མིའི་རིགས་ཀྱི་རྒྱུད་རྒྱུ་སྒྲིག་བཟོ་བྱེད་པའི་ཞིབ་འཇུག་ཞིག་དབྱིན་ཇི་ནས་ལས་མགོ་བརྩམས་འདུག

  རྒྱུད་རྒྱུ་སྒྲིག་བཟོ་མཁན་སྐྱེས་མ་ཞིབ་འཇུག་པyanKathy Niakan།

 

  ཟླ2པའི་ཚེས1ཉིན་ལ། དབྱིན་ཇིའི་མིའི་རིགས་ཀྱི་བུ་བཙའ་དང་སྦྲུམ་རྟེན་རིག་པའི་དོ་དམ་ཅུས་(Human Fertilisation and mbryology Authority)ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། དབྱིན་ཇིའི་ལུན་ཏུན་དུ་ཡོད་པའི་ཧྥོ་ལིང་ཞི་སི·ཁེ་ལི་ཁེ་ཞིབ་འཇུག་ཁང་(Francis Crick)གི་ཞིབ་འཇུག་པ་Kathy Niakanཟེར་བ་ཞིག་གིས་ཕུལ་བའི་མིའི་རིགས་ཀྱི་སྦྲུམ་རྟེན་སྒྲིག་བཟོ་བྱ་བའི་སྙན་ཞུར་ཆོག་མཆན་གནང་བ་ཡོངས་བསྒྲགས་བྱས་ལ། འདི་ནི་འཛམ་གླིག་ཐོག་རྒྱལ་ཁབ་ཀྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མིའི་རིགས་ཀྱི་སྦྲུམ་རྟེན་སྒྲིག་བཟོ་སྐོར་གྱི་ཞིབ་འཇུག་ལ་ཆོག་མཆན་གནང་བ་ཐོག་དང་པོ་རེད་འདུག

   

  དབྱིན་ཇིའི་མིའི་རིགས་ཀྱི་བུ་བཙའ་དང་སྦྲུམ་རྟེན་རིག་པའི་དོ་དམ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། དབྱིན་ཇིའི་ལུན་ཏུན་དུ་ཡོད་པའི་ཧྥོ་ལིང་ཞི་སི·ཁེ་ལི་ཁེ་ཞིབ་འཇུག་ཁང་(Francis Crick)གི་ཞིབ་འཇུག་པ་Kathy Niakanཟེར་བ་ཞིག་གིས་ཕུལ་བའི་མིའི་རིགས་ཀྱི་སྦྲུམ་རྟེན་སྒྲིག་བཟོ་བྱ་བའི་སྙན་ཞུར་ཆོག་མཆན་ཐོབ་པ་དངོས་སུ་ཡོངས་བསྒྲགས་བྱས།

  སྐྱེས་མ་ཞིབ་འཇུག་པ་Kathy Niakanནི་ད་བར་དུ་རུམ་དཀར་ཁམས་དམར་འཚར་སྐྱེས་བྱུང་ནས་སྦྲུམ་སྣོད་(ཁམས་དཀར་ཉར་བའི་ཁམས་དམར་ཉིན་ལྔ་ལ་འཚར་སྐྱེས་བྱུང་བའི་མཇུག་འབྲས)དུ་འགྱུར་བའི་ནང་རྐྱེན་ཆགས་གྲུབ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན། སྦྲུམ་སྣོད་ལ་མཚོན་ན་ཕྲ་ཕུང་རིགས་མི་འདྲ་བ་མང་པོ་ཞིག་གིས་གྲུབ་ཅིང་། དེའི་ནང་མངལ་སྦྲུམ་ཕྲུ་གུ་འཚར་བྱེད་དེ་ལ་སྦྲུམ་སྣོད་ཕྱི་རིམ་གྱི་མེས་གྱུར་ཕྲ་ཕུང་ཟེར། Niakanཡི་དཔྱད་འབྲས་དེ་དག་ནི་གཙོ་བོ་ནད་ཐོག་བུ་སྐྱེས་གཤེགས་བཅོས་ཁྲོད་ཐོབ་པའི་མིའི་སྦྲུམ་རྟེན་གྱི་མ་དཔེ་ལ་བརྟེན་ནས་ཚོད་ཞིབ་བྱས་པ་ལས་ཐོབ་པ་ཞིག་རེད། སྤྱིར་མིའི་རིགས་ཀྱི་སྦྲུམ་རྟེན་རྒྱུད་རྒྱུ་ཚོགས་པ་སྒྲིག་བཟོ་ལ་བརྟེན་ནས་ནད་གཞི་སྨན་བཅོས་བྱེད་པའི་བྱེད་སྤྱོད་ནི་དབྱིན་ཇི་ནས་ཁྲིམས་འགལ་ཡིན་རུང་། HFEAཡི་ཆོག་འཐུས་ཐོབ་ཡོད་ཚེ་འབྲེལ་ཡོད་ཞིབ་འཇུག་བྱ་ཆོག་པ་རེད།

  ན་ནིང་གི་ཟླ9བའི་ནང་ལ། Niakanཡིས་དབྱིན་ཇིའི་མིའི་རིགས་ཀྱི་བུ་སྐྱེས་དང་སྦྲུམ་རྟེན་རིག་པའི་དོ་དམ་ཅུས་ལ་མིའི་རིགས་ཀྱི་སྦྲུམ་རྟེན་གསར་བ་བཟོ་བའི་ཐོབ་ཐང་དགོས་པའི་རེ་འདུན་ཞུ་བའི་ཞོར་ལ། Crispr-Cas9རྒྱུད་རྒྱུ་སྒྲིག་བཟོ་ལག་རྩལ་དེ་ཡང་ཞིབ་འཇུག་གི་གྲས་སུ་འཇོག་དགོས་པའི་སྙན་ཞུ་ཕུལ་ཡོད། མོས་དེ་ལྟར་ཞུ་དོན་གཙོ་བོ་ཞིབ་འཇུག་ཁྲོད་ལ་ Crispr-Cas9ལག་རྩལ་སྤྱད་ན་སྦྲུམ་རྟེན་གྱི་དགོས་མཁོ་ཇེ་ཉུང་དུ་གཏོང་ཐུབ་པའི་ཕྱིར་རེད། ད་ལྟ་ཞིབ་འཇུག་གཞན་དག་ཁྲོད་ Crispr-Cas9ལག་རྩལ་གྱི་ཕན་འབྲས་ཧ་ཅང་ལེགས་པས། ཞིབ་འཇུག་ཚོགས་པས་ Crispr-Cas9ལག་རྩལ་ལ་བརྟེན་ནས་སྦྲུམ་རྟེན་ཁྲོད་དུས་གཅིག་ཏུ་རྒྱུད་རྒྱུ་འདྲ་མཚུངས་བཅུ་བསྐྱེད་ཐུབ་པར་མོ་ལ་གདེང་ཚོད་ཀྱིས་ཁེངས་འདུག །

  
Crispr-Cas9ལག་རྩལ་ནི་རྒྱུད་རྒྱུ་གྲུབ་ཆའི་བར་ཁྱད་དམིགས་སུ་བཀར་ནས་ངེས་གཏན་ཡོད་པའི་སྒོ་ནས་བསྒྱུར་བཟོ་ཐུབ་པ་མ་ཟད། ཕྲ་ཕུང་དང་ཐ་ན་སྐྱེས་དངོས་ཕུང་བོ་ཡོངས་ཀྱི་རྒྱུད་རྒྱུ་གྲུབ་ཆ་བསྒྱུར་བཟོ་ཐུབ་པའི་ལག་རྩལ་ཞིག་རེད།
ལོ་ཙཱ་བ། ཁོན་ཐར་འཚོ།