ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ2པའི་ཚེས1ཉིན་ཨུ་རུ་སུའི་སྨྱན་སྦྱོར་ཚན་པས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར་ཨ་རིའི་ཙུང་ཐུང་ཨོ་པ་མཱས་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་བཅའ་འདྲི་དང་ལེན་བྱེད་སྐབས། ཨ་རི་ནི2014ལོའི་ཟླ2པར་ཝུ་ཁེ་ལན་དུ་བྱུང་བའི་སྲིད་འགྱུར་ནང་ཧུར་ཐག་གིས་ཞུགས་ཡོད་པ་ཁས་ལེན་བྱས་ཡོད་པ་རེད།

ཨོ་པ་མཱས་བཅའ་འདྲིར་དང་ལེན་བྱེད་དུས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཁེ་ལི་མི་ཡ་དང་ཝུ་ཁེ་ལན་གྱི་གནད་དོན་ལ་རང་ཉིད་ཀྱིས་གཏན་འབེབས་བྱས་ཡོད། དེ་ནི་གལ་ཆེའི་འཐབ་ཇུས་གཞན་ཞིག་ལ་བསམ་གཞིགས་བྱས་པ་ཞིག་མ་ཡིན་པར། མའེ་ཏན་གྱི་ངོ་རྒོལ་པའི་བྱ་སྤྱོད་ཀྱི་རྐྱེན་པས་ཁོང་གི་བསམ་བློར་གཡོ་འགུལ་ཐེབས་པ་ཞིག་ཡིན་པ་དང་། དེ་རྗེས་ཝུ་ཁེ་ལན་གྱི་ཙུང་ཐུང་ཟུར་པ་ཡ་ཎུ་ཁེ་ཝེ་ཆི་ཡང་ཝུ་ཁེ་ལན་ནས་ཁ་བྲལ་བར་བརྟེན། ཨ་རི་ད་གཟོད་ཝུ་ཁེ་ལན་གྱི་དབང་ཆ་བར་བརྒལ་བྱེད་པའི་འཕེལ་རིམ་ནང་ཞུགས་པ་ཡིན་ཞེས་གསུངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།