སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨུ་རུ་སིའི་ཨུ་ཡིག་གི་ཝེ་ཁེ་རིག་མཛོད་དྲ་སྒོ་བརྒྱབ།
སྤེལ་དུས། 2015-08-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་མོ།

  དེ་རིང་གི་ཨུ་རུ་སིའི་གསར་འགྱུར་དུ་བཀོད་པ་ལྟར་ན། ས་གནས་དེ་གའི་ཚེས ༢༤ ཉིན་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ། དམངས་ཀྱི་སྨྱན་སྦྱོར་ལྟ་སྐུལ་ཅུའུ (Roskomnadzor) ཡིས་ཨུ་ཡིག་ཝེ་ཁེ་རིག་མཛོད་དྲ་བ་བཀག་སྡོམ་བྱས་པ་ཁྱབ་བསྒྲགས་བྱས། རྒྱུ་རྐྱེན་ནི་དྲ་ཚིགས་དེས་སྦྲིད་སྨན་གྱི་དུག་རྫས་དང་འབྲེལ་བའི་སྨན་སྦྱོར་གྱི་རྩོམ་ཡིག་ཅིག་དྲ་ངོས་ནས་མེད་པར་མ་བཟོས་པས་སོ།།

  དེ་སྔོན་ཨུ་ཡིག་ཝེ་ཁེ་རིག་མཛོད་ཀྱི་པར་ངོས་ཞིག་ཏུ་རྒྱ་གར་གྱི་སོ་མ་ར་ཙ་ལས་བླངས་བའི་སྦྲིད་སྨན་ལས་སྣོན་གྱི་ཐབས་ཤེས་བསྟན་ཡོད་པ་དང་། གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན Roskomnadzor ཡིས་ཨུ་རུ་སིའི་ཝེ་ཁེ་རིག་མཛོད་གྱི་ཤོག་ལྷེ་དེར་སོ་མ་ར་ཙ་དང་འབྲེལ་བའི་དུག་རྫས་ཡོད་སྟབས་དྲ་ངོས་ནས་གསུབ་དགོས་པའི་རེ་བ་ཞུས། ཨུ་རུ་སིའི་བཅའ་ཁྲིམས་ལྟར་ན་སོ་མ་ར་ཙ་ནི་ཁྲིམས་དང་འགལ་བའི་དུག་རྫས་རེད། ད་ལོའི་ཟླ་དྲུག་པར་ཨུ་རུ་སིའི་མངའ་སྡེ་ཞིག་གིས་སྦྲིད་སྨན་དེ་དུག་རྫས་ཡིན་པ་ཁྱབ་བསྒྲགས་བྱས་ཏེ་དྲ་བར་སྤེལ། Roskomnadzor ཡིས་ཝེ་ཁེ་ལ་འབྲེལ་ཡོད་ཀྱི་པར་ངོས་དག་དྲ་ངོས་ནས་མ་གསུབ་ན་ཨུ་རུ་སིའི་དྲ་རྒྱའི་ཞབས་ཞུ་ལྟེ་གནས་ལ་དྲ་ཚིགས་ཏེ་བཀག་སྡོམ་བྱ་རྒྱུའི་རེ་བ་བཏོན། དྲ་ངོས་དེས HTTPS ཡིས་ལག་རྩལ་བཀོད་ཡོད་པའི་རྐྱེན་གྱིས་འབྲེལ་ཡོད་ཀྱི་པར་ངོས་དྲ་ཚིགས་ཡོངས་ཕྱིར་འཐེན་བྱེད་དགོས་པ་བཟོས་ཡོད།

  རྗེས་སུ་ཨུ་རུ་སིའི་ཝེ་ཁེ་རིག་མཛོད་ཀྱི་ལས་འཛིན་འགོ་བ StanislavKozlovsky གསལ་བསྒྲགས་སྤེལ་དོན། ཁོ་ཚོས་ཀུང་ཟིའི་གནས་ཚུལ་ཏེ་ཤེས་རྟོགས་བྱུང་ནས་དཔྱད་བསྡུར་བྱས་པའི་འབྲས་བུ་ནི་ཅུའུ་ཡི་རེ་བ་བརྩི་བསྲུང་མི་བྱེད་པ་ཐག་གིས་བཅད། ཁོས་ད་དུང་བཤད་རྒྱུར། དྲ་ཚིགས་སྟེང་གི་ནང་དོན་ནི་ཁྲིམས་མཐུན་ཡིན་ཏེ། ཡོངས་ཁུངས་ལ་ཡིད་རྟོན་རུང་བ་དཔེར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ལྟ་བུ། ཁོས་མུ་མཐུད་དུ་ཁ་གསབ་དོན། ཝེ་ཁེ་རིག་མཛོད་ལ་སྔོན་མ་ནས་ཨུ་རུ་སིས་ཝེ་ཁེ་དྲ་ཚིགས་བཀག་སྡོམ་བྱ་བར་གྲ་སྒྲིག་ཡོད་ཅེས་བརྗོད།

  ཚེས ༢༤ ཉིན་གྱི་ཨུ་རུ་སིའི་གསར་ལམ་ལྟར་ན། ཨུ་རུ་སིའི་ཝེ་ཁེ་དྲ་ཚིགས་དོ་དམ་པས་སྦྲིད་སྨན་དང་འབྲེལ་བའི་དྲ་ཚིགས་ལ་འགྱུར་བ་བཏང་ཡོད་མོད། Roskomnadzor ཡིས་དེ་ནི་ཕྱོགས་གཉིས་ཀའི་འགལ་ཟླ་མཇུག་རྫོགས་པའི་རྒྱུ་རྐྱེན་ལེགས་པོ་མིན་པར་བསྟན། Roskomnadzor གསལ་བསྒྲགས་སུ་བསྟན་དོན། རྩོམ་ཡིག་དེ་དྲ་ཚིགས་ཆ་མེད་ཅིག་ཏུ་གནས་སྤར་རུང་། ཁྲིམས་འགལ་གྱི་བརྡ་འཕྲིན་དེ་ཀུན་གྱིས་མཐོང་ཐུབ་ཟེར།

  www.thepaper .cn གྱི་གསར་འགྱུར་ལས་ལོ་སྔོན་མའི་ཟླ ༡༡ པར་ཨུ་རུ་སི་སྲིད་གཞུང་གིས་དམངས་ལ་ཡང་དག་པའི་དོན་དངོས་ཀྱི་བརྡ་འཕྲིན་མཁོ་སྤྲོད་བྱེད་ཆེད་དུ། ཨུ་ཡིག་ཝེ་ཁེ་འཛུགས་སྐྲུན་བྱེད་རྒྱུར་ཐག་གིས་བཅད་པ་དང་། ལས་གཞི་དེ་ཨུ་རུ་སི་སྲིད་འཛིན་དཔེ་མཛོད་ཁང་གིས་འགན་བླངས་ཏེ་ལེགས་འགྲུབ་བྱུང་ཡོད། སྲིད་འཛིན་དཔེ་མཛོད་ཁང་གིས་སྔོན་མར་གསལ་བསྒྲགས་སུ་སྤེལ་དོན། ང་ཚོས་ཝེ་ཁེ་རིག་མཛོད་ཀྱི་ཐོན་ཁུངས་དབྱེ་ཞིབ་ལས་ཤེས་གསལ་བྱུང་བ་ནི། དྲ་ཚིགས་དེའི་ཨུ་རུ་སིའི་ས་ཁུལ་དང་། དམངས་ཀྱི་འཚོ་བ་དང་འབྲེལ་བའི་བརྡ་འཕྲིན་ནི་ཞིབ་ཚགས་མིན་པར་མ་ཟད་ཡིད་རྟོན་དཀའ། བློ་ཡུལ་ལས་མ་འདས་པ་ནི་ས་ཁུལ་རང་བཞིན་གྱི་གློག་རྡུལ་རིག་མཛོད་དེ་མ་འོངས་བའི་ཨུ་རི་སིའི་ཆེས་དགའ་བསུ་ཐོབ་བཞིན་པའི་དྲ་ཐོག་ཐོན་ཁུངས་ཀྱི་གྲས་སུ་ཚུད་ཡོད།

  དཔེ་མཛོད་ཁང་གི་མགོ་བ Alexander Vershinin གྱིས་སྐབས་དེར་བསྟན་དོན། ཨུ་ཡིག་ཝེ་ཁེ་རུ་ཨུ་རུ་སིའི་རྒྱལ་ཁོངས་ཀྱི་བརྡ་འཕྲིན་ཏེ། མི་གྲངས་དང་། མི་དམངས་ཀྱི་མ་ལག་སྣ་མང་རང་བཞིན་སོགས་འཇུག་རྒྱུ་ཡིན་པ་མ་ཟད། ད་དུང་ཨུ་རུ་སུའི་ས་གནས་འཕེལ་རྒྱས་དང་འབྲེལ་བའི་རྟོག་བཟོའི་དངོས་མང་བཤམས་སྟོན་ཁང་ཞིག་འཛུགས་ཆར་ཡོད་ཅེས་བརྗོད།

  ཁ་བྱང་ཕྱི་མོ། དུག་རྫས་དང་འབྲེལ་བའི་རྩོམ་ཡིག་ལ་རྐྱེན་བྱས་ཏེ་ཨུ་ཡིག་ཝེ་ཁེ་རིག་མཛོད་དྲ་སྒོ་བརྒྱབ།

(རྩོམ་འགན་པ། དབང་འདུས།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070