སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གནའ་བོའི་མིའི་རིགས་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་རྣམ་པ་གསུམ།
སྤེལ་དུས། 2014-11-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་མོ་སྐྱིད།

ཀྲུང་གོའི་ཞིབ་འཇུག་མི་སྣས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཞིབ་འཇུག་ཅིག་ལས་གནའ་བོའི་མིའི་རིགས་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པར་རྣམ་པ་གསུམ་དུ་མངོན་པ་བསྟན།

ཞིབ་འཇུག་གི་འབྲས་བུ་འདི་ནི་ཚེས་ཉི་ཤུའི་ཉིན་གྱི་ཨ་རིའི<<ཚན་རིག>>དུས་དེབ་སྟེང་དུ་བཀོད་ཡོད་དེ། ལན་གྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་འཕྲིན་གཏོང་རྩོམ་པ་པོ་ཏོང་ཀོང་ཧེའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་མཚོ་བོད་མཐོ་སྒང་གི་གནས ༥༣ ལས་གནའ་བོའི་མིའི་རིགས་ཀྱི་རྗེས་ཤུལ་གྱི་སྲོག་ཆགས་ཀྱི་རུས་སྒྲོམ་དང་། རྩི་ཤིང་གི་ལྷག་ཤུལ། མིས་བཟོས་པའི་དངོས་པོ་བཅས་ལ་ཞིབ་འཇུག་བྱས།

ཞིབ་འཇུག་ལྟར་ན། གནའ་བོའི་མིའི་རིགས་མཚོ་བོད་མཐོ་སྒང་དུ་མཆེད་པར་རིམ་པ་གསུམ་དུ་དབྱེ་ཆོག་སྟེ། རིམ་པ་དང་པོ་ནི་ད་ནས་ཡར་བརྩིས་པའི་ལོ་ཁྲི ༢ ནས་ལོ ༥༢༠༠ སྔོན་ཡིན་ཏེ། རྡོ་ཆས་རྙིང་མའི་སྐབས་ཀྱི་མིས་མཚོ་བོད་མཐོ་སྒང་ནས་ཚད་རིམ་དམའ་བའི་དུས་ཚིགས་རང་བཞིན་གྱི་རྔོན་རྒྱག་པ་དེ་ཡིན།

རིམ་པ་གཉིས་པ་ནི་ད་ནས་ཡར་བརྩིས་པའི་ལོ ༥༢༠༠ ནས ༣༦༠༠ སྔོན་ཏེ། ཞིང་ལས་བ་རྣམས་མཚོ་འཕགས ༢༥༠༠ མན་གྱི་མཚོ་བོད་མཐོ་སྒང་ཤར་བྱང་གི་རོང་སར་གཏན་ཆགས་ཀྱི་གཞི་རྒྱ་ཆེ་བའི་འཚོ་སྡོད་བྱས་པ་དེ་ཡིན། རིམ་པ་གསུམ་པ་ནི་ད་ནས་ཡར་བརྩིས་པའི་ལོ་ངོ ༣༦༠༠ སྔོན་ཀྱི་གཞུག་ཡིན་ཏེ། ཞིང་ཕྱུགས་མཉམ་ལས་ཀྱི་མི་རྣམས་མཚོ་འཕགས་སྨི ༤༧༠༠ ཡོད་པའི་ས་ཁུལ་དུ་གཞི་རྒྱ་ཆེ་བར་རྒྱ་བསྐྱེད་པ་དེ་ཡིན།

ཞིབ་འཇུག་གི་ཁྲོད་དུ་ཞུགས་མཁན་ནི་དབྱིན་ཇིའི Cambridge སློབ་ཆེན་དང་། ཨ་རིའི Pittsburgh སློབ་ཆེན། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་ཞིབ་འཇུག་ཁང་། པེ་ཅིན་སློབ་ཆེན། ཨ་རིའི Washington སློབ་ཆེན་གྱི་ཞིབ་འཇུག་མི་སྣ་བཅས་ཡིན།

རིམ་པ་གསུམ།

རིམ་པ་དང་པོ། ད་ནས་ཡར་བརྩིས་པའི་ལོ ༢༠༠༠༠ ནས་ལོ ༥༢༠༠ སྔོན། དུས་ཚིགས་རང་བཞིན་གྱི་རྔོན་རྒྱག་པ།

རིམ་པ་གཉིས་པ། ད་ནས་ཡར་བརྩིས་པའི་ལོ ༥༢༠༠ ནས་ལོ ༣༦༠༠ སྔོན། རོང་སར་གཏན་ཆགས་ཀྱི་གཞི་རྒྱ་ཆེ་བའི་འཚོ་སྡོད་བྱས་པ།

རིམ་པ་གསུམ་པ། ད་ནས་ཡར་བརྩིས་པའི ༣༦༠༠ སྔོན་གྱི་གཞུག མཚོ་འཕགས་མཐོ་བའི་སར་གཞི་རྒྱ་ཆེ་བར་རྒྱ་བསྐྱེད་པ།

ཁ་བྱང་ཕྱི་མོ། གནའ་བོའི་མིའི་རིགས་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་རྣམ་པ་གསུམ།

རྩོམ་འགན་པ། སྒྲོལ་ཚེ།

ཀྲུང་གོའི་བོད་ལྗོངས་དྲ་བའི་སྐད་འཕྲིན་སྤྱི་སྟེགས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070