སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་སྤྱིའི“ཁི་ལོའུ་ལྗི”མི་ཚུལ་བྱ་དགའ་ཧེ་པོར་མར་སི་དང་ཐྲེ་ལོར་ཐོབ།
སྤེལ་དུས། 2015-08-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

  ཕྱི་ཟླ ༨ པའི་ཚེས ༡༢ ཉིན་ཕིང་ཕེ་དྲ་བའི་གསར་ལམ་དུ།ཟླ་འདིའི་ཚེས ༡༡ཉིན་ཨ་རིའི་རྒྱལ་ཚོགས་དཔེ་ཁངLibrary of Congressགིས་འཇར་མན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པ་ལྗོར་ཀིན་ཧེ་པོར་མར་སིJurgen Habermasདང་ཁ་ན་ཏའི་མཚན་ཉིད་རིག་པ་ཆོར་སི་ཐྲེ་ལོCharles Taylorགཉིས་ལ་ད་ལོའི་ཁི་ལོའུ་ལྗི་བྱ་དགའKluge Prizeཐོབ་པ་བསྒྲགས་པའི་སྐོར་གྱི་གནས་ཚུལ་བཀོད་འདུག

  འཛམ་གླིང་གི་མི་ཚུལ་ཕྱོགས་ཀྱི་ནོལ་བྷེ་བྱ་དགའ་རུ་འབོད་པའི་ཁི་ལོའུ་ལྗི་བྱ་དགའ་ཞེས་པ་འདིའི་མཚན་ཧྲིལ་བོར"ཚེ་གང་བོར་མི་ཚུལ་དང་སྤྱི་ཚོགས་ལ་ལག་རྗེས་ཆེ་བའི་ཇོ་ཧན་ཁི་ལོའུ་ལྗི་བྱ་དགའ"ཞེས་འབོད་ལ།གཙོ་བོ་ལོ་རྒྱུས་དང་མཚན་ཉིད།མིའི་རིག་པ།སྤྱི་ཚོགས་རིག་པ།ཆོས་ལུགས་སོགས་མི་ཚུལ་ཁྱབ་ཁོངས་སུ་ལག་རྗེས་ཆེ་བ་དག་ལ་སྤྲོད་ཀྱི་འདུག

  བྱ་དགའ་འདི་ ༢༠༠༣ ལོར་བརྙན་འཕྲིན་གྱིརྒྱལ་བོཇོ་ཧན་ཁི་ལོའུ་ལྗི་ཡིསJohn Klugeམ་རྩ་བཏང་ནས་གསར་དུ་བཙུགས་པ་ཞིག་ཡིན་ལ། མི་ཚུལ་རིག་པའི་ནོལ་བྷེ་བྱ་དགའ་རུ་འབོད་བཞིན་ཡོད།ད་ལོའི་མི་འདི་གཉིས་ནི་བྱ་དགའ་འདི་ཐོབ་མཁན་ཨང་དགུ་བ་དང་བཅུ་བར་གྱུར། ཁོང་གཉིས་ཀྱིས་བྱ་དགའ་འདིའི་ཁྱོན་བསྡོམས་ཨ་སྒོར་ཁྲི ༡༥༠ བགོ་བཤའ་བྱས་ཆོག

ལྗོར་ཀིན་ཧེ་པོར་མར་སིགཡོནJurgen Habermasདང་ཆོར་སི་ཐྲེ་ལིགཡསCharles Taylor

  ལྗོར་ཀིན་ཧེ་པོར་མར་སིJurgen Habermasད་ལོར་དགུང་ལོ ༨༦ ལ་སོན་ཞིང་བརྩམས་ཆོས་གཙོ་ཤོསའབྲེལ་འདྲིས་བྱེད་པའི་གཞུང་ལུགསདང་ཆོར་སི་ཐྲེ་ལིCharles Taylorད་ལོར་དགུང་ལོ ༨༣ ཟིན་ལ། བརྩམས་ཆོས་སྐད་གྲགས་ཆོད་པབདག་ཉིད་ཀྱི་བྱུང་བཅེས་པ་འདུག

  ཁི་ལོའུ་ལྗི་རབས་སོ་སོའི་བྱ་དགའ་ཐོབ་མཁན།

· ༢༠༠༣ ལོར།ཕོ་ལན་གྱི་མཚན་ཉིད་རིག་པ་ཁོ་ཝ་ཧི་ཧྥུ་ཅིLeszek Ko akowski

· ༢༠༠༤ ལོར།ཅེ་རུས་སློབ་ཆེན་གྱི་ལོ་རྒྱུས་མཁས་ཆེན་ཕཱ་ལི་ཁནJaroslav Pelikanདང་ཧྥ་རན་སིའི་མཚན་ཉིད་རིག་པ་ཕོ་ལུའུ་རེའི་ཁིPaul Ric urལ་ཐོབ།

· ༢༠༠༦ ལོར་ཐེ་ཝནཀྲུང་འཇུག་གླིངགི་ཡུའུ་ཡུན་ཧྲིན་དང་།ཨ་རིའི་ལོ་རྒྱུས་པ་ཇོ་ཧན་ཧྥུ་རན་ཁི་ལིནJohn Hope Franklinལ་ཐོབ།

· ༢༠༠༨ ལོར།རྒྱ་གར་གྱི་ལོ་རྒྱུས་རིག་པ་རམ་ཐྲ་ཕརRomila Thaparདང་དབྱིན་ཇིའི་ལོ་རྒྱུས་པ་ཕེ་ཐྲིར་པོརPeter Brownཐོབ།

· ༢༠༡༢ ལོར།བྷ་རེ་ཟེ་ཡི་སྤྱི་ཚོགས་རིག་པ་དང་ཆབ་སྲིད་རིག་པ་བ་ཧྥེན་ནན་དྷོ་ཁར་དོ་སོFernando Henrique Cardosoལ་ཐོབ་ཡོད།

  ཁ་བྱང་ཕྱི་མོ། རྒྱལ་སྤྱིའི"ཁི་ལོའུ་ལྗི"མི་ཚུལ་བྱ་དགའ་ཧེ་པོར་མར་སི་དང་ཐྲེ་ལོར་ཐོབ།

(རྩོམ་འགན་པ། དབང་འདུས།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070