སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨེད་ཛི་ནད་ཀྱི་སྔོན་འགོག་ཐབས་ལམ། ༢
སྤེལ་དུས། 2014-04-16   ཡོང་ཁུངས། གསོ་སྨན་སྣ་བརྒྱ་དྲ་བ།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

༣ཁྲག་ལམ་ནས་འགོས་པ།ཨེད་ཛི་ནད་དུག་འགོས་མཆེད་སླ་བའི་མི་ཚོགས་གསུམ་པ་ནི་ཨེད་ཛི་ནད་དུག་ཅན་གྱི་ཁྲག་རྒྱུན་ལས་འགོས་པ་དེ་རེད། དེ་ནི་ཨེད་ཛི་ནད་དུག་འགོས་མཆེད་བརྒྱ་ཆའི་༡ཡས་མས་ཙམ་རེད། རྒྱུ་རྐྱེན་ནི་ཁྲག་ནང་གི་ཁྲག་རྒྱུ་རིམ་གསུམ་པ་ཞན་པའི་ནད་གཞི་ཅན་དང་། གལ་ཏེ་ཁྲག་གསབ་བྱེད་སྐབས་ཕྱི་རྐྱེན་གྱི་ཁྲག་རྒྱུ་རིམ་གསུམ་པ་དང་ནད་པའི་ཕྱི་རྐྱེན་ལུས་ཕུང་གི་རྨ་བྱུང་བར་ཁྲག་ལམ་མ་ཆོད་པར་འགོས་མཆེད་བྱུང་བ་ལ་སོགས་པའོ།

གསལ་བསྒྲགས་ལྟར་ཁྲག་རྒྱུ་གར་པོ་རིམ་གསུམ་པའི་གཙོ་བོ་གནས་འཆའ་ས་ནི་ཁྲག་མཐུན་གྱི་ཟུངས་ཁྲག་ནང་དུ་ཁྲག་གར་པོ་ཆགས་པ་ལས་བཟོ་བསྐྲུན་བྱས་ཤིང་། ཁྲག་གར་པོས་བཟོས་ཟིན་པའི་དངོས་ཟོང་དང་། འགོས་རིམས་ཅན་གྱི་མཚན་མོའི་ནད་གཞི་ཅན་ཉེན་ཚབས་ཤིན་ཏུ་ཆེ། དེ་ཁྲག་གར་པོ་བཟོས་ཟིན་ཁྲག་ནང་དུ་མི་༢༠༠༠ནས་༥༠༠༠ཙམ་གྱི་ཁྲག་མཁོ་འདོན་བྱས་པ་ལས་གྲུབ།མིག་སྔར་ཨ་རི་རྒྱལ་ཁབ་ལ་མཚོན་ན་ཁྲག་རྒྱུ་མཁོ་འདོན་བྱེད་མཁན་གྱི་མི་འབོར་བརྒྱ་ཆའི་༦ནས་༨ཙམ་གྱི་མི་ལ་ཨེད་ཛི་ནད་དུག་ཅན་ཡིན།ཁྲག་རྒྱུ་རིམ་གསུམ་པའི་ཁྲག་མཐུན་ནད་པའི་ཨེད་ཛི་འགོས་མཆེད་བྱེད་བཞིན་ཡོད།སྤྱི་སྡོམ་ལྟར་ན་ཁྲག་རྒྱུ་རིམ་གསུམ་པའི་གསོ་བཅོས་ལས་ཁྲག་གི་རང་བཞིན་Aཅན་ནི་

ཁྲག་མཐུན་ནད་པ་ལས་འགོག་གཟུགས་གདགས་ཀྱི་བསྡུར་ཚད་བརྒྱ་ཆའི་༦༠ནས་༩༠ཙམ་ཟིན་ཡོད།ཀྲུང་གོའི་རྒྱ་ནང་དུ་རྩིས་བཤེར་ལྟར་ཁྲག་རྒྱུ་རིམ་གསུམ་པའི་ཁྲག་གར་པོས་ནད་དུག་འགོས་མཆེད་བྱུང་བའི་གསལ་བསྒྲགས་ལྟར་ཧོང་ཀོང་གིས་ཐེངས་གཅིག་ཞིབ་བཤེར་བྱས་པ་ལས། བརྒྱ་ཆའི་༧༡་༢ཙམ་ནི་ཁྲག་མཐུན་ནད་པ་ལས་བགོས་པ་རེད།གཞན་ཡང་ཁྲག་མཐུན་ནད་པར་ཞིབ་བཤེར་བྱས་པ་ལས་སྤྱིར་བཏང་ཁྲག་མཐུན་དག་རྨེན་བུའི་ཕྲ་ཕུང་ཆུང་ངུར་ཕྲི་བ་དང་ནད་འགོག་སྟོབས་ཤུགས་ལ་ཉམས་ཉེས་བྱུང་བའི་ནད་པ་ལ་དེ་ལས་ཀྱང་ཨེད་ཛི་ནད་དུག་འགོས་མཆེད་སླ་བ་ཡོད།

༤ ཁྲག་བརྒྱབ་པ་དང་ཁྲག་བཟོས་བྱས་པ་ལས་བྱུང་བ།

ཁྲག་མཐུན་ནད་པ་ལས་གཞན་ཟུངས་ཁྲག་དང་། ཟུངས་ཁྲག་བསྐྲུན་༼ཁྲག་གི་ཕྲ་ཕུང་ཆུང་ངུར་བཟོས་པ། ཁྲག་རིལ་ལེབ་མོ། ཁྲག་འཁྱག ༽པ་དག་རྩ་ལམ་དུ་བརྒྱབ་པ་ལས་ཀྱང་ཨེད་ཛི་ནད་དུག་འགོས་པར་འབྲེལ་བ་ཡོད། ཐེངས་དང་པོར་ཁྲག་གསབ་བྱས་པར་ཨེད་ཛི་ནད་དུག་ཅན་གྱི་བུ་ཕྲུག་ཞིག་བགོས་བ་སྟེ། བུ་ཕྲུག་འདིར་ཨེད་ཛི་ནད་དུག་ཅན་གྱི་ཁྲག་གསབ་བྱས་པ་ལ་བྱུང་བ་རེད།ཉེ་ཆར་ཨ་རིའི་ཁྲག་གསབ་ཀྱི་རྐྱེན་ལས་བྱུང་བའི་ཨེད་ཛི་ནད་དུག་ཅན་༡༨ཙམ་ཀྱི་རྒྱུ་ཆ་ལས་དཔེར་ན། ནད་དུག་ཅན་༡༨གྱི་ཕྱི་རྐྱེན་ནད་དུག་མངོན་འགྱུར་གྱི་དུས་ཡུན་ནི་ཟླ་༡༠ནས་༤༣ཙམ་རེད། ༼ཆ་སྙོམས་༢༤་༥ཙམ་རེད།༽ཁྲག་བརྒྱབ་རྗེས་ནད་རྟགས་ཁ་ཕོ་ཅི་ཧྲི་ཤ་འབྲས༼ 卡波济氏肉瘤 ༽མངོན་ཚུལ་ནི་ཟླ་བ་༡༦ཙམ་རེད།

ནད་པའི་དཔེ་མཚོན་༡༨ལས་སོ་སོའི་དང་ལེན་བྱས་པ་ནི་ཟུངས་ཁྲག་གི་ཕྲ་ཕུང་ཆུང་ངུར་བཟོས་པ་ལས་༡༦ཙམ་དང་། ཁྲག་འཁྱག་ལས་༡༢ཙམ། ཟུངས་ཁྲག་བརྒྱབ་པ་ལས་༩། ཁྲག་རིལ་ལེབ་མོ་ལས་དཔེ་མཚོན་༨ཙམ་བྱུང་བ་རེད། འདི་ལས་ཉུང་མཐའ་ཡང་མི་༡ཙམ་གྱི་ཟུངས་ཁྲག་མཁོ་འདོན་པ་ཨེད་ཛི་ནད་དུག་ཅན་དང་ཨེད་ཛི་ནད་དུག་ཉེན་ཚབས་ཆེ་བའི་རིགས་སུ་གཏོགས། དེ་བས་ཟུངས་ཁྲག་དང་ལེན་བྱེད་མཁན་ལ་ཨེད་ཛི་ནད་དུག་བགོས་མིན་དང་ཨེད་ཛི་ནད་དུག་དེ་ཉེན་ཚབས་ཆེ་བའི་མི་ཚོགས་ལ་འབྲེལ་བ་ཡོད། གཞན་ཀོང་ཀྲིག་གི་འཕྲོད་བསྟེན་ཞིབ་བཤེར་ཁང་གིས་༡༩༨༦ལོའི་ཟླ་༩ནས་༡༩༨༩ལོའི་བར་ཀྱི་དུས་ཡུན་དུ་ཐེངས་༡༠་ཙམ་གྱི་སྤྲི་དཀར་ག་བའི་སྒོང་སྙིང་༼丙种球蛋白 ༽ལ་ཨེད་ཛི་ནད་དུག་གིས་ཞིབ་འཇལ་བྱས་པར་དེ་ལས་བརྒྱ་ཆའི་༨༠ཙམ་གྱི་ཨེད་ཛི་འགོག་གཟུགས་གདགས་སུ་གྲུབ་ཡོད། འདི་ལས་ཤེས་གསལ་ལྟར་སྤྲི་དཀར་ག་བའི་སྒོང་སྙིང་ཡང་ཨེད་ཛི་ནད་དུག་འགོས་ཁྱབ་ཀྱི་མཆེད་ཟླ་དེ་རེད།དེ་བས་འཛམ་གླིང་ཧྲིལ་པོ་ནས་གནད་དོན་འདི་ཤེས་ཚོར་བྱུང་ཡོད་ལ། མི་ཚོགས་གཉིས་པར་ཁྲག་ལམ་ནས་ཨེད་ཛི་ནད་དུག་འགོས་མཆེད་བྱུང་བའི་ཉེན་ཚབས་ཆུང་ངུ་ནས་ཆུང་ངུར་ཆགས་ཡོད།

༥ ཉེན་ཚབས་ཆེ་བའི་མི་ཚོགས་སྟེ་ཕོ་མོའི་འཁྲིག་སྤྱོད་དང་འབྲེལ་བ།

གོང་ཟིན་ལྟར་ཉེན་ཚབས་ཆེ་བའི་མི་ཚོགས་ནི་མཚན་མ་ལས་འགོས་མཆེད་བྱུང་བའི་མི་ཚོགས་ནི་ཨེད་ཛི་ཆེས་འགོས་སླ་བའི་མི་ཚོགས་དེ་རེད། མཚན་མཐུན་དང་དེ་བཞིན་ཕོ་མོའི་འཁྲིག་སྤྱོད་སྐབས་གླེགས་རྙེད་པའི་སྐོར་གོང་དུ་གླེང་ཟིན་ལ། འདི་རུ་ཕོ་མོའི་འཁྲིག་སྤྱོད་སྟེ་ཉེན་ཚབས་ཆེས་མཐོ་བའི་ཨེད་ཛི་འབྱུང་སླ་བའི་མི་ཚོགས་དེ་རེད། དཔེ་མཚོན་མང་པོ་ཞིག་གིས་བདེན་དབང་བྱས་པ་ལྟར་ཕོ་མོའི་འཁྲིག་སྤྱོད་ལས་ཕན་ཚུན་ལ་བགོས་ཞིང་། མི་ལ་ཤས་ནས་ཁྲག་རྩར་དུག་ཁབ་བརྒྱབ་པའི་བུད་མེད་ཨེད་ཛི་ནད་དུག་ཅན་ལ་སྤྱད་པ་དང་ཁོང་ཚོས་ཁྲག་གསབ་བྱས་པའི་ལོ་རྒྱུས་ཡོད་པ་དང་། འོན་ཏེ་ཁོང་ཚོ་ཨེད་ཛི་ནད་དུག་ཅན་གྱི་སྐྱེས་པའི་དགའ་རོགས་ཡིན་པ། སྐྱེས་པ་དེར་ནད་ངོས་མ་ཟིན་པའི་སྔ་རོལ་ནས་ནད་དུག་དང་ལྡན་པ། འོན་ཏེ་ནད་རྟགས་མ་མངོན་པ་དང་མངོན་ལ་ཉེ་བའི་ཨེད་ཛི་ནད་དུག་ཅན་ལ་ཆ་མཚུངས་ཀྱི་འགོས་མཆེད་འབྱུང་བའོ།

མཚན་མཐུན་དགའ་རོགས་དང་ཁྲག་མཐུན་པ། ཁྲག་ལེན་པ། ཁྲག་རྩར་ཁབ་བརྒྱག་མཁན་སོགས་ནི་ཉེན་ཚབས་ཆེ་བའི་མི་ཚོགས་ལ་ལུས་འབྲེལ་བྱུང་བ་བཅས་ལ་ཨེད་ཛི་འགོས་མཆེད་འབྱུང་སླ་བའོ། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་༡༠ལ་ཨེད་ཛི་ནད་འགོས་མཆེད་དང་། ཉེ་ཆར་མཉམ་འབྲེལ་ཞིབ་བཤེར་བརྒྱུད་དེ་གསལ་བསྒྲགས་སུ་ཉེན་ཚབས་ཆེ་བའི་མི་ཚོགས་ལས་༡༦༨༧ལྷག་ལ་སྤྱི་སྡོམ་དང་དབྱེ་ཞིབ་བྱས་པར་སྐྱེས་པ་༡༠༢༧དང་། བརྒྱ་ཆའི་༣༨་༢ཟིན་པ་རེད། བུད་མེད་༡༦༦༠་དང་བརྒྱ་ཆའི་༦༡་༨ཟིན་པ་རེད། ན་ཚོད་༡༥ནས་༢༩ཟིན་པའི་མི་འབོར་༢༡༡༩ཙམ་དང་བརྒྱ་ཆའི་༧༨་༩ཟིན་པ་རེད། ཆ་སྙོམས་ན་ཚོད་༢༤་༣ཙམ་རེད། མི་འབོར་༢༦༨༧ལས་བཙན་ཚུགས་ཀྱིས་ཞིབ་བཤེར་བྱས་པ་ལས་ནད་དུག་ཅན་གསར་རྙེད་བྱུང་བ་དཔེ་མཚོན་༨༨༥ཙམ་བྱུང་བ་དང་། དེ་ལས་གྲང་རེག་ཅན་བརྒྱ་ཆའི་༧༤་༣དང་བུད་མེད་ནད་པ་བརྒྱ་ཆའི་༣༤་༠ཙམ་གྱིས་སྐྱེས་བ་ལས་མཐོན་པོར་ཆགས་ཡོད། སྐྱེས་པ་ནི་བརྒྱ་ཆའི་༡༦ཙམ་སྟེ་ལྡབ་༢་༡ཙམ་རེད། མི་༢༦༨༧ལས་ཨེད་ཛི་ནད་འགོག་གཟུགས་ཐམས་ཅད་གདགས་སྲིབས་གཉིས་ལས་སྲིབས་སུ་ཆགས་མོད ། འོན་ཏེ་ཨེད་ཛི་ནད་ཉེན་ཚབས་ཆེ་བའི་རིགས་སུ་གཏོགས་པ་རེད། གལ་སྲིད་འགོས་མཆེད་བྱུང་བ་ལ་མི་འདི་དག་ཚང་མ་ཨེད་ཛི་ནད་ཀྱི་མཆེད་ཟླ་ཏག་ཏག་དེ་རེད།
༦ཨེད་ཛི་ནད་དང་གཞན་དག་འགོས་མཆེད་སླ་བའི་མི་ཚོགས།

ཨེད་ཛི་ནད་དུག་ནི་རིག་གཞུང་ལྟར་གླེང་ན་མི་ཚོགས་སུ་ལའང་འགོས་མཆེད་སླ་བ་དང་།དོན་ཨེད་ཛི་འགོས་སླ་བའི་མི་ཚོགས་གཙོ་བོ་ནི་གོང་བཤད་རིགས་དབྱེ་ལྔ་པོའི་མི་ཚོགས་དེ་དག་རེད། ན་ཚོད་ལས་དབྱེ་ན་ཕལ་ཆེར་ཆ་སྙོམས་ལྟ་བུར་ཆགས་མོད། འོན་ཏེ་དོན་དངོས་སུ་བརྒྱ་ཆའི་༩༠ཡན་ཆད་ཀྱི་ནད་པ་ནི་ན་ཚོད་༥༠མན་ཆད་ལ་འབྱུང་བ་རེད། དེ་ལས་ཀྱང་རིམ་པ་གཉིས་སུ་ངེས་ཤིང་ལོ་ན་༢༠ནས་༤༠དང་། དར་མ་ནས་བྱིས་པའི་ཚོགས་རེད། ཨ་རིས་མི་འབོར་༢༡༧༢༦ཙམ་ཀྱི་ཨེད་ཛི་ནད་པ་དབྱེ་ཞིབ་བྱས་པ་ལས་མཐོང་བ་ནི་ན་གཞོན་དར་མ་ཆེས་མང་པོ་དང་། ན་ཚོད་༢༠ནས་༤༩ཟིན་པའི་བརྒྱ་ཆའི་མི་འབོར་༨༩ཙམ་ཟིན་པ་རེད། དེ་ལས་ཀྱང་༣༠ནས་༣༩ཟིན་པའི་མི་འབོར་བརྒྱ་ཆའི་༤༧ཙམ་ཟིན་པ་རེད། ཀྲ་ཨར་ཡེ་ནད་པ་དག་ལས་ས་སྙོམས་ནད་པའི་ན་ཚོད་༣༣་༦ཙམ་ཡིན་པ་དང་དེ་ལས་ཀྱང་བཞི་ཆའི་གསུམ་ཙམ་ནི་ལོ་ཚོད་༢༠ནས་༣༩ཙམ་རེད། འདི་ལྟར་ཤེས་གསལ་ལ་ན་གཞོན་དར་མའི་ཨེད་ཛི་ནད་དུག་ཅན་གྱི་མི་འབོར་གཙོ་བོ་དེ་ཆགས་ཡོད་པ་ཤེས་ཐུབ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060