སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གྲང་ནད་འབྲེལ་བའི་བླ་གཉན་གྱི་ནད།
སྤེལ་དུས། 2014-07-12   ཡོང་ཁུངས། གསོ་རིག་ཀུན་བཏུས་དྲ་བ།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

༡༽སྐྱེས་པ་རང་བཞིན་གྱི་བླ་གཉན་གྱི་ནད་གཞི།

གྲང་ནད་དང་བསྡོངས་བའི་གཅིན་ལམ་གཉན་ཚད་ཀྱི་ནད་གཞི་དག་སྟེ། གཙོ་བོ་ནི་མདུན་ཆགས་བཤེར་རྨེན་གཉན་ཚད་དང་། བསམ་སེའུ་གཉན་ཚད། རླིག་འབྲས་གཉན་ཚད་བཅས་སོ།

༡ མདུན་ཆགས་བཤེར་རྨེན་གཉན་ཚད། དེ་ཡང་མྱུར་བའི་རང་བཞིན་གྱི་མདུན་ཆགས་བཤེར་རྨེན་ལ་གྲང་ནད་འབུ་ཕྲར་བསྡོངས་ཏེ་གཅིན་ལམ་བུ་ག་དང་བཤེར་རྨེན་ལ་གཉན་ཚད་རྒྱས་པ་རེད།

གྲང་ནད་དང་འཐབ་ཏེ་ཁུ་བའི་ལམ་དང་གཅིན་ལམ་དུ་འགོས་མཆེད་བྱུང་སྟེ་གཅིན་པ་འདོར་དཀའ་བའི་ནད་རྟགས་མངོན།ཞིབ་བཤེར་ལྟར་ན་མདུན་ཆགས་བཤེར་རྨེན་སྦོས་པ་དང་མནན་ན་ཟུག་གཟེར་ཡོད། འོན་ཏེ་གྲང་ནད་འབུ་ཕྲ་ནི་མྱུར་བའི་རང་བཞིན་གྱི་མདུན་ཆགས་བཤེར་རྨེན་ལ་མཐོང་མང་པའི་རྒྱུ་རྐྱེན་དེར་གྱུར་མེད། གྲང་ནད་འབུ་ཕྲས་བསྐྱེད་པའི་མདུན་ཆགས་བཤེར་རྨེན་གཙོ་བོ་མངོན་པ་ནི་དལ་བའི་རང་བཞིན་གྱི་དེ་རེད། ནད་རྟགས་མི་གསལ་ཞིང་ཁུ་བའི་རྒྱུ་ལམ་མི་བདེ་བ་དང་ན་ཟུག་ཀྱང་འབྱུང་། ཕྱོགས་པ་ཆུ་སྦྲེ་འབྱར་བག་དུ་གཡོགས་པ་དང་མདུན་ཆགས་བཤེར་རྨེན་འཕུར་མཉེས་ཀྱིས་ཁུ་ཐིགས་ཉུང་ངུར་ཆགས་པ་དང་། ནད་འབུ་བསྐྱེད་བསྲིང་གིས་བརྟག་པར་གཤང་ལམ་དུའང་འབྲུམ་རྡོག་མཐོང་ཐུབ། དེ་ལྟར་མི་བདེ་བའི་ཚོར་སྣང་སྟེར། བཙོག་པ་འབབ་དུས་འབྱིན་སྡོམ་སྐབས་ཤེས། ཁུ་བ་ཐོན་པ་དང་མངལ་མི་ཆགས་པའི་གནས་ཚུལ་འབྱུང་།

༢ རླིག་འབྲས་གཉན་ཚད།

ཕལ་ཆེར་མྱུར་བའི་རང་བཞིན་གྱི་གཅིན་ལམ་གཉན་ཚད་ཀྱི་རྗེས་སུ་འབྱུང་ཞིང་ཕྱོགས་གཅིག་ལ་འབྱུང་བ་མང་། ཚ་བ་ཚད་དམའ་བར་སྐྱེས་པ་དང་རླིག་འབྲས་སྐྲངས་པ་དང་ན་ཟུག་འབྱུང་། ཐེར་ཁུག་དང་རྒྱུ་སྨད་ལ་ལྡོག་སྣེ་ཟུག་གཟེར་གཏོང་བ་དང་།ཐོག་མར་རླིག་འབྲས་གསལ་བོར་མངོན་ཞིང་སྐྲངས་བ་ཆེར་རྒྱས་ཏེ་མི་གསལ་བར་འགྱུར། རེག་ཚོར་གྱིས་ན་ཟུག་གཏོང་བ་དང་སྐྲངས་པ་འབྱུང་། ན་ཟུག་ཛ་དྲག་ཏུ་གཏོང་བ་ཡིན། གཅིན་ཤུལ་དུ་འབུ་འདུ་བ་དང་ཆབ་ཅིག་མདུན་ཆགས་བཤེར་རྨེན་དང་ཁུ་བའི་རྒྱུ་ལམ་གྱི་གཉན་ཚད་དུ་འགྱུར།

༣ བསམ་སེའུ་གཉན་ཚད།

དེ་ཡང་མྱུར་བའི་རང་བཞིན་གྱི་སྐབས་སུ་ཚ་བ་རྒྱས་པ་དང་གཅིན་སྦོས་པ་དང་སྙི་བ། ཟུག་གཟེར་བྱེད་པ།ཁྲག་དང་བསྡོངས་བ་བཅས་སོ། ཁྲག་ལོང་དང་འབྲེལ་བའི་ཁུ་བའི་རྒྱུ་ལམ་ལ་རེག་ཚོར་སྐབས་ན་ཟུག་འབྱུང་བ་རེད། དལ་བའི་རང་བཞིན་གྱི་ཁུ་བའི་རྒྱུ་ལམ་གཉན་ཚད་ཀྱི་ནད་རྟགས་མི་མངོན་ཞིང་།ཞིབ་དཔྱད་སྐབས་ཁུ་བའི་རྒྱུ་ལམ་སྲ་མོ་ཆགས་པ་དང་་ཚིལ་སྣ་ལྟ་བུར་ཆགས།

༤ གཅིན་ལམ་གཉན་ཚད།

དེ་ཡང་ཁུ་བ་དང་གཅིན་ལམ་ཀྱི་གཡས་གཡོན་དུ་འབྱུང་ཞིང་མཛུབ་མོ་ལྟར་འབྲུམ་རྡོག་འབྱུང་ཞིང་ན་ཟུག་ཀྱང་འབྱུང་། མྱུར་བའི་སྐབས་སུ་རྣག་རྡོལ་བ་དང་གཅིན་ལམ་དུ་གནོན་ཤུགས་ཀྱིས་གཅིན་པ་འབབ་དཀའ།ལུས་ཡོངས་ལ་ཚ་བ་རྒྱས་པ་དང་སྐྱེས་མཆེད་དལ་མོ་ཡིན།

༥ གཅིན་ལམ་འགག་པ།

དེ་ཡང་ནད་གཞི་བསྐྱར་མར་བྱུང་བའི་མི་འབྱུང་ཞིང་། མི་ལ་ཤས་ལ་ཁུ་བའི་རྒྱུ་ལམ་འགག་པ་ཕྲ་མོར་འགྱུར། གཅིན་པ་འབབ་དཀའ་བ་དང་རྒྱུ་ལམ་བུ་ག་ཕྲ་མོར་འགྱུར། ཚབས་ཆེ་བར་གཅིན་གསོག་པ་དང་ཁུ་བའི་རྒྱུ་ལམ་ལ་སྐྲན་ཆགས་པ་དང་རོ་ཙའི་ནུས་པ་ཉམས་པར་འགྱུར། 

༢༽བུད་མེད་རང་བཞིན་གྱི་གྲང་ནད་ཀྱི་བླ་གཉན།

དེ་ཡང་བུད་མེད་གྲང་ནད་ཀྱི་བླ་གཉན་གཙོ་བོ་ནི་གྲང་སྲིན་རང་བཞིན་གྱི་ཚང་སྒམ་གཉན་ཚད་དང་། དཔེར་ན་མྱུར་བའི་རང་བཞིན་གྱི་ཁྲག་ལམ་གཉན་ཚད། བུ་སྣོད་དང་བསམ་སེའུ་རྐྱེན་པས་སྐྲན་ནད། ཚང་སྒམ་སྐྱི་པགས་གཉན་ལ་སོགས་པའོ། མང་པོ་ཞིག་ཟླ་མཚན་རྗེས་སུ་འབྱུང་ཞིང་ཚ་བ་རྒྱས་པ་དང་གྲང་འཐབ། མགོ་ན་བ། སྐྱུགས་མེར་ལངས་པ།གསུས་ཆུང་ན་བ་། ཁམས་དཀར་མང་པ་དང་ཚབས་ནད་འབྱུང་བ། མནན་ན་ཟུག་གཟེར་ཡོད་པ་བཅས་སོ།

གསུམ་པ།གྲང་ནད་དང་འབྲེལ་བའི་ནད་གཞི་གཞན་དག

༡གྲང་ནད་རང་བཞིན་གྱི་མིག་ནད་དམར་ཚག དེ་ཡང་བྱིས་པ་སྐྱེས་མ་ཐག་པ་ནས་ཉིན་༢ནས་༣པར་འབྱུང་ཞིང་མིག་ཟུང་དམར་པོར་འགྱུར་བ་དང་སྐྲངས་བར་བྱེད། མིག་སྐྱག་མང་པོ་དང་དར་མར་མཚོན་ན་མིག་ཡ་ལ་འབྱུང་བ་དང་བུ་ཕྲུག་གསར་བར་འབྱུང་བ་བཞིན་ནད་རྟགས་མངོན། མིག་ཆུ་མང་པོ་སྟེ་གསོ་བཅོས་ཚུལ་བཞིན་མ་བྱུང་བར་མིག་ཀྱི་རྒྱལ་མོ་ཉམས་པ་དང་མིག་ལོང་དུ་འགྱུར་བའང་ཡོད།

༢ གྲང་ནད་རང་བཞིན་གྱི་མིད་འཆུས།

གཙོ་བོ་ནི་མཚན་མ་འབྱིན་རྔུབ་བྱེད་མཁན་དག་ལ་འབྱུང་ཞིང་ནུབ་གླིང་དུ་མཚན་མཐུན་འཁྲིག་སྤྱོད་མཁན་ལ་འབྱུང་བ་མང་། མངོན་རྟགས་ནི་མྱུར་བའི་རང་བཞིན་གྱི་མིད་འཆུས་དང་མྱུར་བའི་རང་བཞིན་གྱི་རྐན་རྨེན་ཁྲོས་པ་དག་ལ་འབྱུང་། དེ་ཡང་ཚ་བ་རྒྱས་པ་དང་མིད་པའི་རྐན་རྨེན་སྐྲངས་བ་བཅས་སོ།ཟས་སྐོམ་ཐར་དཀའ་བ་དང་ན་ཟུག་འབྱུང་བ་བཅས་སོ།

༣ གྲང་ནད་རང་བཞིན་གྱི་གཤང་ལམ་གཉན་ཚད།

དེ་ཡང་གཙོ་བོ་སྐྱེས་པ་མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་ལ་འབྱུང་མང་ཞིང་། བུད་མེད་མང་པོ་མངལ་ལམ་དུ་ལྷན་སྐྱེས་ཀྱི་འབྱུང་བ་རེད། མངོན་རྟགས་ནི་མྱུར་བ་དང་ནད་ལྕི་བ་འབྱུང་། རྣག་དང་ཁྲག་འགག་པ། གཤང་ལམ་དུ་ཁྲག་རྡོལ་བ་དང་ལྗན་ལྗིན་འཛག གྲང་ནད་འབུ་ཕྲ་བསྐྱེད་བསྲིང་གིས་བརྟག་པར་གདགས་སུ་ངེས་པའོ།

བཞི་པ། གྲང་ནད་འབུ་ཕྲ་རྒྱ་ཁྱབ་དུ་འགོས་མཆེད།

དེ་ཡང་གྲང་ནད་འབུ་ཕྲ་རྒྱ་ཁྱབ་དུ་འགོས་མཆེད་ནི་གྲང་ནད་འབུ་ཕྲ་དེ་ཉིད་ཁྲག་ལམ་བརྒྱུད་ལུས་ཡོངས་སུ་ཁྱབ་པ་རེད།དེ་ལ་འབྱུང་བའི་ནད་གཞིའི་བསྡུར་ཚད་ནི་བརྒྱ་ཆའི་༡ཙམ་ལ་འབྱུང་། གྲང་ནད་འགོས་ཁྱབ་འབྱུང་བ་འཚོ་བཅུད་ AHU-རང་བཞིན་ལ་འབྲེལ་ཞིང་།རྒྱུན་མཐོང་ནི་ཟུངས་ཁྲག་གི་ནད་འགོག་ནུས་པ་ཤིན་ཏུ་ཞན་པ་དང་གཞན་རྒྱུན་ལྡན་ཁྲག་དཔྱད་འགོག་ནུས་ལྡན་མིན་དང་ཟུངས་སྟོབས་ལ་བརྟེན་ནས་གྲང་ནད་འབུ་ཕྲ་གསོད་པའི་བྱེད་་ནུས་ལྡན།ལུས་སྟེང་གི་ནུས་སྟོབས་ C5C6C7  C8ཆད་པའི་ནད་པ་ལ་ཟུངས་ཁྲག་ནད་འགྱུར་败血症དང་ཀླད་སྐྱིའི་གཉན་ཚད་འབྱུང་སླ་བ་ཡིན།

༡༽གྲང་ནད་རང་བཞིན་གྱི་ཁྲག་ནད།

ད་ཡང་གྲང་ནད་རང་བཞིན་གྱི་ཁྲག་ནད་མངོན་རྟགས་ནི་ཐོག་མར་ཚ་བ་རྒྱས་པ་དང་།ཚ་གྲང་40སླེབས་པ་དང་རྒྱུན་པར་38-40ཡས་མས་སུ་ངེས། གྲང་འཐབ་ཉུང་བ་དང་ནད་པ་ལ་ཤས་ལ་པགས་པར་འབྲུམ་ཐོར་དང་ཆུ་སེར་འཐོར་བུ་འབྱུང་། ཁྲག་རྡོལ་བ་དང་པགས་པ་རལ་བར་བྱེད། ཡན་ལག་ཁག་གི་པགས་སྐྱི་ལའང་ཟུག་གཟེར་འབྱུང་།པགས་པ་རལ་བ་དང་འོད་མདངས་བརྟག་དཔྱད་ལས་གྲང་ནད་འབུ་ཕྲ་སྐྱེས་པ་དང་། PCRབརྟག་དཔྱད་བྱས་པར་DNAགདགས་སུ་ངེས།པགས་པའི་ཕུང་གྲུབ་དག་རལ་

ཟགས་བྱེད་པ་དང་ཆུ་བུར་ཐོན་པ་ཁྲག་རྩ་རྡོལ་བ།འགག་པ་བཅས་མཐའ་འཁོར་གྱི་ཤ་པགས་གཤིན་རོ་ལྟར་འགྱུར་བའོ།

༢༽གྲང་ནད་རང་བཞིན་གྱི་གྲུམ་བུ།

དེ་ཡང་ཚིགས་མཚམས་དག་སྐྲངས་པ་དང་ཟུག་གཟེར་བྱེད་པ། གནས་གཅིག་གམ་ལ་ཤས་ལ་ཆུ་སེར་འདྲེས་མའི་ཚིགས་གྲུམ་འབྱུང་། ཕལ་ཆེར་ཆ་རུ་འབྱུང་ཞིང་པུས་ཚིགས་དང་སྒལ་ཚིགས་སོགས་ལའང་འབྱུང་། གྲུམ་བུ་བརྟག་དཔྱད་ཀྱི་གྲང་ནད་འབུ་ཕྲ་མཐོང་བ་དང་རུས་པའི་ལྷ་བ་ལ་གཏོར་བརླག་ཐེབས་པ་དང་།ཚིགས་རྡོག་ཆགས་པ་བཅས་སོ།

༣༽གྲང་ནད་འབུ་ཕྲའི་འབྲུམ་བུ།

དེ་ནི་གྲང་ནད་འབུ་ཕྲ་དང་དུག་ཤེད་ཆེ་བ་ལས་བྱུང་ཞིང་། པགས་པ་ལ་གནོད་ཅིང་གྲང་ནད་རང་བཞིན་གྱི་གྲུམ་བུའི་ན་ཚ་ལས་བྱུང་། གཙོ་བོ་རྐང་ལག་ལ་འབྱུང་ཞིང་རྟིང་བ་དང་རྐེད་ཚིགས་ལའང་འབྱུང་སྲིད།རྒྱུན་དུ་འབྲུམ་པ་ཤུར་མོར་འབྱུང་བ་དང་ཕྱ་ལེ་བའི་དབྱིབས་སུ་འབྱུང་བའང་ཡོད། ཁ་མདོག་སེར་པོ་དང་དཀར་པོ། ལག་མཐིལ་ལའང་ཆེར་མཆེད་པ་འབྱུང་།

༤༽གྲང་ནད་རང་བཞིན་གྱི་སྙིང་ཚད།

དེ་ཡང་གཉེན་འཇོམས་རྫས་འགྱུར་བཀོལ་ཏེ་ལོ་བཅུ་གྲངས་ཀྱི་གོང་དུ་གྲང་ནད་འབུ་ཕྲ་ནི་སྙིང་ཚད་བསྐྱེད་པའི་གཙོ་བའི་ནུས་འབྱུང་དུ་འཁུམས།མིག་སྔར་ནད་གཞི་འདི་མཐོང་དཀོན་ཞིང་དེ་ཡང་ནད་གཞི་གཞན་དག་དང་མཚུངས་བའི་མངོན་ཚུལ་ཞིག་རེད། དེ་ཡང་སྙིང་ཚད་སྐབས་སུ་ཁྲག་རྩ་ཨ་མ་དང་སྙིང་གི་འདབ་ལོ་ལ་མགྱོག་མྱུར་གྱི་སྐྱོན་ཤོར་བ་སྟེ་གློ་བུར་དུ་འཆི་འང་སྲིད་པ་ཡིན། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060