མདུན་ཤོག- སློབ་གསོ།- དྲ་བསྟེན་སློབ་གསོ།- རྩིས་འཁོར་སློབ་པ།

སྒེའུ་ཁུང་ངོས་ཀྱི་དཀར་ཆགས་བོད་ཡིག་གིས་འབྲི་སྟངས།

གངས་རྡེའུས་བསྒྲིགས།    2010-12-08 16:51

   ད་སྐབས་རྩིས་འཁོར་གང་ལ་བལྟས་ཀྱང་རང་ཉིད་ཀྱིས་རྒྱ་ཡིག་དང་ཡང་ན་དབྱིན་ཡིག་ཅུང་མ་ཤེས་ཚེ་བེད་སྤྱོད་མེད་པ་ལྟ་བུའི་ཚོར་བ་ཞིག་བོད་མི་རྣམས་ལ་རང་ཤུགས་ཀྱིས་སྟེར་ངེས་ཡིན། དེའི་ཕྱིར་རྒྱ་ཡིག་དང་དབྱིན་ཡིག་མ་ཤེས་ཚེ་རང་ཉིད་ལྐུག་པ་ཞིག་ཡིན་པས་བོད་ཡིག་ཅི་ཙམ་ཤེས་ཀྱང་སྐད་ཡིག་གཞན་ཞིག་མ་ཤེས་ཚེ་ལྐུག་པར་རྩི་བའི་འདུ་ཤེས་འདིས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལའང་ཆད་གསོད་དང་ཡང་ན་རིན་ཐང་མེད་པར་བརྩི་བཞིན་པ་ནི་གླེན་རྟགས་ཁོ་ན་རེད།   སྤྱིར་ན་ང་ཚོ་ལ་དེ་ལྟ་བུའི་དཀའ་ངལ་ཞིག་ཀྱང་འཕྲད་བཞིན་ཡོད་མོད།  དེ་ནི་ད་ལྟ་ཧི་གཟུགས་དང་སྨོན་ལམ་ལྟ་བུ་རྒྱལ་སྤྱིའི་ཨང་རྟགས་Unicode འདི་བཟོས་པ་ནས་བཟུང་ང་ཚོའི་སྐད་ཡིག་ལ་རྩིས་འཁོར་ནང་རམ་དེགས་མི་དམན་པ་བྱས་ཡོད། ད་ལྟ་ཁྱོད་ཀྱི་རྩིས་འཁོར་ནང་གི་དྲ་རྒྱ་དང་འཕྲིན་གཏོང་སོགས་གང་མང་ལ་བོད་ཡིག་སྤྱོད་ཐུབ་པ་མ་ཟད། ད་དུང་སྐར་ཁུང་དང་སྒམ་འདྲ་པར་དང་ཡིག་རིགས་གང་ལའང་དཀའ་ངལ་མེད་པར་བོད་ཡིག་གི་སྒོ་ནས་མིང་འབྲི་ཐུབ། དེལ་བརྟེན་ནས་བོད་ཡིག་གི་སྒོ་ནས་བེད་སྤྱོད་མི་དམན་པ་གཏོང་ཐུབ་ཡོད།  དེའི་ཕྱིར་རྒྱལ་ཁབ་མང་བོ་ཞིག་གིས་རང་གི་སྐད་ཡིག་དེ་སྒེའུ་Windows་ནང་སྒྲིག་ཐུབ་མེད་ཀྱང་རྒྱལ་སྤྱིའི་ཨང་རྟགས་ནང་ཚུད་པ་ནས་བཟུང་   སྤྱོད་སྒོ་ཆེན་པོའི་སྒོ་ནས་བེད་སྤྱོད་བྱེད་བཞིན་པ་ནི་ང་ཚོ་བོད་གཅིག་པུ་མ་ཡིན་པར་སྟོབས་ཆེན་རྒྱལ་ཁབ་ནང་དུའང་ཡོད་པ་འདིས་ང་ཚོ་ལ་ཤེས་བྱ་གསར་བ་ཞིག་དང་བློ་སྤོབས་གསར་བ་ཞིག་གི་བློ་སྒོ་ཕྱེས་ཡོད། གཤམ་ནས་ངས་རེ་རེ་བཞིན་ངོ་སྤྱོད་ཐུང་ཐུང་ཞིག་བྱེད།

རྩིས་འཁོར་ངོས་སུ་བོད་ཡིག་སྒྲིག་སྟངས།

སྤྱིར་ན་ཧི་གཟིགས་ཡང་སྒེའུ་ཁུང་ངོས་སུ་སྒྲིག་ཐུབ་ཀྱང་། འདིསྨོན་ལམ་བོད་ཡིག་ལ་དེ་ལས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་སྨོན་ལམ་བོད་ཡིག་འདི་ཉིད་སྒེའུ་ཁུང་ངོས་སུ་བཞག་ཚེ་ཆེ་ཆུང་ཡིག་རིགས་གཞན་དང་རན་པ་མ་ཟད་མིག་ལ་ཧ་ཅང་བདེ་ཞིང་མཛེས་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད།

   ཐོག་མའི་ཆ་རྐྱེན་གཙོ་བོ་ནི་སྐུ་ཉིད་ཀྱིས་འདྲ་པར་འདི་དག་གོ་རིམ་ལྟར་མ་ནོར་བར་སྒྲིག་རྒྱུ་དེ་ཡིན། སྒེའུ་ཁུང་གསར་བ་ Windows vista དང་འཚམས་པར་སྒྲིག་ཡོད་ཀྱང་ Windows Xp དང་ Windows 7 རྒྱ་ཡིག་གི་སྒེའུ་ཁུང་སོགས་གང་ཡིན་ན་ཡང་སྒྲིག་སྟངས་གཅིག་དང་གཅིག་ཡིན་ན་ཡང་། ཡི་གེ་འདི་དག་ངོས་འཛིན་བྱས་ཟིན་ན་དཀའ་ཁག་དེ་ཙམ་མེད་པས་དགོངས་འཇགས་ཡོད་པ་ཞུ།།  

   ཐོག་མར་ཁྱོད་ཀྱིས་Windows Color and Appearance འདིའི་སྒོ་ཕྱེ་ནས་པར་གཉིས་པའི་སྟེང་གི་ Open classic appearance properties for more color options ཞེས་པ་འདིར་ནོན། སྐུ་ཉིད་ཀྱིས་པར་གཞི་འདི་ལྟར་གོ་རིམ་མ་འཆུགས་པར་རིམ་པ་བཞིན་སྒྲིག་དང་  ཁྱོད་ཀྱི་སྐར་ཁུང་ཡོངས་སུ་རྫོགས་པར་བོད་ཡིག་གི་མིང་འདོག་བྱེད་ཐུབ་ཡོད། སྐུ་ཉིད་ཀྱིས་ཐོག་མར་ Item: ཟེར་བ་འདིར་ Icon དང་འོག་གི་ Font: ཞེས་པ་འདིར་ Monlam Uni Sans Serif གཉིས་ཐོག་མར་འདམས་དགོས་པ་དང་། ཐད་ཀྱི་ Size: ཟེར་བ་འདིར་ཨང་གྲངས་ 10 དང་ཡང་ན་ 9 ཡང་ན་ 8 གང་རུང་འདེམས་རོགས་ཞུ། འདི་དག་ཐོག་མར་འདམས་རྗེས་འོག་མ་དག་རིམ་བཞིན་འདམས་དགོས་ཡོད།

   དེ་ནས་ Item: ཟེར་བ་འདིར་རིམ་པ་བཞིན་དུ་འདི་དག Active Title Bar དང་ Desktop དང་ Icon འདི་ཐོག་མར་འདམས་ཟིན་པས་མ་འདམས་ཀྱང་ཆོག Inactive Window Border དང་ Menu དང་ Message Box དང་ Palette Title སོགས་ཡོངས་རྫོགས་འདམས་ཚར་རྗེས་ རིམ་པ་བཞིན་དུ་ok དང་Apply དེ་ནས་ok སོགས་ཁོ་རང་གི་གོ་རིམ་ལྟར་བྱེད་དགོས། དེ་ནས་རིམ་བཞིན་བོད་ཡིག་སྒེའུ་ཁུང་དང་ངོ་གདོང་སོགས་སུ་འཇོག་ཐུབ་ཡོད་པས་དགོངས་འཇགས་ཡོད་པར་ཞུ།། །།