འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཤའོ་ཡ་ཆིང་གིས་མཉམ་བསྲེས་དབང་
    བའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚད་བརྒལ་ཡོང་གཞི་སྔར་བས་རྒྱ་ཆེར་
    གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཤའོ་ཡ་ཆིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་2017ལོར་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་སྒྱུར་བཅོས་བྱེད་རྒྱུ་ནི་སྔར་བཞིན་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཚད་བརྒལ་ཡོང་གཞི་སྔར་བས་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།
         ཤའོ་ཡ་ཆིང་གིས་ལག་ལེན་གྱི་འཕེལ་རྒྱས་དང་ཕན་འབྲས་གཞིར་བཟུང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་མཉམ་བསྲེས་སྒྱུར་བཅོས་ཐད་གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བའི་འགན་ལེན་དང་རྒྱུ་ནོར་བར་སིམ་སྔོན་འགོག་བྱེད་དགོས་ལ་སྒྱུར་བཅོས་ནང་ཞུགས་མཁན་བྱེད་པོ་ཁག་ལ་རེ་སྒུག་བྱེད་པའི་ཁྲོམ་རའི་རེ་བ་དང་མཐུན་པའི་ཁེ་སྤོགས་ཐོབ་པའི་འགན་ལེན་ཡང་བྱེད་དགོས་ཞེས་གསུངས་པ་རེད།
         ཁོང་གིས“མཉམ་བསྲེས་བྱེད་རྒྱུར་འཚམ་ན་མཉམ་བསྲེས་བྱེད་པ་དང་། ཁེར་ཚུགས་བྱེད་རྒྱུར་འཚམ་ན་ཁེར་ཚུགས་བྱེད་པ། ཚོད་འཛིན་བྱེ་རྒྱུར་འཚམ་ན་ཚོད་འཛིན་བྱེད་པ་བཅས་བྱེད་དགོས་ལ་མ་རྐང་ནང་ཞུགས་ནའང་ཆོག”ཅེས་ནན་བཤད་གནང་བ་དང་། ཁོང་གིས་གཞུང་ཁོངས་ཁེ་ལས་ཐམས་ཅད་ལ་མཉམ་བསྲེས་དབང་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ་མེད། ལག་ལེན་ཁྲོད་དུའང་མཉམ་བསྲེས་བྱས་ན་གོ་ཆོད་པའི་ངེས་པ་མེད་ཅེས་ནན་བཤད་གནང་བ་རེད།
         ཁོང་གིས“མཉམ་བསྲེས་སྒྱུར་བཅོས་ནི་བྱེད་ཐབས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་དེ་ནི་བྱ་ཐབས་གཅིག་པུ་ཁོ་ན་མ་རེད། སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ངེས་པར་དུ་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་སུ་སྐྱོད་ནས་མཉམ་བསྲེས་དབང་བའི་ལམ་ལུགས་སྒྱུར་བཅོས་ལེགས་པར་བྱེད་དགོས”ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།