སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁ་པར་དཔེ་ཀློག་གི་དུས་རབས།
སྤེལ་དུས། 2015-08-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

༢༠༡༥ ལོའི་ཕྱི་ཟླ ༨ པའི་ཚེས ༡༤ ཉིན་ཤིན་ཧྭ་དྲ་བའི་གསར་ལམ་དུ།ཀྲུང་གོའི་གྲོང་ཁྱེར་གྱི་དཔེ་ཀློག་སྟོན་གྲངསདྲ་མི་ཁ་པར་དཔེ་ཀློག་ལ་ཞེན་ཞེས་པ་ཞིག་བཀོད་དེ། མིག་སྔའི་དྲ་མི་མང་ཤོས་ཁ་པར་དཔེ་ཀློག་བྱེད་པར་གོམས་ཤིང་ཞེན་པར་གྱུར་ལ། དཔེ་ཀློག་གི་གནས་བབ་ཀྱང་སྡུག་ནས་སྡུག་ཏུ་འགྲོ་བཞིན་པའི་གནས་ཚུལ་བརྗོད་འདུག

གཤམ་དུ་དངོས་གཞིའི་ནང་དོན་རེ་རེ་བཞིན་འགོད་པར།

དྲ་མི་ཁ་པར་དཔེ་ཀློག་ལ་ཞེན།ན་གཞོན་དང་བྱིས་པའི་ཀློག་དེབ་ཀྱིས་དཔེ་ཆའི་ཕྱེད་ཟིན། སྙན་ཞུ་འདིར་སྟོན་རྒྱུར། ཁ་པར་སོགས་དཔེ་ཀློག་གི་སྨྱན་རྫས་དར་བ་དང་སྟུན་ནས་དཔེ་ཀློག་ཅེས་པ་འདི་ཡང་སྣ་མང་ཅན་དུ་འགྱུར་བཞིན་འདུག་སྟེ། དྲ་མི་ཚོར་མཚོན་ན་དཔེ་ཀློག་བྱེད་པའི་ཐོག་མའི་གདམ་ཀ་ཁ་པར་དུ་གྱུར་འདུག་ལ། ཤོག་བུའི་དེབ་ཀྱི་ཁྱབ་ཁོངས་སུ་ན་གཞོན་དང་བྱིས་པའི་ཀློག་དེབ་ཀྱིས་ཕྱེད་ཙམ་ཟིན་འདུག ས་ཁོངས་ཀྱི་ཐད་ནས་བལྟས་ན་པེ་ཧྲང་ཀོང་ས་ཁུལ་གྱི་མིའི་ཆ་སྙོམས་དེབ་ཉོ་ཚད་ཆེས་མཐོ་ཤོས་སུ་ཆགས།

གོང་གི་སྡོམ་ཚིག་འདི་དག་ནི་ཆིན་ཧྭ་སློབ་ཆེན་སྨྱན་སྦྱོར་གསར་བའི་སྟོན་གྲངས་སྟེགས་བུ་དང་ཀྲུང་ཧྲན་གྲོང་ཁྱེར་དྲ་འཕྲིན་ཁང་། ཀོང་ཏུང་སློབ་གསོ་ཆ་ཚང་མ་རྐང་ཚད་ཡོད་ཀུང་སི་བཅས་མཉམ་འབྲེལ་གྱིས་བསྒྲགས་པ་ཡིན་ལ། འདི་དག་གིས ༢༠༡༤ ལོའི་ཟླ ༧ པ་ནས་༢༠༡༥ ལོའི་ཟླ ༧ པའི་བར་ཏིང་ཏིང་དང་ཏུང་ཅིན་དྲ་བ་གཉིས་ཀྱི་དཔེ་ཆ་ཉོ་ཚོང་གྲངས་གཞི་རྩར་བཟུང་སྟེ། གཞི་གྲངས་འབེལ་བོbig dataདང་རྩིས་ཁུངས་སྡོམ་རྩིསདབྱེ་ཞིབཀྱི་བྱེད་ཐབས་བརྒྱུད། རྒྱལ་ཡོངས་ཀྱི་དཔེ་ཆ་དང་ཀློག་རྡུལ་དེབ་ཀློག་པའི་གནས་ཚུལ་ཀྱི་སྐྱ་ཐིག་ཕབ་སྟེ། ཀློག་ཐབས་ལ་ཤུགས་རྐྱེན་ཐེབས་ཚུལ་བྱེ་བྲག་ཏུ་དབྱེ་བ་དང་གྲངས་ཀའི་ལམ་ནས་མཚོན་པ་ཞིག་ཏུ་བཀོད། དེར་མ་ཟད། སྙན་ཞུ་འདི་དཔེ་ཀློག་མཁོ་སྤྲོད་བྱས་པའི་པོད་ཕྲན་དང་སྐད་འཕྲིན་༢༩༤༤ མ་དཔེ་བཟུང་ནས་སྨྱན་སྦྱོར་གསར་བ་བརྒྱུད་པའི་དཔེ་ཀློག་གི་ཁྱབ་ཁོངས་དང་ཟབ་ཚད་ལ་དབྱེ་ཞིབ་བྱས་པ།

ཁ་པར་ལས་དཔེ་ཀློག་བྱེད་པ་ནི་དྲ་མི་ཚོའི་ཐོག་མའི་གདམ་ཀར་གྱུར་ཚུལ།

ཞིབ་འཇུག་སྙན་ཞུ་འདིར་སྟོན་རྒྱུར། ༢༠༡༢ ལོའི་ལོ་སྨད་ནས་བཟུང་གློག་ཀླད་བརྒྱུད་དཔེ་ཀློག་བྱེད་མཁན་ཉུང་དུ་ཕྱིན་པ་དང་། སྤོ་སྒུལ་ལག་ཆ་བརྒྱུད་དཔེ་ཀློག་བྱེད་མཁན་ཐད་མཐོང་གིས་ཇེ་མང་ཕྱིན་འདུག་སྟེ། དྲ་མི་འདི་དག་གི་ཁ་པར་བརྒྱུད་དཔེ་ཀློག་བྱེད་ཚུལ༣༨རུ་བསླེབས་པས། དེ་ནི་སྨྱན་བྱེད་གཉིས་པར་གྱུར་བའི་ཤོག་དེབ་ཀྱིས༢༧ཟིན་པ་དང་གསུམ་པར་བཟུང་པའི་གློག་ཀླད་ཀྱིས༡༧བཟུང་བ་ལས་མཐོ་བ་མངོན་གསལ་རེད། སྙན་ཞུ་འདིར་དེ་ལྟ་བུའི་གནས་བབ་ཆགས་པའི་རྒྱུ་རྐྱེན་དུ།"ཁ་པར་གྱི་དཔེ་ཀློག"གི་དཔེ་ཀློག་བྱེད་པར་སྟབས་བདེ་བ་དང་མ་རྩ་དམའ་བར་བརྗོད་འདུག

དཔེ་ཆའི་ཁྲོད་དུ་ན་གཞོན་དང་བྱིས་པའི་ཀློག་དེབ་ཀྱིས་ཕྱེད་ཟིན་པ་དང་སློབ་གསོའི་རིགས་ཀྱི་དེབ་མཁོ་ཆེ་ཚུལ།

སྙན་ཞུ་ལས། རྒྱལ་ཡོངས་སུ་ཆེས་བྲིན་པའི་དཔེ་རིགས་གསུམ་ནི་བྱིས་པའི་དེབ་དང་སློབ་འབྲིང་སློབ་མའི་སློབ་ཁྲིད་རམ་འདེགས་དེབ། བརྩམས་སྒྲུང་ཡིན་པ་དང་། ལྷག་པར་བྱིས་དེབ་དང་སློབ་ཁྲིད་རམ་འདེགས་དེབ་ཀྱི་བྲིན་ཚད་མངོན་གསལ་ཆེ། དེ་དག་ཁྲོད་ལོ་གཅིག་རིང་ལོ ༡༨ མན་གྱི་བྱིས་པ་དང་ན་གཞོན་གྱི་སློབ་ཁྲིད་རམ་འདེགས་དེབ་གྲངས་དུང་ཕྱུར་ལས་བརྒལ་བའི་ཚོང་རྒྱུགས་འདུག དེ་ནི་དཔེ་རིགས་གཞན་བརྒྱད་ཚོང་བའི་བསྡོམས་དང་མཚུངས།

པེ་ཧྲང་ཀོང་དུ་དཔེ་ཀློག་རྒྱུགས་ཆེ་མོད། རྒྱལ་ཡོངས་ཀྱི་དཔེ་ཀློག་མཁའ་དབུགས་སྐྱོ་སྐྱོ་བོར་ཆགས། སྙན་ཞུ་རུ། པེ་ཧྲང་ཀོང་ཧྲིན་བཞི་ནི་རྒྱལ་ཡོངས་དྲ་ཐོག་དཔེ་དེབ་ཉོ་ཚད་ཆེས་མང་ཤོས་ཀྱི་གྲོང་ཁྱེར་དུ་ཆགས་ཤིང་། དེ་དག་ཁྲོད་པེ་ཅིང་གི་ཉོ་རྒྱུགས་གཞན་ལས་མང་དང་མང་རེད་འདུག་པས། དྲ་ཐོག་དཔེ་དེབ་ཉོ་རྒྱུགས་དང་གྲོང་ཁྱེར་དར་རྒུད་ལ་འབྲེལ་བ་ངེས་ཅན་གནས་པ་ངེས་ཐུབ། བསྡོམས་རྩིས་ལྟར་ན། པེ་ཅིང་དང་ཀོང་ཏུང་། ཧྲང་ཧེ་ལས་གྲོང་ཁྱེར་གཞན་གྱི་དཔེ་ཀློག་སྟོན་གྲངས་ཉུང་ནང་ཉུང་དུ་ཆགས་འདུག་ལ། དཔེ་ཀློག་གི་མཁའ་དབུགས་ཤིག་མཁོ་པར་འདུག

"ཧལ་ཧོལ་དཔེ་ཀློག"གིས"སིམ་ཀློག"གི་ཚབ་བྱེད་པའི་གནས་ཚུལ་མངོན་གསལ་མཆིས། ཁ་པར"དཔེ་ཀློག"གི་ཁྲོད་དུ། བརྒྱུད་སྐུར་དང་དཔྱད་འཇོག་བྱས་ཚུལ་མངོན་གསལ་གྱི་ཉུང་ངུར་ཆགས་ཏེ།  མོས་རྟགས་རེ་བརྒྱབ་རྗེས་འཐུས་པར་བྱས།དེ་ལས་པོད་ཕྲན་སོགས་གཉེར་མཁན་དག་གིས་མོས་རྟགས་རེ་སྟོན་པ་ལས་སིམ་ཞུགས་བྱས་ཏེ་བློ་རྣལ་མོས་ཀློག་མཁན་དཀོན།

ཆིན་ཧྭ་སློབ་ཆེན་གྱི་གསར་འགྱུར་དང་སྙན་སྒྲོན་སློབ་གླིང་གི་སློབ་དཔོན་ཧྲིན་ཡང་གིས་ཀྲུང་གོའི་མིའི་ཆ་སྙོམས་དཔེ་ཀློག་ཚད་ཉུང་ངུར་འཕྲི་བའི་རྒྱུ་རྐྱེན་ནི། གཅིག་ནས་ཆུང་དུས་སློབ་སྦྱོང་གི་གོམས་གཤིས་ལས་ལྟ་ཀློག་གི་གོམས་གཤིས་སྦྱོང་བརྡར་བྱས་མེད་པ་དང་། གཉིས་སུ"སྟུན་ཐབས་སློབ་གསོ"འདིས་བྱིས་པ་ཚོར་སློབ་ཕྱིའི་དེབ་བཀླག་པའི་དུས་ཚོད་དང་སེམས་ཤུགས་སྤྲད་མེད་པར་འདོད།

(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070