[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཕན་ཅི་ཝུན་གྱིས་སི་རི་ཡའི་བྱང་ཤར་རྒྱུད་ཀྱི་གྲོང་ཁྱེར་ལ་འཇབ་རྒོལ་ཕོག་པའི་དོན་གཞིར་ཁ་རྡུང་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-03-24

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་སྤྱི་ཚེས་20ཉིན་གྱི་མཚན་མོ་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས་སི་རི་ཡའི་བྱང་ཤར་རྒྱུད་ཀྱི་གྲོང་ཁྱེར་ཧ་སེ་ཁེའི་ནོ་ལུ་ཙེའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོར་འཇབ་རྒོལ་ཕོག་པའི་དོན་གཞི་ཐོན་པ་དང་མི་སྣ་ཤིས་རྨས་བཟོས་པར་ར་ཁ་རྡུང་བཏང་འདུག

    གསལ་བསྒྲགས་ནང་། ཕན་ཅི་ཝུན་གྱིས་རྐྱེན་ལམ་ཤོར་མཁན་གྱི་ཁྱིམ་མིར་སེམས་སྡུག་ཆེན་པོས་འཚམས་འདྲི་གནང་བ་དང་རྨས་མ་གང་མགྱོགས་དྲག་སྐྱེས་ཡོང་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད་པ་དང་ཕན་ཅི་ཝུན་གྱིས་སི་རི་ཡའི་མི་སེར་ལ་དམིགས་པའི་དྲག་ཤུགས་ཡོད་ཚད་ལ་སླར་ཡང་ཁ་རྡུང་བཏང་ཡོད་པ་མ་ཟད་སི་རི་ཡའི་གདོང་གཏོག་ཤོར་མཁན་ཕྱོགས་ཁག་ནས་དབྱེ་བ་མེད་པའི་སྒོ་ནས་མི་སེར་རུབ་སྡོད་ཆེ་སར་མཚོན་ཆ་བེད་སྤྱོད་གཏོང་མཚམས་འཇོག་དགོས་པའི་བླང་བྱ་བཏོན་འདུག

    གནས་ཚུལ་སྤེལ་བར་གཞིགས་ན། ཝ་སེ་ཁེའི་ཁུར་བདེ་བས་སྤྱི་ཚེས་20ཉིན་པོ་སིའི་ལོ་ཐོའི་ནོ་ལུ་ཙེ་ལོ་གསར་དགའ་གཏོང་བྱེད་སྐབས་རླངས་འཁོར་འབར་གས་བྱས་པའི་དོན་གཞི་ཐོན་པ་དང་འཇབ་རྒོལ་ནང་ཉུང་མཐར་ཡང་མི་༢༠རྐྱེན་ལམ་དུ་ཤོར་བ་དང་མི་70ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ས་གནས་དེ་གའི་ཁུར་བདེའི་དྲག་ཆས་སྒྲིག་འཛུགས་ཀྱིས། འཇབ་རྒོལ་ནི་དབྱི་སི་ལན་རྒྱལ་ཁབ་ཟེར་བས་བཟོས་པ་ཞིག་རེད་ཅེད་བཤད་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།