གྲང་ཝེན་ཇོན་ཧྲང་ཧེའི་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་བཞི་པར་ཞུགས་པ།

  སྤྱི་ཚེས་༧ཉིན་ཧྲང་ཧེའི་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་བཞི་པ་དེ་ཧ་སག་སི་ཐན་གྱི་ཨ་སི་ཐ་ནར་སྐོང་འཚོགས་བྱས་ཡོད། ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་གྲང་ཝན་ཇོན་གྱིས་ཚོགས་པའི་སྣེ་ཁྲིད་གནང་ནས་གྲོས་ཚོགས་ལ་ཞུགས་པ་དང་གསུང་བཤད་གནང་ཡོད། གྲང་ཝན་ཇོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིང་བའི་གོང་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཐོག ཚོགས་ཞུགས་རྒྱལ་ཁབ་དང་སྒྲིག་འཛུགས་ལ་མཉམ་ལས་ཇུས་ཆེན་མཉམ་གྲོས་བྱེད་པ་དང་། མཉམ་ལས་སྟེགས་བུ་མཉམ་བསྐྲུན་བྱེད་པ། མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་རླབས་ཆེའི་གྲོས་འགོ་བཏོན་གནང་ཡོད། མིག་སྔར་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དེ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཧྲང་ཧེའི་མཉམ་ལས་སྒྲིག་འཛུགས་ཀྱི་གོམ་སྟབས་རྗེས་མའི་གོང་འཕེལ་ཆེད་གོ་སྐབས་བཟང་པོ་ཞིག་གཏོད་ཡོད། མིག་སྔ་དང་ཕྱིན་ཆད་དུས་མཚམས་ཤིག་རིང་། ཧྲང་ཧེའི་མཉམ་ལས་སྒྲིག་འཛུགས་ཀྱི་འགོག་སྲུང་བྱ་སྤྱོད་བདེ་འཇག་མཉམ་ལས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་རྒྱལ་ཁབ་ཁག་གིས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་ཅེས་གསུངས་ཡོད། ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོག་སྲུང་སྡེ་ཁག་དང་དམག་དཔུང་གི་དབུ་ཁྲིད་མི་སྣས་ཧྲང་ཧེའི་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གི་མཉམ་འབྲེལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་ཡོད་པ་རེད།