧའོ་ད་ལྟ་བདེ་འཇགས་ཡིན།

              འཛམ་གླིང་སྐབས་དོན་ཚགས་པར་ཁང་གིས་གནས་ཚུལ་གསར་པ་སྤེལ་བ་ལྟར་ན། ཧྥུའུ་གོ་ཧའོ་ད་ལྟ་བདེ་འཇགས་ཡིན་པ་རེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།