ཞིབ་འབྲི་ཐད་ཀྱི་མཉམ་འཇོག་བྱ་ཡུལ་འགའ་བསྟོན་པ།
སྤེལ་དུས། 2013-08-02   ཡོང་ཁུངས། ཀྲུང་གོའི་བོད་ལློངས་དྲ་བ།   རྩོམ་པ་པོ།  ནོ་གཞི

   རྩོམ་གྱི་རིགས་ལས་ཇི་བཞིན་བརྗོད་པ་དང་།  གསལ་བཤད་རྩོམ་ཡིག     སྒྲུང་གཏམ་སོགས་བྲི་བར་སྤྱི་ཚོགས་འཚོ་བ་དང་འབྲལ་མི་རུང་མོད།   མི་སྣ་དང་།  བྱ་བ།   ལྗོངས་དངོས་བཅས་ཀྱིས་རམ་འདེགས་མ་བྱས་ཚེ།   གསོན་ཉམས་ལྡན་པའི་རྩོམ་ཡིག་ཡག་པོ་ཞིག་བྲི་མི་ཐུབ། 

 དང་བོ།  མི་སྣ་ཞིབ་འབྲི་ཐད་ཀྱི་མཉམ་འཇོག་བྱ་ཡུལ།

མི་སྣ་ཞིབ་འབྲི་ནི་རྩོམ་ཡིག་འབྲི་བར་ཤིན་ཏུ་གལ་ཆེན་ཞིག་ཡིན་སྟབས་།  མི་སྣ་ཞིབ་འབྲི་བྱེད་སྐབས།    ཕྱིའི་རྣམ་པའི་ཕྱོགས་གཅིག་གཅོར་བཟུང་སྟེ།   མི་སེམས་འགུགས་པའི་ལག་རྗེས་སམ་བྱ་བ་གཙོ་བོར་བརྗོད་པ་དང་།   བྱ་བ་ཞིག་གམ་མི་གཞན་དང་འབྲེལ་ཏེ།

དམིགས་བསལ་གྱི་ཁོར་ཡུག་ལས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཕྱིའི་བཟོ་ལྟ་སོགས་མཚོན་པར་བྱ་དགོས།

༡མི་སྣའི་ལོ་ཚོད་དང་།  ཕོ་མོ།   ཕྱིའི་ནམ་པ་སོགས་ལ་མཉམ་འཇོག་བྱ་དགོས།

༢མི་སྣའི་ཁྱད་ཆོས་གསལ་བོར་བྲི་དགོས་ཏེ།  མི་སྣའི་ཁྱད་ཆོས་གཙོར་བཟུང་ནས་བྲིས་ན།  ད་གཟོད་རྩོམ་ཡིག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་།   ཀློག་པ་པོར་བག་ཆགས་ཟབ་མོ་འཇིག་ཐུབ།

༣་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མི་སྣའི་སྣང་ཚུལ་འབྲི་བཞེང་བྱེད་སྐབས།   མི་སྣའི་གཤིས་ཀ་དང་།   སྤུས་ཚད་སོགས་ཆ་ཡོངས་ནས་མཚོན་པར་བྱས་ཏེ།  ཀློག་པ་པོའི་རྒྱུད་ལ་ངེས་ཤེས་ཡོད་པ་ཞིག་བྱ་དགོས།

༤མི་སྣའི་བྱ་སྤྱོད་དམ་ཡིད་ཀྱི་འགྱུར་བ་གནད་དུ་བཟུང་སྟེ།

གསོན་ཉམས་ལྡན་ལ་དངོས་ཡོད་དང་འཚམ་པའི་སྒོ་ནས་ཞིབ་འབྲི་བྱ་དགོས་པར་མ་ཟད།   ཞིབ་ཆ་དོད་ནས་མི་སྣའི་ཕྱི་ནང་གཉིས་ཀའི་ཉམས་འགྱུར་ལས་མི་སྣ་རང་གསོན་ཉམས་ལྡན་པ་ཞིག་ཏུ་གཏང་དགོས།

༥མི་སྣའི་སྐད་ཆ་ཞིབ་འབྲི་བྱེད་སྐབས།  མི་སྣའི་གཤིས་ཀ་དང་ཐོབ་ཐང་ལ་འཚམ་དགོས།  དཔེར་ན།   ལོ་ཚོད་དང་བྱ་བ།  གཤིས་ཀ་སོགས་མི་འདྲ་བའི་དབང་གིས་སྐད་ཆའང་འདྲ་མིན་བཤད་སྲིད་པས།   མི་སྣ་དང་ཁོར་ཡུག་གི་འགྱུར་བར་བསྟུན་ནས་མི་སྣ་དེ་དང་འཚམ་པའི་སྐད་ཆ་བཤད་དུ་འཇུག་དགོས།

༦རྩོམ་གྱི་བརྗོད་བྱ་དང་འཚམ་པའི་མི་སྣ་ཞིབ་འབྲི་བྱ་དགོས།

དཔེར་ན།   མི་སྣ་ཞིབ་འབྲི་བྱེད་སྐབས།   གང་དྲན་གྱི་ཚིག་ཉོག་དང་ཐབས་ཆག་སླ་བཅོས་བྱ་མི་རུང་ལ།  བསྐྱར་ཟློས་དང་ཡང་ན་འདུ་བསྟོད་བྱས་པ་དངོས་ཡོད་ལས་བརྒལ་ནས་མི་སྣ་ལྷ་རུ་བསྒྱུར་པ་ལྟ་བུ་དེ་བས་ཀྱང་བྱ་མི་རུང་།

གཉིས་པ།   བྱ་བ་ཞིབ་འབྲི་ཐད་ཀྱི་མཉམ་འཇོག་བྱ་ཡུལ།

ཉིན་རྒྱུན་གྱི་འཚོ་བའི་ཁྲོད།   ང་ཚོས་བྱ་བ་གང་མང་ཞིག་ལ་མིག་མཐོང་ལག་ཟིན་བྱེད་ཀྱིན་ཡོད་མོད།     དེ་ལས་ཕལ་ཆེ་བ་ནི་དོན་ཕྲན་ཚེགས་འབའ་ཞིག་ལས་མ་འདས་པས།   རྩོམ་གྱི་བརྗོད་བྱར་གདམ་དཀའ།   འོ་ན་དོན་ཕྲན་ཚེགས་དེ་དག་ཇི་ལྟར་གསོན་ཉམས་ལྡན་པའི་རྩོམ་གྱིབརྗོད་བྱ་རུ་གཏང་དགོས་ཤེན།

༡གལ་ཏེ་ཁ་བྱང་གི་རེ་བ་གཙོར་བཟུང་ནས་བྱ་བ་ག་གེ་མོ་བདམས་པ་ཡིན་ན།  ཁྱོད་ཀྱིས་བྱ་བ་དེར་ཕྱིར་འདང་གསལ་བོ་ཞིག་བརྒྱབ་དགོས་པར་མ་ཟད།   ཞིབ་ཕྲའི་དཔྱད་བསྡུར་དང་བསམ་བློ་ཡང་ཡང་བཏང་སྟེ།   བྱ་བ་དེ་ནང་སྙིང་དུ་གྱུར་པའི་འཚོ་བའི་གནས་ལུགས་སམ་ཐུན་མིན་གྱི་ཁྱད་ཆོས་བཙལ་དགོས།

༢.མི་སྣ་དང་དུས་ཚོད།  ས་གནས།  བྱ་བ་བཅས་གསལ་བོར་བྲིས་ནས་ཀློག་པ་པོར་རྩོམ་ཡིག་གི་ནང་དུ་མི་སྣ་གང་འདྲ་ཞིག་ལ་ས་གནས་ཇི་འདྲ་ཞིག་ནས་བྱ་བ་ཅི་ཞིག་བྱུང་བ་གསལ་བོར་ཤེས་སུ་འཇུག་དགོས། 

༣.བྱ་བའི་བྱུང་རིམ་ངེས་པར་དུ་གསལ་བོ་ཞིག་བྲི་དགོས།   རྒྱུ་མཚན་ནི་བྱ་བ་གང་ཞིག་ཡིན་རུང་།   དེ་ཉིད་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་བྱུང་ཞིང་།  རིམ་གྱིས་འཕེལ་རྒྱས་སུ་སོང་བ་ཡིན་པས།   དེའི་ཁྱད་ཆོས་བཟུང་ནས་བྲིས་ན་ལེགས།   གཞན་འུད་སྒྲོག་གི་རྣམ་པ་དང་བརྩེ་དུངས་མཚོན་པའི་འབྲི་ཐབས་ཀྱིས་བརྗོད་བྱར་གསོན་ཤུགས་རྒྱས་སུ་འཇུག་ཐུབ།

༤སྤྱིར་བཏང་དུ་བྱ་བའི་འབྱུང་རྐྱེན་དང་བརྒྱུད་རིམ།  མཇུག་འབྲས་བཅས་གསལ་བོར་བྲིས་ནས་བྱ་བའི་འཕེལ་རྒྱས་ཀྱི་རིམ་པ་གསལ་བོར་འབྲི་བ་ལས།   མགོ་མཇུག་མེད་པར་འབྲི་མི་རུང་།  ད་དུང་སྔོན་རྐྱེན་རྗེས་འབྲས་དང་འབྱུང་ལུགས་འབྱུང་སྟངས་སོགས་གསལ་བོར་བྲི་རྒྱུ་ནི་གནད་ཀྱི་དམ་པའོ།

༥བྱ་བ་ཞིབ་འབྲི་བྱེད་སྐབས།   བརྗོད་སྙིང་དང་འབྲེལ་ཏེ་གནད་འགག་བཟུང་ནས་འབྲི་བ་ལས་ཕྱེའི་རྣམ་པ་ཙམ་བྲི་མི་རུང།

སྤྱིར་བཏང་དུ་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་ངོ་མ་དེ་ཞིབ་རྒྱས་ཤིག་བྲིས་ཏེ།   ཀློག་པ་པོར་བག་ཆགས་ཟབ་མོ་འཇོག་རྒྱུ་ནི་གཙོ་བོ་ཡིན།

༦བྱ་བ་བྲི་བར་མི་སྣ་དང་འབྲལ་ཐབས་མེད་ལ།  དེའི་བརྒྱུད་རིམ་ཁྲོད་མི་སྣའི་སྐད་ཆ་དང་ཉམས་འགྱུར།  བྱ་སྤྱོད།    བསམ་པའི་འཆར་སྣང་སོགས་ཞིབ་ཚགས་དང་མངོན་སུམ་བཞིན་བྲིས་ན།   ད་གཟོད་མི་སྣའི་བསམ་བློ་ཕྱིར་མཚོན་ནུས་པ་དང་།  ཅི་ཞིག་བརྗོད་འདོད་ཀྱི་དོན་དེ་ཡང་དང་དོད་བྱ་ཐུབ། 

   གསུམ་པ།   ལྗོངས་རྣམ་ཞིབ་འབྲི་ཐད་ཀྱི་མཉམ་འཇོག་བྱ་ཡུལ།

སྐད་ཡིག་བསླབ་དེབ་ཏུ་ལྗོངས་རྣམ་ཞིབ་འབྲིལ་བྱས་པའི་རྩོམ་ཡིག་མང་བོ་ཞིག་ཡོད།   ད་པེར་ན།  ནན་ཅིན་འབྲི་ཆུའི་ཟམ་ཆེནདང་ཀོས་ལིན་ས་ཆའི་རི་ཆུཞེས་པ་ལྟ་བུ་རེད།  ང་ཚོས་རྩོམ་ཡིག་འབྲི་སྐབས་མི་སྣ་དང་བྱ་བ་གང་བྲིས་ཀྱང་ལྗོངས་རྣམ་དང་ཁ་འབྲལ་ཐབས་མེད།   དེས་ན་ལྗོངས་རྣམ་འབྲི་བར་གང་དག་ལ་མཉམ་འཇོག་བྱ་འོས་ཤེ་ན།

༡ལྗོངས་ནམ་འབྲི་སྐབས་གནས་བབ་ལ་མགོ་མཇུག་ཡོད་དགོས།  དཔེར་ན།  ཉེ་ས་ནས་ཐག་རིང་དང་།   མཐོ་ས་ནས་དམའ་ས་ཕྱི་ནས་ནང་།    དཀྱིལ་ནས་མཐའི་ཁོ་ར་ཁོར་ཡུག་འབྲི་བ་སོགས་འབྲི་ཐབས་མང་བོ་ཞིག་སྤྱད་ཆོག

༢ལྗོངས་རྣམ་འབྲི་བ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་དང་།  ནང་བཅུད་ཀྱི་སེམས་ཅན་སོགས་གཙོར་བཟུང་ནས།   ཡུལ་ལྗོངས་ཀྱི་རང་མདངས་དང་ཁྱད་ཆོས།   དོན་སྙིང་བཅས་མ་བོར་བར་ཞིབ་འབྲི་བྱ་དགོས་།   གཞན་དངོས་གཟུགས་ཀྱི་འགུལ་མེད་རྣམ་པ་དང་།   འགུལ་ཚུལ།  ཁོར་ཡུག་གི་རྣམ་པ་སོགས་གསལ་བོར་བྲི་དགོས།

༣དུས་ཚིགས་སོ་སོའི་ཁྱད་ཆོས་མི་འདྲ་བ་འབུར་དུ་ཐོན་པར་བྱ་དགོས།

༤ལྗོངས་རྣམ་འབྲི་སྐབས།  རང་ཉིད་དང་ཡུལ་ལྗོངས་བར་གྱི་འབྲེལ་བའང་བརྗེད་དུ་འཇུག་མི་རུང་ལ།  ཚོར་འདུ་ཡོད་པའི་སྒོ་ནས་རང་ཉིད་ཀྱི་བརྩེ་དུངས་དང་།  མྱོང་ཚོར་གསལ་བོར་བྲི་དགོས།  དེ་ལྟར་བྲིས་ན་ཀློག་པ་པོར་མིག་མཐོང་ལག་ཟིན་བྱུང་བ་ལྟ་བུའི་ཚོར་སྣང་སྟེར་ཐུབ།

༥འོས་ཤིང་འཚམ་ལ་དོན་དངོས་དང་མཐུན་པའི་སྔོན་བྱུང་སྙན་ངག་དང་།   གླུ་དབྱངས་སོགས་དྲངས་ནའང་རྩོམ་ཡིག་གི་ཁྱད་ཆོས་འབུར་དུ་ཐོན་པར་རམ་འདེགས་བྱ་ཐུབ་བོ།

མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་།  

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060