མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམའ་བའི་ཟླ་ཕོགས་དང་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་བ།

  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-05-01 20:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 《ཆེས་དམའ་བའི་ཟླ་ཕོགས་གཏན་ཁེལ》དང《ལས་ཤོར་འགན་བཅོལ་སྲོལ་ཡིག》གི་བླང་བྱ་དང་བསྟུན་ནས། ཟླ4བའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། ཟླ5བའི་ཚེས1ཉིན་ནས་བཟུང་རང་ཞིང་གི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དང་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་པར་ཐག་བཅད། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དང་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དེ་ད་ལྟའི་རྨང་གཞི་སྟེང་མི་རེར་ཟླ་རེར་སྒོར200རེ་ཇེ་མང་དུ་བཏང་ཡོད་པ་རེད།

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲང་ཡན་ཧྲེན་གྱིས་ཞིང་ཆེན་ཡོངས་ཀྱི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དང་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་བརྡ་བསྒྲགས་བྱས། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དང་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དེ་ད་ལྟའི་རྨང་གཞི་སྟེང་མི་རེར་ཟླ་རེར་སྒོར200རེ་ཇེ་མང་དུ་བཏང་ཞིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཟླ་རེའི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར1050རེ་ནས་སྒོར1250བར་ཇེ་མཐོར་བཏང་བ་དང་། དུས་ཚོད་རེའི་ཆེས་དམའ་བའི་ཟླ་ཕོགས་ཚད་གཞི་དེ་མི་རེར་དུས་ཚོད་རེར་སྒོར10.6རེ་ནས་སྒོར12.7རེ་བར་ཇེ་མཐོར་བཏང་། མཚོ་ལྷོ་ཁུལ་དང་། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ་གྱི་ཟླ་རེའི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར1060རེ་ནས་སྒོར1260རེ་བར་ཇེ་མཐོར་བཏང་བ་དང་། དུས་ཚོད་རེའི་ཆེས་དམའ་བའི་ཟླ་ཕོགས་ཚད་གཞི་དེ་མི་རེར་དུས་ཚོད་རེར་སྒོར10.7རེ་ནས་སྒོར12.8རེ་བར་ཇེ་མཐོར་བཏང་། མཚོ་བྱང་ཁུལ་དང་། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ་གྱི་ཟླ་རེའི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར1070རེ་ནས་སྒོར1270རེ་བར་ཇེ་མཐོར་བཏང་བ་དང་། དུས་ཚོད་རེའི་ཆེས་དམའ་བའི་ཟླ་ཕོགས་ཚད་གཞི་དེ་མི་རེར་དུས་ཚོད་རེར་སྒོར10.8རེ་ནས་སྒོར12.9རེ་བར་ཇེ་མཐོར་བཏང་། ལས་ཤོར་འགན་བཅོལ་མ་དངུལ་ཇེ་མཐོར་གཏོང་བའི་ཚད་གཞི་ནི། ཞིང་ཆེན་ཡོངས་ཀྱི་ལས་ཤོར་འགན་བཅོལ་མ་དངུལ་ལོངས་སུ་སྤྱོད་བཞིན་པའི་མི་རེའི་ཟླ་རེར་ད་ལྟའི་རྨང་གཞི་སྟེང་གཅིག་གྱུར་སྒོས་སྒོར200རེ་ཇེ་མང་དུ་བཏང་ཡོད། དེའི་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་མི་རེའི་ཟླ་རེར་སྒོར520རེ་ནས་སྒོར720རེ་བར་ཇེ་མཐོར་བཏང་། མཚོ་ལྷོ་ཁུལ་དང་། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ་གྱི་མི་རེའི་ཟླ་རེར་སྒོར530རེ་ནས་སྒོར730རེ་བར་ཇེ་མཐོར་བཏང་། མཚོ་བྱང་ཁུལ་དང་། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ་གྱི་མི་རེའི་ཟླ་རེར་སྒོར540རེ་ནས་སྒོར740རེ་བར་བཅས་ཇེ་མཐོར་བཏང་ཡོད་པས། འདི་ནི་མཚོ་སྔོན་གྱིས་ཐེངས་བཅུ་བར་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་བ་རེད།

ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དང་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་བ་དེ་ནི་ད་ལོའི་དམངས་འཚོའི་དོན་དངོས་བཅུ་དངོས་འབེབས་བྱེད་པ་དང་། དམངས་འཚོ་བྱ་བ་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་ལས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེའི་ཡོང་སྒོ་དམའ་བའི་ངལ་རྩོལ་བ་དང་ལས་ཤོར་མི་སྣར་དོ་ཁུར་ཆེན་མོ་གནང་བཞིན་ཡོད་པ་མཚོན་ཐུབ་ལ། ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པ་མ་ཟད། སྤྱི་ཚོགས་འདྲ་མཉམ་ཡིན་པར་མཚོན་པ་དང་སྤྱི་ཚོགས་བརྟན་རླིང་ཡོང་བར་དོན་སྙིང་གལ་ཆེན་ལྡན་ནོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག