ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀྲུང་གོ་དང་ཨ་རིའི་མིག་མངས་ལྷ་སར་མཇལ་འཕྲད་བྱུང་།

སྤེལ་དུས 2018-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཟླ་5པའི་ལྷ་ས་ནི་ཏག་ཏག་དཔྱིད་ཀར་སླེབས།  མཚམས་ལར་མཚན་མོར་ཆར་བ་འབབ་ཅིང་རི་རྩེ་རིམ་གྱིས་ལྗང་ཁུར་གྱུར།  རྩི་ཤིང་དལ་གྱིས་འཚར་ལོངས་བྱུང་། གྲོང་ཁྱེར་འདིའི་ཡུལ་སྐོར་བ་མང་བའི་དུས་ཚིགས་ལ་སླེབས་ལ་ཉེ་བས། ཡུལ་སྐོར་བ་མང་ཆེ་བས་ཁྱིམ་དུ“ས་མཐོའི་ཡུལ་སྐོར”ལ་རེ་སྒུག་བྱེད་བཞིན་ཡོད། སྐབས་འདིར་ཨན་ཏིར་འབོད་པའི་ཨ་རི་བ་ཞིག་ལྷ་སའི་བར་སྐོར་དུ་སླེབས།
ཧྲང་ཐའོ་དང་ཨན་ཏི་གཉིས་ཀྱི་དྲན་རྟེན་འདྲ་པར་བསྐྱོན།
             ཨན་ཏི་ནི་ཨ་རིའི་ཝེ་ཆི་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན། དེ་སྔོན་ཨ་རིའི་ཧ་ཧྥུ་སློབ་ཆེན་དུ་མིག་མངས་བུམ་པའི་ ཝེ་ཆི་མིག་མངས་འགྲན་བསྡུར་གཉེར་མྱོང་། ཀྲུང་གོའི་རིག་གནས་དང་ལྷག་པར་དུ་ ཝེ་ཆི་མིག་མངས་རིག་གནས་ལ་ཤེས་རྟོགས་གཏིང་ཟབ་བྱུང་ཡོད། ཀྲུང་གོའི་ཝེ་ཆི་མིག་མངས་ལས་རིགས་ཀྱི་མི་སྣ་མང་པོ་དང་གྲོགས་པོ་ཡིན། ཨན་ཏིའི་གྲོགས་པོ། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཧྭན་ཏུང་གིས་ཨན་ཏིས་རྒྱ་སྐད་དེ་འདྲ་མི་རྟོགས་པ་དང་ས་མཐོར་མི་འཕྲོད་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས། ཆེད་དུ་ལྷ་སའི་མིག་མངས་ཀྱི་གྲོགས་པོ། བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲང་ཐའོ་ལ་ཁ་པར་བཏང་ནས།  ཞི་བདེ་རྒྱ་མཚོའི་ཕ་རོལ་ནས་སླེབས་པའི་གྲོགས་པོར་སྣེ་ལེན་བྱ་དགོས་པ་མངགས་བཅོལ་བྱས།
             གནམ་འོག་གི་མིག་མངས་ཀྱི་གྲོགས་པོ་ནི་ཁྱིམ་ཚང་གཅིག་གི་མི་ཡིན། ཧྲང་ཐོས་ལོ་དུ་མའི་རིང་བོད་ལྗོངས་ཀྱི་ཝེ་ཆི་མིག་མངས་ཀྱི་ཨང་དང་པོ་བླངས་ཡོད། ལྷ་སར་སྤྲོ་སེམས་འཁོལ་བའི་རྒྱལ་ཡོངས་ས་གནས་ཁག་གི་ཝེ་ཆི་མིག་མངས་ལས་རིགས་ཀྱི་གྲོགས་པོ་སྣེ་ལེན་བྱས། དཔེར་ན་ཉེ་ཝེ་ཕེན་དང་ཅཱང་ཐའོ་ཅིག་སོགས། འོན་ཀྱང་ཨ་རིའི་ཝེ་ཆི་མིག་མངས་ཀྱི་གྲོགས་པོ་སྣེ་ལེན་བྱས་པ་ཐེངས་དང་པོ་ཡིན། དེ་བས་བོད་ལྗོངས་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོན་ཡོན་སྐད་སྒྱུར་བྱེད་པར་གདན་ཞུ་གནང་། དུས་མཚུངས་སུ་ཁྱིམ་དུ་ཆང་ཟས་གྲ་སྒྲིག་གང་ལེགས་དང་རང་ཉིད་ཀྱིས་དངོས་སུ་ཁ་ལག་བཟོས་ནས་ཨན་ཏི་ཁྱིམ་དུ་ཕེབས་པར་དགའ་བསུ་ཞུས།
ཧྲང་ཐའོ་དང་ཨན་ཏིས་ཝེ་ཆི་མིག་མངས་རྩེ་བཞིན་པ།
             ཧྲང་ཐའོ་ཡིས་རང་ཁྱིམ་གྱི་སྒོ་ཁར་ཨན་ཏིར་དར་དཀར་ཁ་བཏགས་ཕུལ་ནས་སྣེ་ལེན་བྱས་པས་ཨན་ཏི་ཧ་ཅང་དགའ་པོ་བྱུང་། འདི་ནི་གུས་ལུགས་ཧ་ཅང་ཡག་པའི་མཛད་སྒོ་ཞིག་རེད་ཅེས་བསྔགས་བརྗོད་བྱེད།  སྟབས་བདེའི་འཚམས་འདྲི་བྱས་རྗེས་ཁོ་གཉིས་ཀྱིས་སྒྲོག་རྩེ་མདུན་དུ་བསྡད་ནས་མིག་མངས་རྩེད། ཨན་ཏིའི་ཝེ་ཆི་མིག་མངས་ནི་ལས་ཞོར་རིམ་པ་གསུམ་པའི་ཆུ་ཚད་རེད།  ཧྲང་ཐའོ་ནི་ནུས་སྟོབས་ཅུང་ཆེ་བའི་རིམ་པ་ལྔ་པ་ཡིན། མིག་མངས་རྩེད་ཐེངས་གཅིག་མགྱོགས་མྱུར་གྱིས་མཇུག་སྒྲིལ། མིག་མངས་ཕམ་པའི་རྗེས་ཀྱི་ཨན་ཏེར་བསམ་དོགས་སྤུ་ཙམ་མེད་པར་དགའ་སྤྲོའི་ངང་ཀུ་རེའི་ཚུལ་དུ་བརྗོད་རྒྱུར“འདི་ནི་ཁྱེད་ཀྱི་འགྲན་ར་རེད་ང་ཁྱེད་ལས་རྒྱལ་མི་ཆོག”
             ཨན་ཏིས་ཟ་ཐུར་བེད་སྤྱོད་གཏོང་ཤེས་ཡོད། ཁོས་ཡུལ་སྐོར་བ་རྣམས་ཟ་རྒྱུར་མི་དགའ་བ་དང་ས་གནས་དེ་གའི་མི་རྣམས་ཧ་ཅང་དགའ་བའི་ཚལ་ཟས་ལ་མྱོང་རོལ་བྱ་འདོད་ཆེ་ཟེར་བས།  ཧྲང་ཐའོ་དགེ་རྒན་གྱིས་ཁོ་ལ་ཟོག་ཤ་རློན་བསྙལ་དང་ཁྲག་རྒྱུ་སོགས་སྲོལ་རྒྱུན་གྱི་ཞིམ་ཟས། ཆང་དམར་བཅས་གྲ་སྒྲིག་བྱས་ཡོད། ཨན་ཏིའི་གཟུགས་པོའི་རིང་ཚད་སྨི་1.9ལྷག་དང་། ལྗིད་ཚད་རྒྱ་མ་200ཡོད་མོད། ས་མཐོར་མི་འཕྲོད་པ་མེད། སྤྲོ་སེམས་འཁོལ་བའི་ངང་ཆང་ཕོར་ཡང་ཡང་བཀྱག་ཏེ་བཀའ་དྲིན་ཞུས།
             ཟས་ཆང་གིས་ངོམས་རྗེས།  ཨ་རིའི་རྒན་པོ་ཨན་ཏིས་ཡིད་སེམས་ལྷོད་པོས་གླུ་གཞས་《Take Me Home Country Roads》(《གྲོང་གསེབ་ཀྱི་ལམ་ཕྲན་ང་རང་ཡུལ་དུ་ཁྲིད་ཅིག》ཨ་རིའི་སྐད་གྲགས་ཆེ་བའི་གྲོང་གསེབ་ཀྱི་གླུ་བ་གཡོད་ཧན་ཏན་ཧྥོས་གསར་རྩོམ་དང་བླངས་པ་ཡིན།)བཏང་།  གཞི་མགྲོན་ཀུན་གྱི་ཡིད་སེམས་འཕྲོག  ཨན་ཏིས་ངའི་ཨ་ཕ་ནི་གཞས་གླུ་འདི་ལེན་མཁན་ཨ་རིའི་གྲོང་གསེབ་ཀྱི་གཞས་པ་སྐད་གྲགས་ཅན་གཡོད་ཧན་ཏན་ཧྥོ་ཡི་རོལ་དབྱངས་པར་སྐྲུན་མཁན་བྱས་མྱོང་ཟེར།།
ཧྲང་ཐའོ་ཡིས་ཨན་ཏིར་བོད་ཀྱི་མིག་མངས་ངོ་སྤྲོད་བྱས།
             ཁ་ལག་ཟས་རྗེས་ཧྲང་ཐའོ་ཡིས་མེ་ཐབ་ཀྱི་འོད་ལ་བརྟེན་ནས། ཨན་ཏིར་བོད་ཀྱི་སྲོལ་རྒྱུན་གྱི་མིག་མངས་ཆེན་པོ་མིག་མང་དང་དགུ་འགྱིག་རིགས་གཉིས་ཀྱི་རྩེད་ཚུལ་དང་སྒྲིག་སྲོལ་ངོ་སྤྲོད་བྱས་པ་མ་ཟད།  ལག་ལེན་དངོས་ཀྱི་ཐོག་ནས་མཛུབ་སྟོན་བྱས། ཨན་ཏིས་སྤྲོ་བ་ཆེན་པོ་བྱེད། རང་ཉིད་ཀྱི་ཁ་པར་དུ་བོད་ཀྱི་མིག་མངས་ཀྱི་དབྱིན་ཡིག་གི་ངོ་སྤྲོད་ཡིག་ཆར་བལྟ་ཀློག་བྱེད། ཧྲང་ཐའོ་ཡིས་ངོ་སྤྲོད་བྱས་པའི་བོད་ཀྱི་མིག་མངས་ཀྱི་དཔྱད་ཡིག་ལ་ཁ་གསབ་དང་ཕན་ཚུན་ར་སྤྲོད་བྱས། ཨན་ཏེས་བརྗོད་རྒྱུར་ཐེངས་འདིའི་འགྲུལ་བཞུད་ལ་བསམ་ཡུལ་འདས་པའི་གྲུབ་འབྲས་ཐོབ། བོད་ཀྱི་མིག་མངས་ལ་ཤེས་རྟོགས་བྱ་ཆེད་ཁོ་ད་དུང་བོད་དུ་སླེབས་འདོད་ཡོད། ཨན་ཏིས་ཕྱིར་ལོག་ཁར་དགེ་རྒན་ཧྲང་ཐའོ་ད་ལོར་ཨ་མེ་རི་ཁའི་ཝེ་ཆི་མིག་མངས་འགྲན་བསྡུར་ལ་གདན་འདྲེན་ཞུས།  ཡིད་ཕམ་པ་ཞིག་ལ་ཧྲང་ཐའོ་ལས་དོན་གཞན་གྱིས་ད་ལོའི་འགྲན་བསྡུར་ལ་ཞུགས་ཐབས་མེད།