སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རང་རྒྱལ་གྱི༤Kདངོས་ཞུས་གློག་བརྙན་ཆེན་མོ《སྣེ་གསུམ་པ》མི་འགྱངས་འགྲེམ་རྩིས་འདུག
སྤེལ་དུས། 2014-07-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟླ་བས་བསྒྱུར།

བརྙན་པར།

ཀྲུང་གོའིK༤དངོས་ཞུས་གློག་བརྙན་ཆེན་པོ་ཐོག་མསྣེ་གསུམ་པམི་འགྱངས་པར་ལྟ་མཁན་དག་གི་སྤྱན་སྔར་འབུལ་རྩིས་འདུག  རྒྱུས་ལོན་བྱུང་བ་ལྟར་ན། སྣེ་གསུམ་པཡིས་བརྙན་འཕྲིན་དངོས་ཞུས་རིང་མོ(རིང་ཚད་སྐར་མ༢༥༠)ལེའུ་ལྔ་པ་ཅན་ཞིག་དང་དངོས་ཞུས་གློག་བརྙན་པར་མ(རིང་ཚད་སྐར་མ༩༠)སྟེ་པར་མ་མི་འདྲ་བ་གཉིས་བཟོ་རྩིས་འདུག་ཅིང་།  ཚོད་རྩིས་ལྟར་ན་ད་ལོའི་ལོ་སྨད་དུ་རྒྱལ་ཁབ་ཕྱི་ནང་ལྟ་མཁན་ལྷན་རྒྱས་ཀྱི་སྤྱན་སྔར་འབུལ་རྩིས་འདུག

མདོ་དབུས་མཐོ་སྒང་སྟེ་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་ཡུལ་གྲུ་འདི་ནི་དེ་སྔ་སའི་གོ་ལ་འགུལ་སྐྱོད་བྱེད་ཤུགས་དྲག་ཆེ་ཤོས་ཀྱི་ས་ཆ་ཡིན་པ་དང་། གནའ་སྔ་མོར་ས་གཞི་འགུལ་འཁྱོམ་གྱིས་ངོ་མཚར་བའི་ཤུལ་རྗེས་བཞག་ཅིང་ཧེ་བག་ཆེན་པོ་བྱུང་ལ།  སྣ་མང་ལ་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱང་བྱུང་ཡོད། ཡུལ་གྲུ་འདིར་མི་རྣམས་ཀྱིས་མི་སྒེར་གྱི་འཚོ་གནས་དང་ཁྱིམ་རྒྱུད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རང་བྱུང་ཁམས་ཆེན་མོ་དང་ཧང་སངས་དགོས་པའི་དོ་སྙོམས་བསྐྲུན་ཡོད། མི་དང་རང་བྱུང་ཁམས་ཇི་ལྟར་མཉམ་དུ་གནས་པ་ནི་ཏག་ཏག་དངོས་ཞུས་བརྙན་འཕྲིན་ཆེན་མོསྣེ་གསུམ་པཡི་བརྗོད་བྱ་རེད་འདུག

སྣེ་གསུམ་པནི༢༠༡༣ལོའི་ལོ་མགོར་སྟ་གོན་གྱི་བྱ་བ་བསྒྲུབས་ཤིང་ཟླ༩པ་ནས་དངོས་སུ་འཕབ་མགོ་བརྩམས། ༢༠༡༤ལོའི་ཟླ༧པའི་བར་དུ་བརྟག་ཞིབ་ཚོ་ཆུང༦། བརྙན་འཕབ་ཚོ་ཆུང༤བཏང་སྟེ། ཁྱོན་ཉིན༥༠༠རིང་བརྙན་དུ་ཕབ་པ་དང་། འགྲུལ་བཞུད་ཀྱི་ཡུལ་གྲུ་ཡང་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་མདོ་དབུས་མཐོ་སྒང་གི་ས་ཆ་ངོ་མཚར་ཅན༦༠ལྷག་ལ་ཁྱབ་ཡོད་པ་རེད།

བརྙན་པར།

ཙིན་ཧེ་རུའོ་ཡིསསྣེ་གསུམ་པཡི་སྤྱིའི་འཁྲབ་ཁྲིད་པའི་འགན་ཁུར་ཡོད་དེ། ཁོསགློག་བརྙན་གྱི་མཚར་སྒྲུང》《གློག་བརྙན་གྱི་མཚར་སྒྲུང་གསར་མསོགས་ལེའུ༥༠༠ཅན་ཡོད་པའི་གློག་བརྙན་གྱི་སྤྱིའི་འཁྲབ་ཁྲིད་པ་གནང་མྱོང་ལ་ཀྲུང་གོའིགློག་བརྙན་ངེས་ཤོསཀྱི་དངོས་ཞུས་འཁྲབ་ཁྲིད་པའི་མིང་སྙན་ཡང་ཐོགས་ཡོད།  ཀྲུང་གོ་རུ་རྒྱལ་སྤྱིར་སྐད་གྲགས་ཆེས་ཆེ་བའི་དངོས་ཞུས་གློག་བརྙན་གྱི་བརྙན་ལེན་པ་སུང་ཧྲའོ་ཀོང་གིསསྣེ་གསུམ་པཡི་འཁྲབ་ཁྲིད་དང་བརྙན་ལེན་གྱི་འགན་གཅིག་ལྕོགས་སུ་ཁུར་ཡོད།  ཁོང་གིསཕྱིར་ལོག་པའི་རླངས་འཁོར》《བཙོ་སྦྱངསསོགས་གློག་བརྙན་བརྙན་དུ་ཕབ་མྱོང་། རོལ་དབྱངས་ཐད་རྒྱལ་སྤྱིར་སྐད་གྲགས་ཡོད་པའི་རོལ་ཚོགསབདེ་འཇགས་ས་ཆསོགས་གདན་ཞུ་གནང་ཡོད།

སྣེ་གསུམ་པཡི་གཏམ་རྒྱུད་རང་བཞིན་ཤུགས་དྲག་ལ། ཟློས་གར་རང་བཞིན་ཆེ་བ། འགྲོས་མགྱོགས་པ། པར་མིག་གི་སྐད་ཆ་ཕུན་སུམ་ཚོགས་པ། བརྙན་ལེན་ཁྱད་ཆོས་ཅན་དུ་ཡོད་ཅིང་། གོ་རིམ་ཧྲིལ་པོརK༤ཡི་གསལ་ཚད་མཐོ་བའི་གློག་བརྙན་བརྙན་ལེན་ཆས་ཀྱིས་བླངས་ཡོད་པས་ཆེས་ཆེར་གསལ་པོ་ཡོད། དེར་མ་ཟད་བར་སྣང་ནས་བརྙན་ལེན་པ་དང་། ཕྲ་ས་ནས་ལེན་པ། སྐྱེ་དངོས་སོགས་བརྙན་ལེན་པ། དུས་འགྱངས་བརྙན་ལེན། འགྲོས་མགྱོགས་བརྙན་ལེན། ཆུ་ནང་བརྙན་ལེན་སོགས་བརྙན་ལེན་ཐབས་རྩལ་མང་དུ་སྤྱད་དེ་མཐོ་སྒང་གི་ཉམས་འགྱུར་ཕུན་སུམ་ཚོགས་པ་ཕྱི་རུ་མངོན་ཡོད།

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཆེས་ཕུན་སུམ་པའི་ཚོགས་པའི་ས་ཆ་ཡིན་ལ། ཡང་ཆེས་ཉམ་ཆུང་བའི་ཡུལ་གྲུའང་ཡིན་པར་བརྟེན། གནམ་གཤིས་ཇེ་དྲོ་དང་སྐྱེ་དངོས་རྩ་སྟོངས། ཁོར་ཡུག་བཙོག་འགྱུར་སོགས་འཛམ་གླིང་ཧྲིལ་པོའི་གནད་དོན་ཐད་མདོ་དབུས་མཐོ་སྒང་དེ་ཤིན་ཏུ་མངོན་གསལ་དོད་པོ་ཞིག་ཡིན།  སྣེ་གསུམ་པརུ་བྱེ་འགྱུར་སྔོན་འགོག་ལ་ཧུར་ཐག་བྱེད་པའི་སྐྱེ་བོ་རྣམས་བརྙན་དུ་ཕབ་ཡོད་ཅིང་། རི་སྐྱེས་སྲོག་ཆགས་ལ་རོགས་རམ་བྱེད་མཁན་དག་བརྙན་དུ་བླངས་ཡོད་ལ།  ཚན་རིག་རྟོག་ཞིབ་བྱེད་མཁན་གྱིས་ཞིབ་འཇུག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲས་བུ་གསར་ཤོས་འགྲེམ་སྟོན་བྱེད་པའང་བརྙན་དུ་བླངས་ཡོད་པ་རེད། དེའི་ཕྱིར། གློག་བརྙན་ལ་ཚན་རིག་དང་སྐྱེ་ཁམས་ཀྱི་དོན་སྙིང་ཅུང་ཆེན་པོ་ལྡན།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060