སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཛམ་གླིང་ཁོར་ཡུག་གི་ལོ་རྒྱུས་ཀྱི་གལ་ཆེ་ཟིན་ཐོ་ཉུང་བསྡུས་།
སྤེལ་དུས། 2012-11-13   ཡོང་ཁུངས། གཉན་པོ་གཡུ་རྩེའི་ཤེས་རིག་ལྟེ་གནས།   རྩོམ་པ་པོ།  ཁ་བ།

 འཛམ་གླིང་ཁོར་ཡུག་གི་ལོ་རྒྱུས་ཀྱི་གལ་ཆེ་ཟིན་ཐོ་ཉུང་བསྡུས་།

ལོ་རབས།

ཟིན་ཐོའི་ནང་དོན།

1827

ལོར་ཧྤ་རན་སིའི་རྩིས་རིག་མཁས་པJean Baptiste Fourierལགས་ཀྱིས་སའི་གོ་ལའི་རླུངཁམས་ཆེན་པོ་ནི་ཤེལ་བུམ་ལྟ་བུའི་ངོས་འཛིན་བྱས་ཡོད་པ་དང་། དྲོད་ཁང་གི་འགྱིག་ཤོག་གྱིས་ཉི་འོད་འཛིན་པ་དེའི་རྐྱེན་གྱིས་འཛམ་གླིང་གི་ཚ་གྲང་ནི་དྲོད་ཁང་གི་གྲང་དང་འདྲ་བར་མི་རྣམས་ཀྱིས་དངོས་འཛིན་བྱུང་།

1896

ལོར་ཚན་རིག་པ་རྣམས་ལ་བཟོ་ལས་ཀྱིས་རྡོ་སྣུམ་སྒྲོན་བཞིན་པ་དེས་འཛམ་གླིང་གི་ཚ་དྲོད་ཇེ་ཆེརགཏོང་ཐུབ་པའི་ལྟ་ཚུལ་བྱུང་ཡོད་པ་དང་། སེའི་ཝི་དན(Sweden)རྫས་འགྱུར་མཁས་པSvante Arrhenius སྐབས་དེ་དུས་ཐེངས་དང་པོ་ཆེས་ཡོན་ཚད་ལྡན་པ ་དང་ཆགས་འཇོག་སའི་ཆེས་ཐོག་མའི་རྫས་འགྱུར་མཁས་པ་ཡིན་པ་དང་། ཁོང་གིས ང་ཚོས་རྡོ་སོ་རླངས་བསྒྱུར་བྱས་ནས་རླུང་ནང་དུ་འཇུག་གིན་འདུག ཞེས་གསུངས་ཡོད།

1970

ཐེངས་དང་པོར སའི་གོ་ལའི་ཉིན་མོར དྲིལ་བསྒྲགས་དང་བརྩི་སྲུང་བྱས་པ་མ་ཟད་ལྗང་མདོགགི་འགུལ་སྐྱོད་ཀྱི་རྨང་གཞི་མགོ་བརྩམས།

1985

ལོར་དབྱིན་ཇི་དང་ཨ་རིའི་ཚན་རིག་མི་སྣས་སའི་གོ་ལའི་དྲི་ངན་དབྱང་རླུང་བང་རིམ་དུ་ཨི་ཁུངཞིག་ཡོད་པ་ཤེས་རྟོག་བྱུང་། ལོ་རབས་བརྒྱ་བཅུ་བའི་དཀྱིད་དུ་ཨ་ཧྤི་རི་ཁའི་གླིང་ལ་ལོ་ལེགས་མ་བྱུང་ཞིང་མི་ཀེ་བྱུང་ཡོད་པ་དང་ཁོར་ཡུག་གི་གནོད་འཚེ་ཇེ་ཆེར་འགྲོ་བཞིན་པ་ཡོངས་ཁྱབ་ཀྱིས་དོད་སྣང་བྱུང་བ་དང་། སྲིད་སྐྱོང་བའི་ལས་འཆར་ནང་དུ་ཁོར་ཡུག་དང་འབྲེལ་བའི་གནད་དོན་རིམ་གྱིས་མང་དུ་ཕྱིན་ཡོད།

1988

ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས Intergovemental Panel on Climate Cange གནམ་གཤིས་འཕོ་འགྱུར་ལ་རྒྱལ་མང་རང་བཞིན་གྱི་བསྒྲིག་འཛུགས(IPCC)ཞེས་པ་བཙུགས།ལོ་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་མཐུས་མི་ལྕམRep.Claudine Schneiderགྱིས་འཛམ་གླིང་ཚ་དྲོད་སྔོན་འགོག་གི་ཁྲིམས་གཞི་གསར་བ་མང་པོ་ཞིག་དོན་ཡོད་ཀྱང་ཨ་རིའི་རྒྱལ་ཚོགས་ཀྱིས་ཕྱེད་ཀ་མ་གཏོགས་རྒྱལ་ཁྲིམས་སུ་དང་ལེན་དང་ལག་བསྟར་བྱས་མེད་པ་རེད།

1990

ལོརIPCCཡི་སྙན་ཐོའི་ནང་དུ་དུས་རབས་སྔོན་མའི་ནང་ལ་སའི་གོ་ལའི་ཚ་གྲང་ཧྲེ་ཧྲི་༠་༥འཕར་ཡོད་ཀྱང་། དེའི་རྒྱུ་རྐྱེན་འགྲོ་བ་མི་ཡི་བྱ་སྤྱོད་ཡིན་མིན་གཅིག་ཐག་མེད་པ་དང་། གནམ་གཤིས་འཕོ་འགྱུར་ལ་རྒྱལ་སྤྱིའི་མཉམ་ལས་དང་དགོས་པ་བསྟན་ཡོད།

1992

ལོར་ཐེངས་དང་པོ་འཛམ་གླིང་ཚ་དྲོད་ཀྱི་སྐོར་ལFramework Convention on Climate Changeགནམ་གཤིས་འཕོ་འགྱུར་གྱི་ཚོགས་ཆེན (FCCC)ཞེས་པ་ཚོགས་པ་དངརྒྱལ་མང་ཆིངས་ཡིག་བཞག གནད་དོན་གཙོ་བོ་གཅིག་ནི༢༠༠༠ལོའི་ཚ་ཚད་དེ༡༩༩༠ལོའི་ཚ་ཚད་ལ་སླེབས་ཐུབ་པར་བྱེད་རྒྱུ།

1997

ལོར་ཉི་ཧོང་གི་ཁ་ཡོ་ཐོ (Kyoto)གྲོང་ཁྱེར་དུ ཁ་ཡོ་ཐོ་ཆིངས་ཡིག་ལ་རྒྱལ་ཁབ་མང་པོས་མཚན་རྟགས་བཀོད། སྐབས་དེ་དུས་ཀྱི་ལས་ཐོག་ཨ་རིའི་སྲིད་འཛིནBill Clintonགྱིས་ཀྱང་མཚན་རྟགས་བཀོད། འོན་ཀྱང་ཁོང་གིས་རྒྱལ་ཚོགས་པ་ཞུ་འབུལ་བྱས་མེད། ཨ་རིས་ཆིངས་ཡིག་དེ་ལག་ལེན་བྱེད་མིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཆིངས་ཡིག་དེ་མིང་དོནམཚུངས་བའི་ལག་བསྟར་བྱེད་ཐུབ་མིན་ལ་ཐུག་ཡོད་ཞེས་བཀོད་ཡོད།

2005

ལོར་ཟླ༨པའི་ནང་ཨ་རི་མཉམ་ཞུགས་མེད་ཐོག་ནསཁ་ཡོ་ཐོ་ཆང་ཡིགལག་བསྟར་བྱུང་བ་དངའཛམ་གླིང་ཚ་དྲོད་ཀྱིས་རྐྱེན་པའི་རྒྱུན་ལྡན་མ་ཡིན་པའི་རྒྱ་མཚོའི་རླུང་འཚུབ་འབྱུང་མིན་གྱི་རྩོད་གླེང་དེ་ནིKatrinaརྒྱ་མཚོའི་རླུང་འཚུབ་ཀྱིས་འཇུག་རྫོགས་པ་གསལ་བསྒྲགས་བྱས།

2006

ལོར་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་བ AL Gore གྱིས་གནམ་གཤིས་འཕོ་འགྱུར་གྱི་ཟིན་བྲིསརང་བཞིན་གྱིDVD(སྟབས་མི་བདེ་བའི་བདེན་པ)ཞེས་པ་ཞིག་ཡོངས་ཁྱབ་དྲིལ་བསྒྲགས་བྱས།

2007

ལོརIPCCགྱི་སྙན་ཐོ་དང་པོའི་ནང་དུ་འཛམ་གླིང་གི་ཚ་དྲོད་ཇེ་ཆེར་འགྲོ་བའི་རྒྱུ་རྐྱེན་གྱི་རྒྱ་ཆ༠%འགྲོ་བ་མི་ཡིན་པར་མ་ཟད། དུས་རབས་མང་པོར་མུ་མཐུད་དེ་ལྟར་གནས་པ་དང་། སྙན་ཐོ་གཉིས་པའི་ནང་དུ་ཚོད་དཔག་བྱས་པ་ལྟར་ན་ལོ་རབས་འདིའི་ནང་དུ་ཚ་དྲོད་ཆེ་རུ་འགྲོ་བ་དང་། རྒྱ་མཚོ་ངོས་རོལ་ཇེ་མཐོ་འགྲོ་བ། ཆུ་ལོག་གི་འཇུག་པ་མང་བར་མ་ཟད་ལོ་ལེགས་མེད་པས་མུ་གེ་འབྱུང་རྒྱུ་ཡིན་པ་ཡང་བཀོད་ཡོད། ལོ་འདིརAlbert Aold (Al) Gore Jr.དང་Intergovemental Panel on Climate Change (IPCC)ཚོགས་པ་གཉིས་ལ་གནམ་གཤིས་འཕོ་འགྱུར་གྱིས་གོ་རྟོག་སྤེལ་བར་ནོ་ཝེ་ཞི་བདེ་གཟེངས་རྟགས་ཐོབ་པ་རེད།

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060