ཀྲུང་ནན་ཧྲན་ནས་གནང་སྟངས་འདི་ལས་ང་ཚོར་སེམས་ཤུགས་ཀྱིས་ཁེངས།

中国藏语广播CNR 2021-05-14 14:58

       རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཞིང་ལྗོངས་དང་། གྲོང་ཁྱེར་31དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་བཅས་རྒྱལ་ཡོངས་ཀྱི་ཆ་ནས་རིམ་རྩིས་བྱས་ན། སྤྱི་ལོ་2021ལོའི་ཟླ་5ཚེས་12ཉིན་གྱི་བར་དུ་རང་རྒྱལ་གྱིས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱབ་ཐེངས་ཁྲི་35427.2ཟིན་ཡོད་པ་རེད། 

       རང་རྒྱལ་གྱི་རིམས་འགོག་སྨན་ཁབ་རྒྱག་ཚད་མ་མཐའ་ཡང་ཅི་འདྲ་ཞིག་ལ་སླེབས་ན་ད་གཟོད་ཚོགས་སྤྱིའི་རིམས་འགོག་(群体免疫)མངོན་འགྱུར་བྱེད་ཐུབ་བམ།  དེ་མངོན་འགྱུར་བྱེད་པར་ཕལ་ཆེར་དུས་ཡུན་ཇི་ཙམ་འགོར་རམ།  

       དེ་རིང་ཀོང་ཀྲོའུ་ནན་ཧྲ་རུ་སྐོར་འཚོགས་བྱས་པའི་ཨེ་ཤེ་ཡའི་ཚན་རིག་ལས་འཛིན་ལྷན་ཚོགས་སྐབས་20པའི་ཐོག ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་གཙོ་དོན་སྙན་ཞུ་གནང་སྐབས་འགག་རྩའི་གྲངས་གཞི་གཉིས་བཏོན་པ་དང་འབྲེལ་ཁོང་རང་ཉིད་ཀྱིས་རིམས་འགོག་སྨན་ཁབ་རྒྱག་བཞིན་པའི་པར་ཞིག་ཀྱང་ཡང་བསྟན་གནང་ཡོད། 

       པེ་ཅིང་ཉིན་རེའི་ཚགས་པར(ID:Beijing Daily)གྱིས་དེ་ནི་ཀྲུང་ནན་ཧྲན་གྱིས་མི་མང་འདུ་འཛོམས་བྱ་ཡུལ་དུ་རང་ཉིད་ལ་རིམས་འགོག་སྨན་ཁབ་རྒྱག་བཞིན་པའི་པར་སྟོན་ཐེངས་དོག་མ་ཡིན་པ་རེད། 



       ཀྲུང་ནན་ཧྲན་གྱིས་སྙན་ཞུའི་ནང་། གྲངས་གཞི་ལས་མངོན་པར། མིག་སྔར་ཀྲུང་གོའི་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ཚད་23%ཙམ་ལས་ཟིན་གྱི་མེད་པས། དེས་ཚོགས་སྤྱིའི་རིམས་འགོག་ཡེ་ནས་འདང་གི་མེད་ཅིང་། ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ཚད་ཉུང་མཐར་ཡང་70%ནས་80%་ལ་སླེབས་པ་བྱེད་དགོས་གསུང་པ་རེད།  

       ཁོང་ནས་སྟོན་པའི་གྲངས་གཞི་ཞིག་ལས་མངོན་པར། ཚོགས་སྤྱིའི་རིམས་འགོག་མངོན་འགྱུར་བྱེད་དགོས་ན། རིམས་འགོག་སྨན་ཁབ་ཀྱི་ནུས་ལྡན་རང་བཞིན་གྱིས་70%ཟིན་སྐབས་གོ་ལ་ཧྲིལ་པོ་དང་། ཀྲུང་གོ ཨེ་ཤེ་ཡ་དང་དེ་བཞིན་ཡོ་རོབ་བཅས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་རེ་རེ་བཞིན་ 89.2%དང་། 83.3% 80.2%  96.2%བཅས་ལ་སླེབས་དགོས་ཀྱི་ཡོད་པ་དང་། རིམས་འགོག་སྨན་ཁབ་ཀྱི་ནུས་ལྡན་རང་བཞིན་གྱིས་80%ཟིན་སྐབས། གོ་ལ་ཧྲིལ་པོ་དང་།ཀྲུང་གོ། ཨེ་ཤེ་ཡ། དེ་བཞིན་ཡོ་རོབ་བཅས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་ཚད་རེ་རེ་བཞིན་78%དང་། 72.9% 70.2% 84.2%བཅས་ལ་སླེབས་དགོས་ཀྱི་ཡོད་པ་རེད། 

       ཀྲུང་ནན་ཧྲན་གྱིས། ཚོགས་སྤྱིའི་རིམས་འགོག་མངོན་འགྱུར་ཡོང་བར་རང་བཞིན་དུ་རིམས་ནད་འགོས་པ(འགལ་རྐྱེན་མེད་པའི་ཆ་རྐྱེན་འོག་གི་འགོས་པ)ཕུད། གཞི་ཁྱོན་ཆེ་པོའི་སྒོ་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་ཡིན་ལ། དེ་ལྟར་བྱེད་པར་གོ་ལ་ཧྲིལ་པོས་ལོ་2ནས་3བར་གྱི་རིང་མཉམ་ལས་བྱེད་དགོས་ལ།  རྒྱལ་ཁབ་ཚང་མར་བདེ་འཇགས་མངོན་འགྱུར་མ་བྱུང་གོང་། རྒྱལ་ཁབ་གཅིག་ཀྱང་བདེ་འཇགས་ཡིན་མི་སྲིད་ཅེས་གསུངས་པ་རེད། 



       སྤྱི་ལོ་2021ལོའི་ཟླ་5ཚེས་9ཉིན་བར་གྱི་རིམས་འགོག་སྨན་ཁབ་རྒྱག་གྲངས་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ནི་ཀྲུང་གོ་དང་ཨ་རི་སྟེ། ཁག་སོ་སོར་རིམ་འགོག་སྨན་ཁབ་བརྒྱབ་ཚད་དུང་ཕྱུར་3.2དང་དུང་ཕྱུར་2.6ཟིན་ཡོད། སྨན་ཁབ་བརྒྱབ་པའི་བསྡུར་ཚད་མཐོ་ཤོས་ནི་དབྱི་སི་རལ་ཡིན་པ་དང་རྒྱལ་ཁབ་དེས་མི་འབོར་62%ལ་ཉུང་མཐར་ཡང་རིམས་འགོག་སྨན་ཁབ་གཅིག་རེ་བརྒྱབ་ཟིན།



       འཛམ་གླིང་གི་རྒྱལ་ཁབ་སོ་སོས་རིམས་འགོག་སྨན་ཁབ་བརྒྱབ་པའི་གྲངས་འབོར། གཞི་གྲངས་ཀྱི་འབྱུང་ཁུངས། Our world in data དབྱི་སི་རལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཕྱེད་ཀ་ཡན་ལ་ཉུང་མཐར་ཡང་རིམས་འགོག་སྨན་ཁབ་གཅིག་རེ་བརྒྱབ་ཡོད་པས། དབྱི་སི་རལ་འཕྲོད་བསྟེན་པུས་ཉེ་དུས་རིམས་འགོག་སྨན་ཁབ་ཀྱིས་དོན་དངོས་ཀྱི་སྲུང་སྐྱོང་ནུས་པར་དམིགས་ནས་ཕྱིར་དྲན་རང་བཞིན་གྱི་ཞིབ་འཇུག་བྱས་པ་མ་ཟད། རིམས་འགོག་སྨན་ཁབ་རྒྱ་ཁྱབ་ངང་བརྒྱབ་པ་དེས་རྒྱལ་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ལ་ཐེབས་པའི་ཤུགས་རྐྱེན་ལའང་དཔྱད་འཇོག་བྱས་པ་དེ་Lancetཞེས་པའི་ཐོག་ཏུ་སྤེལ་ཡོད་པ་རེད། 

       ཞིབ་འཇུག་བྱས་པ་ལྟར་ན། ལོ་ཚོད་ཡོད་ཚད་ཀྱི་ཁྲོད་(ལོ16གི་མན་ནས་ལོ85ཡན་གྱི་རྒན་རྒོན)སྨན་ཁབ་གཉིས་ཅན་གྱི་BNT16b2འགོག་ཁབ་ཀྱིས་ནད་རྟགས་ལྡན་པ་དང་ནད་རྟགས་མེད་པའི་SARS-CoV-2གཉིས་ཀ་འགོག་ཐུབ་ཀྱི་ཡོད་པ་དང་། དེས་ད་དུང་COVID-19ཀྱི་དབང་གིས་སྨན་ཁང་དུ་ལུས་པ་དང་། ནད་གཞི་ལྕི་བ། ཚེ་ལས་འདས་སོགས་ཀྱི་དོན་རྐྱེན་འབྱུང་བ་ཡང་སྔོན་འགོག་ཐུབ་ཀྱི་ཡོད། དེའི་ཁྲོད་དུ་B.1.7གཞན་འགྱུར་གྱི་ནད་དུག་འགོས་པའི་ནད་པའང་ཚུད་ཡོད། རིམས་འགོག་སྨན་ཁབ་རྒྱག་ཚད་མཐོ་རུ་འགྲོ་བཞིན་པ་དེ་ཏོག་གསར་རིམས་ནད་ཀྱི་ཐོན་ཚད་རྒྱུན་མཐུད་ནས་ཆག་བཞིན་པ་དང་འབྲེལ་བ་ཡོད། དོན་དངོས་དེ་དག་ཤེས་རྟོགས་བྱུང་བ་ལས་ཏོག་གསར་ནད་དུག་འགོག་ཁབ་བརྒྱབ་པ་དེས་ནད་དུག་འགོ་ཁྱབ་ཆེས་ཆེར་འགྲོ་རིགས་ནུས་ལྡན་ངང་ཚོད་འཛིན་ཐུབ་པ་མཚོན་གྱི་ཡོད། 

ང་ཚོའི་བརྙན་མཐོང་སྟེགས་བུ་“藏视界”དང་“扎西德勒”གཉིས་ལ་དོ་ཁུར་གནང་རོགས།

              藏视界                扎西德勒

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག ཟླ་བ་ཚེ་རིང། 

ཡིག་སྒྱུར། བྱམས་མཚོ།

原文来源:国家卫健委 北京日报

审稿:达瓦次仁

翻译:鲜初

编辑:桑吉卓玛

Read more