འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གིས་འཇེམ་འཁོར་བར་ཐོ་ཐུག་བརྒྱབ་ནས་མི་བཞིར་རྨས་ཡང་མོ་ཕོག་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཟླ4བའི་ཚེས20ཉིན། ནུབ་ཧྭང་གི་རིམ་པ་དང་པོའི་གཞུང་ལམ་གྱིK1827+800mསྟེང་།འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གིས་རླངས་འཁོར་ཆུང་བ་ཅིག་ལ་རྡུང་བའི་དོན་རྐྱེན་ཁྲོད་མི་བཞིར་རྨས་སྐྱོན་ཡང་མོ་ཕོག་འདུག

  རྒྱུས་ལོན་བྱུང་བ་ལྟར་ན།ཉིན་དེའི་དུས་ཚོད14དང་སྐར་མ10ཡི་སྟེང་།འགྲུལ་སྐྱེལ་རླངས་འཁོར་ནུབ་ཧྭང་རིམ་པ་དང་པོའི་གཞུང་ལམ་སྟེང་སྟོང་སྐོར་ནས་ཟི་ལིང་ལ་སྐྱོད་པའི་ལམ་བར་དུ་རླངས་འཁོར་ཆུང་བ་ཞིག་ལ་གདོང་ཐུག་བརྒྱབ་སྟེ།འགྲུལ་སྐྱེལ་རླངས་འཁོར་ནང་གི་མི3དང་རླངས་འཁོར་ཆུང་བའི་ཁ་ལོ་བ་བཅས་ལ་རྨས་སྐྱོན་བཟོས་པ་རེད།

  དོན་རྐྱེན་བྱུང་བའི་ཁྲོད་རླངས་འཁོར་དེ་གཉིས་ཀྱི་ལྷུ་ལག་འགའ་ཤས་ལ་གཏོར་སྐྱོན་བཏང་འདུག དུས་ཚོད16སྟེང་དུ་འགྲུམ་འགྲུལ་ཉེན་རྟོག་པའི་ད་དུང་ཡུལ་དངོས་ནས་ཐག་གཅོད་བྱེད་ཀྱི་འདུག དོན་རྐྱེན་བྱུང་བའི་རྒྱུ་མཚན་སྔར་ལས་ལྷག་པའི་སྒོ་ནས་རྟོ་ཞིབ་བྱེད་བཞིན་པའི་སྒང་རེད།

  ལོ་ཙཱ་བ།རྟ་མགྲིན་དཔལ།