སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀུ་ཤུའི་སིལ་འཚོང་ཁང་དག་གིས་མི་འགྱངས་བར་ཀུ་ཤུའི་ཆུ་ཚོད་བཙོང་རྒྱུ་རེད།
སྤེལ་དུས། 2015-05-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྒྲོལ་མ།

ཀུ་ཤུའི་ཆུ་ཚོད་ཁྲོམ་རར་བཀྲམ་པའི་གནས་ཚུལ་བསྒྲགས་པ་དང་དུས་མཚུངས་སུ།  ཚོང་རྫས་ཚར་ཡོད་པའི་སྣང་ཚུལ་བྱུང་ལ།  འཛད་སྤྱོད་མཁན་མང་པོ་ཞིག་གིས་རེ་སྒུག་ཚད་མེད་བྱེད་བཞིན་འདུག  གཞུང་ཕྱོགས་ཀྱི་གནས་ཚུལ་གསར་བ་ལྟར་ན། དངོས་ཡོད་ཀྱི་ཀུ་ཤུའི་སིལ་འཚོང་ཁང་དག་གིས་མི་འགྱངས་བར་ཀུ་ཤུའི་ཆུ་ཚོད་བཙོང་རྒྱུ་རེད་ཅེས་སྤེལ་ཡོད།

ཨ་རིའི་ཚན་རྩལ་གསར་འགྱུར་དྲ་བ Appleinsider རུ་བཀོད་པ་ལྟར་ན།  མིག་སྔར་ཀུ་ཤུའི་གཞུང་ཕྱོགས་ཀྱི་དྲ་བའི་ཚོང་ཁང་དག་ལས་འཚོལ་ཞིབ་བྱས་ཚེ།  ཀུ་ཤུའི་ཆུ་ཚོད་ཀྱི་དྲ་ངོས་སུ་ཚོང་རྫས་མེད་པའི་ཡི་གེ་མངོན་གྱིན་འདུག་ཟེར།  ཡིན་ཡང་གནས་ཚུལ་གཞན་ཞིག་ཀྱང་ཤེས་རྟོགས་བྱུང་ལ།  དེ་ནི་ཉིན་འགའི་སྔོན་དུ།  ཀུ་ཤུའི་ལས་ཁུངས་ཀྱིས་ཀུ་ཤུའི་སིལ་འཚོང་ཁང་གི Client iOS གསར་སྒྱུར་བྱས་པ་དང་།  དེའི་རྗེས་སུ Client ལས་ཀུ་ཤུའི་ཆུ་ཚོད་གདམ་ན།  དྲ་ངོས་སུ་མི་འགྱངས་བར་བཙོང་རྒྱུ་ཡོད་འདུག་ཅེས་པའི་ཡི་གེ་མངོན་པ་ལས།  ཚོང་རྫས་ཚར་ཡོད་ཅེས་པ་ནི་མངོན་གྱིན་མེད།  འོན་ཀྱང་།  འདི་ནི་ཀུན་གྱི་ཚོད་དཔག་དང་བརྟག་དཔྱད་ཙམ་ལས།  དོན་དངོས་སུ་ཀུ་ཤུའི་ཆུ་ཚོད་དེ་དུས་ནམ་ཞིག་གི་ཚེ་འཛམ་གླིང་གི་སིལ་འཚོང་ཁང་དག་གིས་དྲ་བ་བརྒྱུད་བཙོང་རྒྱུ་ནི་སྔར་བཞིན་གསལ་བོ་མི་འདུག་ཟེར།

དེ་སྔོན་ལ།  ཀུ་ཤུའི་ལས་ཁུངས་ཀྱིས་ཟླ་དྲུག་པའི་ཡར་སྔོན་དུ་དྲ་བ་ཁོ་ན་བརྒྱུད་ཀུ་ཤུའི་ཆུ་ཚོད་བཙོང་བ་དང་།  ཟླ་དྲུག་པ་ནས་བཟུང་།  དངོས་ཡོད་ཀྱི་སིལ་འཚོང་ཁང་དག་ལས་བཙོང་རྒྱུ་ཡིན་ཞེས་བསྒྲགས་ལ།  ད་ལྟ་སིལ་འཚོང་ཁང་གི Client རུ་ཀུ་ཤུའི་ཆུ་ཚོད་ཀྱི་གནས་ཚུལ་ལ་བཅོས་བསྒྱུར་བྱས་པ་དེ་ནི་བཤད་སྲོལ་དེ་དང་མ་གྲོས་རང་མཐུན་རེད།

གཞུང་ཕྱོགས་ཀྱི་དྲ་བ་ལས་ཀུ་ཤུའི་ཆུ་ཚོད་སྔོན་ལ་མངག་ཉོ་བྱས་ཆོག་པའི་བརྡ་བཏང་བ་ནས་བཟུང་།  འཛད་སྤྱོད་མཁན་དག་གིས་གཅིག་རྗེས་གཉིས་མཐུད་དུ་མངག་ཉོ་བྱེད་པའི་མིང་ཐོ་བཀོད་ལ།  མིག་སྔར།  དེ་སྔོན་གྱི་མངག་ཉོ་བྱེད་མཁན་དག་སྡོམ་རྩིས་བྱེད་བཞིན་པ་དང་།  ཧ་ལམ་ཟླ་དྲུག་པའི་ཟླ་མགོའི་བར་དུ་ཚར་རྒྱུ་དང་།  གཞན་གདམ་གསེས་གང་ལེགས་བྱས་རྗེས།  ཀུ་ཤུའི་ཆུ་ཚོད་དེ་སིལ་འཚོང་ཁང་རབ་གྲས་འགའི་ནང་དུ་འཚོང་བཞིན་ཡོད་ཅེས་བཀོད་འདུག

ཀུ་ཤུའི་ཆུ་ཚོད་ཚོང་རར་འགྲེམ་པ་དང་ཕྱིར་འཚོང་བྱེད་པ་ནི་ཀུ་ཤུའི་གློག་རྡུལ་ཐོན་རྫས་གཞན་དག་དང་མི་འདྲ་བར་ཁྱད་པར་ཆེན་པོ་དང་ལྡན།  རྒྱུན་སྲོལ་ལྟར་ན།  ཀུ་ཤུའི་ལས་ཁུངས་ཀྱིས་ཧྥུ་ཧྲི་ཁང་ལྟ་བུའི་བཟོ་གྲྭ་དག་དང་མཉམ་འབྲེལ་བྱེད་ལ།  སྔོན་ལ་འཛམ་གླིང་གི་སིལ་འཚོང་ཁང་དུ་ཚོང་རྫས་མང་པོ་འགྲེམ་པ་དང་།  དེ་ནས་ཚོང་རར་འགྲེམ་པའི་དུས་ངེས་གཏན་ཞིག་གཏན་འཁེལ་བྱས་ཏེ་མི་རྣམས་ལ་ཉོ་རུ་འཇུག་པ་དང་ཆབས་ཅིག་ཏུ།  པེ་སི་པེ(Best Buy) ལྟ་བུའི་ཕྱི་ཕྱོགས་ཀྱི་ཚོང་ར་བརྒྱུད་ནས་ཀྱང་ཕྱིར་འཚོང་བྱེད་པ་ཡིན།

ཚོང་རྫས་མེད་པའི་སྣང་ཚུལ་དེ་འབྱུང་རྐྱེན་ནི།  དེའི་ནང་ཁུལ་དུ་བཀོལ་བའི་རེག་ཚོར་ལྡོག་འདྲེན་ལྷུ་ལག་མཁོ་སྤྲོད་ཐད་དཀའ་ངལ་འཕྲད་པ་དང་འབྲེལ་བ་ཡོད་ཟེར།  མཁོ་སྤྲོད་ལས་ཁུངས་རེ་ཧྲིན་ཚན་རྩལ་གྱི་ཐོན་རྫས་གནད་དོན་དེའི་དབང་གིས་ཀུ་ཤུའི་ལས་ཁུངས་ཀྱིས་ལས་མཐའ་དག་ཉི་ཧོང་གི་ལས་ཁུངས་ལ་སྤྲད་པ་དང་།  དེ་ཁོ་ནའི་ཐོན་སྐྱེད་ལ་བརྟེན་ན་དགོས་འདོད་ཐམས་ཅད་སྐོང་མི་ཐུབ་པ་ནི་སྨོས་མ་དགོས་པ་རེད།

ཚོད་དཔག་ལྟར་ན།  མངག་ཉོ་མིང་ཐོ་བཀོད་པའི་གཟའ་འཁོར་དང་པོ་དེའི་ནང་དུ།  ཀུ་ཤུའི་ལས་ཁུངས་ཀྱིས་བརྒྱ་ཆའི་ཉི་ཤུའི་མིང་ཐོ་མ་གཏོགས་ཐག་གཅོད་མ་བྱས་ཤིང་།  ཟླ་བཞི་བའི་ཟླ་སྨད་དང་ཟླ་དྲུག་པའི་ཟླ་སྟོད་དུ།  ཧ་ལམ་ཀུ་ཤུའི་ཆུ་ཚོད་ཁྲི་ཚོ ༥༥ སྐྱེལ་དགོས།  གསལ་འདེབས་ཤིག་བྱེད་རྒྱུ་ནི།  ཀུ་ཤུའི་ཆུ་ཚོད་ཁྲོམ་རར་བཀྲམ་མ་ཐག་ཚོང་རྫས་ཚར་ཡོད་པ་དེ་རྒྱལ་ཁ་ཐོབ་པའི་མཚོན་རྟགས་མ་རེད།  ཉིན་འདི་དག་ལ།  ཀུ་ཤུའི་ཆུ་ཚོད་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད།  གློག་གིས་མི་འདང་བ་དང་།  Client ཡི་བཀོལ་སྤྱོད་སྟབས་བདེ་མིན་པ།  མཉེན་ཆས་མང་པོ་ཞིག་གི་བྱེད་ནུས་ནི iPhone དང་གཅིག་མཚུངས་རེད་བཅས་ཀྱི་གནད་དོན་འདོན་མཁན་མང་པོ་འདུག  ཆེད་མཁས་པ་ལ་ལས་བཤད་རྒྱུར།  ཀུ་ཤུ་གསར་གཏོད་བྱེད་མཁན་ཁོ་ཁི(Timothy Donald Cook) ཡི་གསར་གཏོད་རང་བཞིན་གྱི་ཐོན་རྫས་ཐོག་མ་ཀུ་ཤུའི་ཆུ་ཚོད་དེ་ཁྲོམ་རར་རྒྱལ་ཁ་ཐོབ་ཡོད་མེད་དང་།  བྲིན་ཆེ་བ་ཡིན་མིན་གྱི་དཔྱད་བརྗོད་སྤེལ་ཚེ་ད་དུང་སྔ་དྲགས་འདུག་ཟེར།

ཁ་བྱང་ཕྱི་མོ། ཀུ་ཤུའི་སིལ་འཚོང་ཁང་དག་གིས་མི་འགྱངས་བར་ཀུ་ཤུའི་ཆུ་ཚོད་བཙོང་རྒྱུ་རེད།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060