ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཨ་རིའི་ཉིན་རྟོག་པས་རྒད་པོ་ཞིག་ལ་མེ་མདའ་བརྒྱབ་སྟེ་བསད་པ།

སྤེལ་དུས 2021-12-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          ཕྱོགས་བསྡུས་སྨྱན་སྦྱོར་གྱིས་ཉེ་ཆར་ཨ་རིའི་ཡ་ལི་སང་ན་ཀྲོའུ་ཐུའུ་སེན་གྲོང་ཁྱེར(Tucson)དུ་ཉེན་རྟོག་པ་ཞིག་གིས་ལོ61ཅན་གྱི་རྒད་པོ་སྟེགས་འཁོར་སྡོད་མཁན་ཞིག་ལ་མེ་མདའ་བརྒྱབ་པའི་གྱོད་གཞི་ཞིག་ཐོན་ཡོད་ཅེས་གནས་ཚུལ་སྤེལ། དོན་རྐྱེན་གྱི་འབྱུང་རྐྱེན་ཐད་ནས་རྒད་པོ་དེས་སྐབས་དེར་ཨོའར་མ་ཚོང་ཁང་ནས་ལག་ཆའི་སྒམ་ཞིག་བརྐུས་པར་སྐྱོན་འདོན་ཞུ་གཏུག་བྱས་ཡོད།

ཨ་རིའི་ཀི་ལོན་པི་ཡ་རྒྱང་སྒྲོག་ཀུང་སིའི་གསར་འགྱུར(CBS)ཐོག་གནས་ཚུལ་སྤེལ་བའི་བཅད་པར།
          གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པའི་ཚེས30ཉིན་ཐུའུ་སེན་གྲོང་ཁྱེར་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་མ་ཀེ་ནུའུ་སི(ChrisMagnus)ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྐབས་དེར་ལས་མི་ཞིག་གིས་ལོ61ལ་སླེབས་པའི་ལི་ཁྲ་ཚི(Richard Lee Richards)ཡིས་ཨོའར་མ་ཚོང་ཁང་ནས་ལག་ཆའི་སྒམ་ཞིག་བརྐུས་པར་དོགས་གཞི་ཡོད་ཟེར།
          བྱུང་འཛིན་སྟོན་དགོས་པའི་རེ་བ་འདོན་སྐབས། ལས་མི་དེས་ཉེན་རྟོག་པར་ལི་ཁྲ་ཚིས་གྲི་ཞིག་བཏོན་ནས“འདི་ནི་ཁྱེད་ཀྱི་བྱུང་འཛིན་རེད”ཅེས་བཤད། ལས་མི་དེའི་བཤད་ཚུལ་ལྟར་ན། ལི་ཁྲ་ཚིས་ད་དུང“གལ་སྲིད་ངས་གྲི་མར་འཇོག་དགོས་ན་ཁྱེད་ཀྱིས་ང་ལ་མེ་མདའ་མ་བརྒྱབ་ན་མི་འོངས”ཟེར།
          བརྙན་ལམ་ནས་མངོན་པ་ལྟར་ན། ཉེན་རྟོག་པ་ལེ་མིང་ཏུན(Ryan Remington)གྱིས་རྒད་པོ་དེར་བློ་འགུག་བྱེད་རྩིས་བྱས་ཀྱང་། ལི་ཁྲ་ཚིས་དང་ལེན་མ་བྱས་པས་ལེ་མིང་ཏུན་གྱིས་ཁོང་ལ་མེ་མདའ་དགུ་བརྒྱབ་སྟེ་སར་འགྱེལ་བ་རེད། མ་ཀེ་ནུའུ་སི་ཡིས་བཤད་རྒྱུར། ཉེན་རྟོག་པས་སྨན་བཅོས་རོགས་སྐྱོབ་བྱས་ཀྱང་ཡུན་རིང་མ་སོང་བར་ལི་ཁྲ་ཚིས་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱས།
          ཉེན་རྟོག་པས་གྱོད་གཞི་དང་འབྲེལ་བའི་ཉེན་རྟོག་པ་ལེ་མིང་ཏུན་ལས་གནས་ནས་ཕུད་རྒྱུ་ཡིན་ཟེར། མ་ཀེ་ནུའུ་སི་ཡིས་བཤད་རྒྱུར། ལེ་མིང་ཏུན་གྱིས་དོན་རྐྱེན་དེའི་ཁྲོད་དུ་སྲོག་ལ་གནོད་པའི་དྲག་ཤུགས་བཀོལ་པ་འབྲེལ་ཡོད་སྲིད་ཇུས་དང་འགལ་བ་མངོན་གསལ་རེད། ཡིན་ཡང་ལེ་མིང་ཏུན་གྱི་ཁྲིམས་རྩོད་པས་སྐབས་དེར་ཐབས་འདི་ལས་གཞན་མེད་ཟེར།
རྩོམ་སྒྲིག་པ། བདེ་སྒྲོན།