སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨེད་ཛི་ནད། ༡
སྤེལ་དུས། 2014-04-08   ཡོང་ཁུངས། གསོ་སྨན་སྣ་བརྒྱ་དྲ་བ།   རྩོམ་པ་པོ།  བསོད་ནམས་རྡོ་རྗེ།

སྤྱི་བཤད།

ཨེད་ཛི་ནད་ནི་ཕོ་མོའི་མཚན་མ་རང་བཞིན་ནད་འགོག་ནུས་པ་ཉམས་པའི་སྣ་འཛོམས་ནད་གཞི་ཞིག་རེད། ༼ གཞན་རྗེས་སུ་ནད་འགོག་ནུས་པ་ཉམས་པའི་ནད་གཞི་ཅན་གྱི་ཚོགས་ལ་འབྱུང་བ༽། དབྱིན་ཇིའི་སྐད་དུ་AIDS   ནི་Acquired Immune Deficiency Syndromeམིང་ཚིག་འདིའི་བསྡུས་མིང་རེད། ཨེད་ཛི་ནད་དུག་སྐྱེས་མཆེད་བྱུང་སྟེ་ཤི་ཚབས་ཆེ་བའི་ནད་གཞི་ཞིག་སྟེ། མིའི་རིགས་ཀྱི་ནད་འགོག་ནུས་སྟོབས་ཉམས་པ་ལས་བྱུང་བའི་ནད་དུགhumanimmunodeficiencyvirusHIVཞིག་རེད།

 医学百科网-MedBaike. com

红丝带是国际上用来表示对抗爱滋病的标志

དེ་ཡང་HIV ནད་དུག་འདི་སྐྱེས་མཆེད་བྱུང་སྟེ་མིའི་ལུས་ཕུང་གི་ནད་འགོག་ནུས་པ་ཉམས་པ་དང་། མཚན་མ་འདུ་འཕྲོད་ལས་འགོས་པ་སོགས་ནད་ཐོག་སྣ་འཛོམས་ནད་གཞི་ཞིག་རེད། བརྒྱ་ཆའི་བརྒྱ་ཐམ་པའི་འཆི་བ་ལ་ཕྱོགས་པའི་ནད་དུག་ཅན་ནི་དེའི་རིགས་ཚན་དུ་ཉར་དགོས། ནད་འདི་ལྷན་སྐྱེས་ཀྱི་བྱུང་བ་ཞིག་མིན་ལ་རྗེས་སུ་སྐྱེས་འཕེལ་བྱེད་པའི་ནད་གཞི་ཞིག་རེད། འདི་ནི་སྐྱེས་ཁམས་ལས་བྱུང་བ་ཞིག་ཀྱང་མིན་པར་འགོས་མཆེད་བྱུང་བའི་ནད་གཞི་ཞིག་རེད། སྐྱེས་མཆེད་དལ་བའི་རང་བཞིན་གྱི་ནད་དུག་ཞིག་དང་ནད་འགོག་ནུས་པ་ཉམས་པ་བརྟེན་པའི་ཟུངས་ཞན་གྱི་རིགས་སུ་གཏོགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་༡༩༨༨ལོའི་ཟླ་དང་པོར་གཏན་འབེབས་ལྟར། ལོ་རེར་ཟླ་༡༢བའི་ཚེས་༡ནི་འཛམ་གླིང་ཨེད་ཛི་ཉིན་མོ་རེད།(World Aids Day)

མཁས་དབང་མང་པོ་ཞིག་ནས་མིའི་རིགས་ཀྱི་ནད་འགོག་ཟུངས་སྟོབས་ཉམས་པའི་ནད་དུག་ནི་དུས་རབས་༢༠ནས་ས་ཧ་ལའི་ལྷོ་ཕྱོགས་ཀྱི་ཧྥེ་གླིང་གི་ས་གནས་མན་ཡན་ཟེར་བ་ལས་བྱུང་ཞིང་། ད་ལྟའི་སྐབས་སུ་འཛམ་གླིང་རང་བཞིན་དུ་འགོས་ཁྱབ་བྱུང་བའི་རིམས་ནད་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཨེད་ཛི་ནད་ཀྱི་ཆན་འགོད་ཁོང་གཏོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྡོམ་རྩིས་ལྟར་ན། ༡༩༨༡ལོའི་ཟླ་༦པའི་ཚེས་༥ནས་དབུ་བརྩམས་ཤིང་ལག་བསྟར་བྱས་ཏེ། AIDSནད་དུག་གིས་མིའི་ཚེ་སྲོག་འཕྲོག་ཚར་ཁྲི་༢༥༠༠ལྷག་དང་། འདི་ལྟར་ལོ་རྒྱུས་སྟེང་ཆེས་གནོད་ཚབས་རང་བཞིན་གྱི་རིམས་ནད་ཀྱི་ཡན་ལག་ཞིག་རེད། ༢༠༠༥ལོའི་ལོ་མཇུག་ཏུ་འཛམ་གླིང་སྟེང་ནད་དུག་འདིས་གནོད་སྐྱོན་ཐེབས་པའི་མི་ཁྲི་༣༨༦༠ཡོད་པ་དང་། དེ་ལས་ལོ་ན་རྒན་པ་ཁྲི་སུམ་བརྒྱ་ལྷག་འདས་གྲོངས་ཚར་བ་དང་། བྱིས་པའམ་ན་གཞོན་ཡང་ཁྲི་༥༧ཙམ་ཟིན་པ་རེད། སུམ་ཆའི་གཅིག་འཆི་ལམ་ལ་ཕྱོགས་པའི་ས་ཧ་ལའི་ལྷོ་ཕྱོགས་ཀྱི་ས་ཆ་སྟེ། དཔལ་འབྱོར་ཆ་རྐྱེན་ཞན་པ་དང་མི་ཤུགས་དང་དངོས་ཤུགས་མ་འདང་བ། ནད་དུག་འདི་འགོས་ཁྱབ་ཀྱིས་རྐྱེན་པས་ནད་འགོག་ནུས་པ་ཉམས་པ་བཅས་འཛམ་གླིང་གི་གླེང་གཞིར་གྱུར་བ་བྱུང་།

འདི་ལྟར་སྡོམ་རྩིས་བྱུང་བ་ལྟར་ན།ཉིན་རེར་ཕྲུ་གུ་གསར་སྐྱེས་༡༨༠༠ཨེད་ཛི་ནད་དུག་འགོས་བཞིན་ལ་བརྒྱ་ཆའི་ཕྲུ་གུ་ཞེ་ལྔ་ཙམ་ལོ་གཉིས་ལ་མ་སླེབས་པར་འཆི་བཞིན་ཡོད།མིག་སྔར་སྨན་རྫས་གསར་བཟོ་ཡིས་ནད་གཞི་འདི་གསོ་བཅོས་དང་ནད་འགོག་ཙམ་བྱེད་བཞིན་ལ། ནད་དུག་འདི་སྐྱེས་མཆེད་དང་གསོན་ཤུགས་ལ་ཕན་འབྲས་ཅུང་ཟད་ལས་དངོས་ཤུགས་གང་རུང་ནས་འཆི་རྐྱེན་morbidityཉུང་ངུར་གཏོང་བ་ལ་འབད་བཞིན་ཡོད། འོན་ཏེ་རྒྱལ་ཁབ་ཐ་དག་ལ་སྨན་རྫས་ཀྱི་ཆ་རྐྱེན་འདང་མེད་ཅིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སོགས་པར་ཆ་རྐྱེན་འདི་ཚབས་ཆེན་ཆགས་ཡོད། ས་གནས་དེ་དག་ལ་དེ་མཚུངས་ཀྱི་ཡམས་འགོག་ནུས་པ་prevelanceཧ་ཅང་ཞན་པར་ཆགས་ཡོད།དོན་རྐྱེན་འདིར་དེ་སྔ་སྨན་རྫས་ལ་བརྟེན་ནས་ནད་གཞི་འདི་རྩ་བ་ནས་དྲག་སྐྱེད་ཀྱི་བདེན་དབང་ཐུབ་མེད་ལ།དེ་བས་འཛམ་གླིང་གིས་ནད་གཞི་འདིར་རྟོག་ཞིབ་ཀྱིས་གཙོ་གནད་ཞིག་ཏུ་ཆགས་ཡོད།རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཀྱང་ཁྲིམས་རྩ་ལྟར་ཡམས་ནད་འདི་འགོག་བཅོས་དང་ཐབས་ལམ་སྣ་ཚོགས་སྤྱད་དེ་ཀུན་ལ་ནད་གཞི་འདི་དྲིལ་སྒྲོགས་དང་ངེས་ཟིན་འབྱུང་བའི་ཤེས་ཡོན་སྤེལ་བཞིན་ཡོད།

ཨེད་ཛི་ནད་དུག་ལ་རིགས་དབྱེ་གཉིས་སུ་བྱུང་ཞིང་།HIV-1HIV-2HIV-1 འདི་ནི་རྒྱ་ཁྱབ་དུ་མཆེད་ཡོད། HIV-2 འདི་ནི་ཧྥེ་གླིང་ནུབ་མའི་ས་ཆ་རུ་མཆེད་ཡོད།

འབྱུང་ཁུངས།

HIVདང་གཞན་དག་ཚེ་ལོ་རིང་བའི་སྲོག་ཆགས་དག་ལས་མཆེད་པའི་ནད་དུག་ནི་ཨེད་ཛི་ནད་དུག་དང་འབྲེལ་བ་ཟབ་ཅིང་།ལ་ཤས་ནས་དུས་རབས་༢༡ཀྱི་དབུ་སྟོད་ནས་སྲོག་ཆགས་ལས་མི་ལ་མཆེད་པར་འདོད།བདེན་དབང་ཁ་ཤས་རྙེད་པ་ལས་ལོ་རབས་སྔ་མོ་ནས་སྲོག་ཆགས་དག་ལ་ཨེད་ཛི་ནད་དུག་དང་ལྡན་ཞིང་སྐྱེས་མཆེད་བྱས་ཡོད་པར་གྲགས།འོན་ཏེ་ནད་དུག་འདི་སྲོག་ཆགས་ཀྱི་ཁྱུ་གང་འདྲ་ཞིག་གམ།དུས་ཚོད་དང་ས་གནས་སོགས་སྨྲ་ཐུབ་མེད།མིའི་རིགས་ལ་HIVནད་དུག་དང་གཅིག་མཚུངས་ཀྱི་ནད་དུག་ནི་ཧྥེ་གླིང་སྤྲ་མི་ཆུང་ཆུང་གི་ལུས་སྟེང་ནས་གསར་རྙེད་བྱུང་། འོན་ཏེ་སུ་གཅིག་གིས་ཀྱང་སྤྲ་མི་ལས་མིའི་རིགས་ལ་མཆེད་པར་གཏན་འབེབས་བྱེད་མི་ཐུབ།

ཚན་རིག་ཞིབ་འཇུག་གི་གསར་རྙེད་ལ།ཨེད་ཛི་ནད་དུག་ནི་ཆེས་ཐོག་མར་ཧྥེ་གླིང་ནུབ་མའི་ས་ཆ་ནས་མཆེད་ཅིང་།ས་ཆ་དེ་སྐྱེས་པ་གཅིག་གིས་ཚེ་ལོ་རིང་བའི་སྲོག་ཆགས་ལ་འཁྲིག་སྦྱོར་བྱས་པ་ལས་བྱུང་ཞིང་།དེ་ནས་རིགས་མཚུངས་ཀྱི་འཁྲིག་སྤྱོད་བྱས་པ་ལས་མཆེད་པ་ཡིན་ནོ།

ནད་དུགHIVཡི་འགོས་མཆེད།

ལྷན་སྐྱེས་མིན་པའི་ཡམས་འགོག་ནུས་པ་ཞན་པའི་ནད་པ་དག་ནད་དུག་འདི་འབྱུང་ཞིང་།གཙོ་བོ་མིའི་རིགས་ཀྱི་ནད་འགོག་ནུས་པ་ཉམས་པ་ལས་འགོས་མཆེད་བྱུང་། ནད་དུག་འདིར་གཏོགས་པའི་ནད་དུག་ནི་འཁོར་སྐྱོད་བྱེད་པའི་ནད་དུག་གི་རིགས་གཅིག་སྟེ། གཙོ་བོ་མིའི་རིགས་ཀྱི་ཡམས་འགོག་ནུས་པའི་མ་ལག་གི་གཙོ་བོའི་གྲུབ་ཆ་དག་ལ་འགོས་མཆེད་ཀྱི་རྣམ་པ་ཞིག་སྟེ་ཕྲ་ཕུང་Tལ་སོགས་པ་རེད།དེ་ལས་ཕྲ་ཕུང་གི་ཕྱི་ངོས་ཀྱི་དབྱེ་འབྱེད་སྤྲི་དཀར་CD4+Tགནོད་སྐྱོན་ཐེབས་པའི་མཇུག་འབྲས་ཤིན་ཏུ་ཚབས་ཆེན་ཡིན།དེ་བས་ཕྲ་ཕུང་ CD4+Tནི་མིའི་རིགས་ཀྱི་ཡམས་འགོག་ནུས་པའི་མ་ལག་གི་བརྒྱུད་རིམ་ཁྲོད་དུ་མེད་དུ་མི་རུང་བའི་ཕུང་གྲུབ་ཞིག་རེད།དེ་ལ་CD4+Tཕྲ་ཕུང་འདིར་འགོས་མཆེད་ཀྱིས་སྤྲི་དཀར་དབྱེ་འབྱེད་མ་ཐུབ་པ་དང་ཕྲ་ཕུང་ཤི་ཚར་བ་ལ། དེ་ལས་ལྡོག་སྟེ་ཁྲག་ནང་གི་CD4+Tཕྲ་ཕུང་དུས་ཚོད་༢༠༠ལས་མར་ཆག་པ་དང་།ཕྲ་ཕུང་གི་ཡམས་འགོག་ནུས་པ་ཐ་དག་རྩ་མེད་ཆགས་ངེས།དེ་ལྟར་རྒྱུན་ལྡན་གྱི་ལུས་ཕུང་ལ་གྲུབ་པའི་སྲིན་རིགས་སོགས་ཀྱིས་ངོ་བོ་ལོག་སྟེ་འཁྲུགས་པར་འགྱུར།ནད་དུག་འདི་HIVའགོས་མཆེད་བྱུང་བའི་མི་སྒེར་ལ་མཚོན་ན་དགྲ་གཉེན་ཀྱི་དབྱེ་འབྱེད་བྱེད་དཀའ་ཞིང་མཐའ་མཇུག་ནད་དུག་འདི་འགོས་མཆེད་ནད་རྟགས་མངོན་པ་དང་། སྤྱི་ཡོངས་ནས་ཡམས་འགོག་ནུས་པ་ཉམས་པའི་གྲལ་དུ་ཚུད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060