ཧུང་ཡོན་རྫོང་ཨ་མོ་ཡུལ་ཚོས་ཁྲིམས་སྐྱོང་དྲིལ་སྒྲོག་གི་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-07-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   འཛད་སྤྱོད་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་། ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་སྔར་ལས་ཇེ་ཟབ་དང་། ཚོང་ཁང་གཉེར་སྐྱོང་བྱེད་མཁན་གྱི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར། ཧུང་ཡོན་རྫོང་ཨ་མོ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་ཚོའི་མངགས་གཏོང་ཁང་དང་ཁྲིམས་འཛིན་སུའོ་གཉིས་རྩ་འཛུགས་བྱས་ཏེ། བཅའ་ཁྲིམས་ཚོང་རར་སྤེལ་བ་ཞེས་པའི་ཁྲིམས་སྐྱོང་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་བས། ཚོང་ཁང་གཉེར་སྐྱོང་མཁན་དང་རྒྱ་ཆེའི་འཛད་སྤྱོད་པས་བསྔགས་བརྗོད་བྱས།

          ཁྲིམས་སྐྱོང་དྲིལ་སྒྲོག་གི་བྱེད་སྒོའི་ཡུལ་དངོས་ནས་དྲིལ་སྒྲོག་དཔྱད་ཡིག་སྤྲད་པ་དང་དོགས་གཞིར་ལན་བཏབ་ཡོད། ཚོང་ཁང་གཉེར་སྐྱོང་མཁན་དང་འཛད་སྤྱོད་པར《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང་། 《ཐོན་རྫས་སྤུས་ཚད་སྐོར་གྱི་བཅའ་ཁྲིམས། 》《ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ཏེ། འཛད་སྤྱོད་པས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་པ་དང་། ཚོང་ཁང་གཉེར་སྐྱོང་པས་ཁྲིམས་ལྟར་ཚོང་ཁང་གཉེར་སྐྱོང་དང་ཡིད་རྟོན་ཞབས་ཞུ་བསྒྲུབས་ཏེ་འཛད་སྤྱོད་པའི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་འབོད་སྐུལ་བྱས། གཞན་ཡང་བྱེད་སྒོའི་ཡུལ་དངོས་ནས་ཚོང་ཁང་དང་མང་ཚོགས་ལ་དྲིལ་སྒྲོག་ཀློག་དེབ་100ལྷག་སྤྲད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།