ད་ལོར་སྤྱི་སྤྱོད་ཀྱི་གནས་སྐབས་རླངས་འཁོར་འཇོག་ས311 བསྒྱུར་བཀོད་འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན ། “རླངས་འཁོར་འཇོག་དཀའ་བ”ནི་ཟི་ལིང་གྲོང་ཁྱེར་གྱི་གྲོང་མིའི་འགྲོ་འོང་གི་འགྲིམ་འགྲུལ་དཀའ་གནད་ཆེན་པོ་་ཞིག་རེད། ད་ལོའི་ཟི་ལིང་གྲོང་ཁྱེར་གྱིས《སྲིད་གཞུང་གི་བྱ་བའི་སྙན་ཞུ》ཁྲོད་ཀྱི“སྤྱི་སྤྱོད་ཀྱི་གནས་སྐབས་རླངས་འཁོར་འཇོག་ས311 བསྒྱུར་བཀོད་འཛུགས་སྐྲུན་དང་། ལམ་རྒྱུད་ཀྱི་འབབ་ཚུགས11380བཅས་འདི་ལོར་ལས་འགོ་ཚུགས་ནས་བེད་སྤྱོད་བཏང་ནས་གྲོང་ཁྱེར་གྱི་ཁུལ་གཙོ་བོ་རུ་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་སྐོར་བཀོད་ཡོད ། ”

  ཁ་སང་། གསར་འགོད་པས་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ལས་རྒྱུས་ལོན་བྱུང་བ་ལྟར་ན།

  ལས་ཀའི་བཀོད་སྒྲིག་ལྟར། ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་ཀྱི་གནས་སྐབས་རླངས་འཁོར་འཇོག་ས་བཅོས་སྒྲིག་བྱ་བ་དེ2015ལོ་ནས2016ལོ་བར་ཡིན། ས་ཁོངས་དང་སྲང་ལམ་རིམ་པ་ལྟར། ད་ལྟའི་ཡོད་པའི་འགྲོ་ལམ་གཞོགས་གཉིས་ཀྱི་སྤྱི་སྤྱོད་ཀྱི་ ཀྱིཀྱི་དིལས་ལསདལ་བགནས་སྐབས་རླངས་འཁོར་འཇོག་ས་བསྡོམས་པའི 321ལ་གཅིག་གྱུར་གྱི་བཅོས་སྒྲིག་བྱས་ནས། ལུགས་མཐུན་མིན་པའི་རླངས་འཁོར་འཇོག་ས10ལ་འཆར་གཞི་ལྟར་མེད་པར་བཟོས་པ་དང་། རླངས་འཁོར་འཇོག་ས311 འཆར་འགོད་འཛུགས་སྐྲུན(བསྒྱུར་བཀོད) བྱས་ཏེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2བཏང་།

  དེའི་ནང2015ལོར་ནས2016ལོའི་ལོ་སྟོད་ལ། ཟི་ལིང་གྲོང་ཁྱེར་གྱིས་སྤྱི་སྤྱོད་ཀྱི་གནས་སྐབས་རླངས་འཁོར་འཇོག་ས169འཆར་གཞི་ལྟར་བཅོས་སྒྲིག་དང་རླངས་འཁོར་འཇོག་ས3 མེད་པར་བཟོ་རྩིས་ཡོད། རླངས་འཁོར་འཇོག་ས166འཛུགས་སྐྲུན(བསྒྱུར་བཀོད)བྱེད་རྩིས་ཡོད། 2016 ལོའི་ལོ་སྨད་ལ་ཟི་ལིང་གྲོང་ཁྱེར་གྱིས་སྤྱི་སྤྱོད་ཀྱི་གནས་སྐབས་རླངས་འཁོར་འཇོག་ས152 བཅོས་སྒྲིག་ དང་། རླངས་འཁོར་འཇོག་ས7མེད་པར་བཟོ་བ་དང་། རླངས་འཁོར་འཇོག་ས145 འཛུགས་སྐྲུན(བསྒྱུར་བཀོད) བྱེད་རྩིས་ཡོད།

ལོ་ཙཱ་བ། ཨ་གཡང་སྐྱིད།