སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨོ་བྷ་མའི་བློ་འདོན་ཀྲུང་གོར་འཚམས་འདྲིར་ཡོང་ནས་ཀྲུང་ཨའི་བརྗོད་གཞི་གལ་ཆེན་ལ་བགྲོ་བསྡུར་་བྱ་རྒྱུ་རེད།
སྤེལ་དུས། 2015-08-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་འདུལ།

ཟླ ༨ པའི་ཚེས ༢༦ ཉིན། ཕྱོགས་བསྡུས་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཝ་ཧྲིང་ཐོན་གྱིས་གནས་ཚུལ་བསྒྲགས་རྒྱུར། གཟའ་འཁོར་འདིའི་རེས་གཟའ་ཕུར་བུའི་ཉིན།ཟླ་བ ༨ ཚེས་བ ༢༨ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ལའེ་སི་པེ་ཅིང་དུ་འཚམས་འདྲིར་མངག་རྒྱུ་རེད།

BBCརྒྱ་ཡིག་དྲ་བས་འབྲེལ་ཡོད་དབྱེ་ཞིབ་སྐོར་དྲངས་རྒྱུར། ཟླ་བ ༨ པའི་ཚེས ༢༨༢༩ བར། ལའེ་སི་ཀྲུང་གོར་འཚམས་འདྲིར་ཡོང་དོན་གཙོ་བོ་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་འཚམས་འདྲིར་མ་སླེབས་སྔོན། རྒྱལ་ཁབ་གཉིས་ཀྱི་ལྷོ་མཚོ་དང་དྲ་རྒྱའི་ནག་ཚོགས། དངུལ་བརྗེས་འཛའ་ཐང་། དེ་མིན་གོ་ལ་ཡོངས་ཀྱི་རྐང་དངུལ་ཉེས་སྐྱོན་སོགས་སྐོར་གྱི་ཛ་དྲག་ཆེ་བའི་གནད་དོན་ལྷོད་ལྷོད་དུ་གཏོང་བའི་ཆེད་ཡིན་པ་རེད།

ཨ་རིའི་ཕྱོགས་ཀྱི་ཞིབ་བཤེར་མི་སྣས་སྟོན་རྒྱུར། ཉེ་ལམ་གོ་ལ་ཡོངས་ཀྱི་རྐང་དངུལ་ཉེས་སྐྱོན་ཁྲོད་དུ།  ཨ་རིའི་མི་གྲངས་ས་ཡ་ལྷག་གི་རྒན་གསོའི་དངུལ་ལོ་ཇེ་ཉུང་དུ་སོང་བས། ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་འཚམས་འདྲི་བྱེད་པར་བརྗོད་གཞི་གཅིག་ཀྱང་ལྷག་ཏུ་བྱུང་བ་སྙམ།

དཔལ་འབྱོར་རིག་པ་བ་མང་པོས་བསྟན་རྒྱུར། ཡོ་རོབ་གླིང་དང་ཨ་རིའི་རྐང་དངུལ་ཚོང་ར་ལེགས་སྒྲིག་དུས་རིམ་དུ་སླེབས་པ་ནི་རྒྱུན་ལྡན་གྱི་ཆོས་ཉིད་ཡིན་ཞེས་བརྗོད་བཞིན་ཡོད་ནའང་། ཡོ་རོབ་གླིང་དང་ཨ་རིའི་སྨྱན་སྦྱོར་ཚན་ཁག་གི་དབྱེ་ཞིབ་མཁན་མང་པོ་ཞིག་གིས། ཀྲུང་གོའི་དཔལ་འབྱོར་དང་དངུལ་ལོའི་སྲིད་ཇུས་ནི་གོ་ལ་ཡོངས་ཀྱི་རྐང་དངུལ་ཚོང་རར་གཡོ་འགུལ་ཐེབས་པའི་རྒྱུ་རྐྱེན་རེད་ཅེས་བརྗོད་བཞིན་ཡོད་པ་རེད།

ཐ་ན། ཨ་རིའི་སྲིད་འཛིན་འདེམས་བསྐོ་རུ་ཞུགས་པའི་ཨ་རིའི་སྤྱི་མཐུན་ཏང་གི་སྲིད་འཛིན་འགའ་རེས། ཞིས་ཅིན་ཕིང་ལ་ཕོ་བྲང་དཀར་བོར་འཚམས་འདྲིར་ཕེབས་པར་གདན་འདྲེན་བྱས་པའི་གདན་འདྲེན་ཞུ་ཡིག་ཕྱིར་ལེན་དགོས་པའི་རེ་བ་བསྟན་ཡོད་པ་རེད།

གཟའ་ཟླ་བའི་ཉིན།  ཝེ་སི་ཁང་ཤིང་མངའ་སྡེ་ཡི་འགོ་འཛིན་སི་ཁའོ་ཐེ་བོ་ཁེརScott Walkerགྱིས་གསལ་བསྒྲགས་སྤེལ་རྒྱུར། "ཀྲུང་གོ་ཡིས་དཔལ་འབྱོར་དལ་ལྷོད་བཏང་བ་དང་། ཀྲུང་གོ་བས་དཔལ་འབྱོར་ཚོད་འཛིན་བྱས་ཏེ་གཞི་རྒྱ་ཆེ་བའི་རྐང་དངུལ་ཚོང་ར་མར་ཆག་པར། ཨ་རི་ཡིས་དཀའ་ངལ་ཆེན་པོས་ངང་ཁ་གཏད་འཇལ་བཞིན་ཡོད།"ཅེས་བཤད་ཡོད།

ཡིན་ཡང་། ཨ་རིའི་སྨྱན་སྦྱོར་ཚན་ཁག་གིས་བསྒྲགས་རྒྱུར། ཨ་རིའི་གཞུང་ཕྱོགས་ཀྱིས་སྔར་བཞིན་ཞིས་ཅིན་ཕིང་འཚམས་འདྲིར་སླེབས་པ་དགའ་བསུ་བྱེད་བཞིན་ཡོད་པ་རེད།

གཟའ་ལྷག་པའི་གསར་འགོད་པ་སྣེ་ལེན་ཚོགས་འདུའི་ཐོག་ཏུ། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཡུན་ཧན་ཧེ་པི་ཡིས་བཤད་རྒྱུར། "ང་ཚོ་ཚང་མས་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པར་རེ་སྒུག་བྱེད་བཞིན་ཡོད་པ་མ་ཟད། འཚམས་འདྲི་ལེགས་གྲུབ་ཡོང་བར་རེ་སྨོན་བྱས་ཡོད་པས། འཚམས་འདྲི་བྱེད་པའི་འཆར་གཞིར་འགྱུར་བ་མེད"ཅེས་བཤད། ཁོང་གིས་མུ་མཐུད་དུ་བཤད་རྒྱུར། "ངས་འདི་ནས་སྐབས་རྗེས་མའི་ཨ་རིའི་སྲིད་འཛིན་འདེམས་བསྐོར་ཞུགས་པའི་མི་སྣའི་སྐོར་གྱི་སྐད་ཆ་གླིང་རྒྱུ་མིན། ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཐད་ཀྱི་འཚམས་འདྲི་གལ་ཆེན་ཞིག་ཡིན"ཞེས་བཤད་པ་རེད།

ཉེ་ཆར།  རྐང་དངུལ་ཚོང་ར་དང་དངུལ་ལོའི་འཛའ་ཐང་གི་རྩོད་གཞི་མེད་ནའང་། དུས་ཡུན་ངེས་ཅན་རིང་བྱུང་བའི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྐོར་གྱི་འགལ་འདུའང་གཡོལ་ཐབས་མེད།

ཕོ་བྲང་དཀར་པོས་ཀྲུང་གོ་ཡིས་ལྷོ་མཚོ་རུ་མཚོ་ཁ་གསབ་ནས་གླིང་ཕྲན་བཟོ་བ་ནི་ས་རྒྱ་བསྐྱེད་པ་ཡིན་ལ། དེ་ནི་ཨ་རིའི་ཤར་ལྷོའི་ཡ་འབྲེལ་མཐུན་ཚོགས་ཀྱི་ཁེ་ཕན་ལ"འཇིགས་སྐུལ"སློང་བ་ཡིན་ཞེས་སྐྱོན་བརྗོད་བྱས་ཡོད།

ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་མུ་མཐུད་དུ་སྐྱོན་བརྗོད་བྱེད་རྒྱུར། ཀྲུང་གོའི་སྲིད་གཞུང་གིས་དུས་ཡུན་རིང་པོར་དྲ་རྒྱའི་ནག་ཚོགས་ཀྱིས་ཨ་རི་གཞུང་ཚབ་ལས་ཁུངས་དང་དམངས་ཁྲོད་ཁེ་ལས་སམ་ཚོགས་པ་ལ་འཇབ་རྒོལ་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་སྐྱོན་བརྗོད་བྱས་པ་རེད།

ཨ་རིའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཕུ་ལའེ་སིས་ལའེ་སི་ཀྲུང་གོར་འཚམས་འདྲིར་འགྲོ་རྒྱུའི་སྐོར་བརྗོད་སྐབས། ཁོ་མོས་ཀྲུང་གོའི་མཐོ་རིམ་མགོ་ཁྲིད་དང་མཉམ་དུ། "ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་ཡོངས་རང་བཞིན་གྱི་བརྗོད་གཞི་གྲོས་མོལ་བྱ་རྒྱུ་རེད"ཅེས་བཤད།

མགྲིན་ཚབ་པ་དེས་ད་དུང་མུ་མཐུད་དུ་བཤད་རྒྱུར། "ལའེ་སི་ཡིས་ད་དུང་ཨ་རི་རྒྱལ་ཁབ་ཀྱིས་ཀྲུང་ཨའི་འབྲེལ་བར་གྲུབ་འབྲས་བཟང་པོ་ཐོབ་པར་ཡུན་རིང་ནུས་ལྡན་གྱི་ལངས་ཕྱོགས་འཛུགས་སྐྱོང་བྱེད་པ་དང་། ཟླ་བ་དགུ་བའི་ནང་དུ། ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པའི་ཡར་སྔོན་དུ།   རྒྱལ་ཁབ་གཉིས་བར་གྱི་འགལ་འདུའི་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན"ཞེས་བཤད་པ་རེད།

ཕོ་བྲང་དཀར་པོ་ནས་བསྒྲགས་རྒྱུར། ལའེ་སི་ཡིས་འཚམས་འདྲི་བྱེད་པའི་སྐབས་སུ།  ཀྲུང་གོའི་རྒྱལ་དོན་ཨུ་ཡོན་ཡང་ཅིའེ་ཁྲི་འདུ་བའི་ཀྲུང་གོའི་མཐོ་རིམ་མགོ་ཁྲིད་ལ་ཐུག་འཕྲད་གནང་རྒྱུ་ཡིན་པ་རེད།

ཁ་བྱང་ཕྱི་མོ། ཨོ་བྷ་མའི་བློ་འདོན་པ་ཀྲུང་གོར་འཚམས་འདྲིར་ཡོང་ནས་ཀྲུང་ཨའི་བརྗོད་གཞི་གལ་ཆེན་ཐད་བགྲོ་བསྡུར་བྱ་རྒྱུ་རེད།

(རྩོམ་འགན་པ། སྒྲོལ་ཚེ།)

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070