སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨ་རིའི་པ་ཨེར་ཏི་མོའི་ཟིང་འཁྲུག་ཁྲོད་ཀྱི་མ་བུ།
སྤེལ་དུས། 2015-04-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

ཟླ ༤ པའི་ཚེས ༢༩ ཉིན་གྱི་དབྱིན་ཇིའི་ཉིན་རེའི་སྦྲག་ཚགས་སུ་ཨ་རིའི་པ་ཨེར་ཏི་མོརBaltimoreཟིང་འཁྲུག་ཁྲོད་ཞུགས་པའི་གསར་བུ་ཞིག་ཨ་མས་བཀག་འགོག་བྱེད་བཞིན་པའི་གནས་ཚུལ་བཀོད། རྒྱུས་ལོན་བྱུང་བ་ལྟར་ན། བརྙན་ལམ་ནས་གསར་བུ་འདིས་ཟིང་འཁྲུག་ཁྲོད་ནས་ཉེན་རྟོག་པར་རྡོ་རུབ་བྱེད་པ་ཨ་མས་མཐོང་མ་ཐག ཡུལ་དངོས་སུ་ཕྱིན་ཏེ་ཁ་དཀྲིས་ངོ་དཀྲིས་བྱས་པའི་བུ་ནོར་འཆུག་མེད་པར་གཉའ་ནས་བཟུང་བ་གནས་དེའི་བརྙན་འཕྲིན་ཁང་གིས་བླངས།

པར་ངོས་འདི་ནི་མོས་ཉེན་རྟོག་པར་རྡོ་རུབ་བྱེད་བཞིན་པའི་བུ་མཐོང་མ་ཐག་ཡུལ་དངོས་ཕྱིན་ཏེ་ཁ་ངོ་དཀྲིས་པའི་བུ་འཆུག་མེད་གཉའ་ནས་བཟུང་བའི་ཚུལ།

གསར་བུ་འདི་ཨ་མའི་མདུན་ནས་འགྲོ་ཅི་ཐུབ་བྱས་ཀྱང་། མོས་རྗེས་དེད་ནས་སོང་། 

ཨ་མས་གདོང་དཀྲིས་བཤུས་རྗེས། གསར་བུ་འདི་འགྲོ་རྩིས་བྱེད་བཞིན་པ། པ་ཨེར་ཏི་མོའི་ཉེན་རྟོག་ཅུས་ཅུས་ཀྲང་གིས་གཞོན་ནུ་འདིས་བྱེད་སྟངས་ཀྱིས་ཨ་མ་སྡུག་ལ་སྦྱར་སོང་། ཡིན་ན་ཡང་། སྔར་ལས་མང་པའི་ཁྱིམ་བདག་ཡོང་ནས་བྱིས་པར་བདག་གཉེར་ལེགས་པོ་བྱ་རྒྱུ་གལ་ཆེ། འདི་ནི་ང་ཚོའི་ཁྱིམ་གཞིས་རེད་ཅེས་བརྗོད།  པར་འདི་དག་དྲ་ངོས་སུ་ཁྱབ་རྗེས། འགའ་རེས་རྩེད་མཚར་གྱིས"ཟིང་འཁྲུག་ཁྲོད་འདི་ལྟ་བུའི་ཨ་མ་ཞིག་ཡོད་ན། ཉེན་རྟོག་པ་དགོས་དོན་མི་འདུག"ཅེས་དང་། ཁ་ཤས་ཀྱིས"འདི་ནི་ཨ་མ་ཞིག་གི་བྱེད་སྟངས་རེད། དེ་ལས་མང་པོ་ཡོང་ནས་ཟིང་འཁྲུག་ཁྲོད་འཁྱར་བའི་བུ་ཕྲུག་ཕྱིར་ཁྲིད"པར་རེ་བ་བྱེད་བཞིན་འདུག 

བུ་ལ་གཅར་རྡུང་བྱེད་བཞིན་པ།

 

 

མ་བུའི་མཉམ་པར།

གསར་འགྱུར་གྱི་རྒྱབ་ལྗོངས།ཨ་རིའི་པོར་ཐོ་མོར་ནས་ཟླ ༤ པའི་ཚེས ༡༢ ཉིན་ལོ་ཉེར་ལྔ་ཟིན་པའི་ཀུ་རུའེFriddie Grayཟེར་བའི་མི་ནག་ཞིག་བཟུང་།ཚེས ༡༩ ཉིན་སྒལ་ཚིགས་རྨས་ཕོག་ཚབས་ཆེ་བས་འདས།ཀུ་རུའེ་བཟུང་ནས་རྨས་ཕོག་པ་དང་།ཤི་བ་སོགས་ཀྱི་རྒྱུ་རྐྱེན་གང་ཡང་མ་བརྗོད་པར།གནས་དེའི་མང་ཚོགས་ཞེ་སྡང་དྲག་པོ་ལངས་བས།ཚེས ༢༧ ཉིན་ངོ་རྒོལ་བ་ཁྲོམ་དུ་རྒྱུགས་ཏེ་ཉེན་རྟོག་པར་འཇབ་རྒོལ་དང་ཉེན་འཁོར་མེར་བཏང་།ཚོང་ཁང་བཅོམ་པའི་ཟིང་འཁྲུག་བྱུང་།འདི་ནི་ཨ་རིའི་ཉེན་རྟོག་པས་མི་ནག་བསད་པ་ལས་བྱུང་བའི་ཟིང་འཁྲུག་ཆེ་ཤོས་ཤིག་རེད།སྐད་གྲགས་ཆེ་བའི་ཧྥོ་ཀིན་སིན་དོན་རྐྱེན་ཡང་ཉེན་རྟོག་པས་མི་ནག་ལོ་གཞོན་ཞིག་བསད་པ་ལས་བྱུང་བ་རེད།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060