ཟླ་བཞི་བར་མཚོ་སྔོན་ཞིང་ཆེན་གྱིས་ཐེ་གོ་མན་ཀུའུ་ནས་ཡོང་བའི་གནས་སྐོར་པ་ཐོག་དང་པོར་སྣེ་ལེན་བྱས་པ།

  ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅོ་བརྒྱད་ཡས་མས་སུ། ཐེ་གོ་མན་ཀུའུ་ནས་འཕུར་ཡོང་བའིMUབདུན་ཐིག་གསུམ་བཞི་རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཟི་ལིང་ཚོ་ཅ་པུའུ་གནམ་གྲུ་ཐང་དུ་བབས། དེ་ནི་ཐོག་དང་པོར་ཐད་ཀར་ཐེ་གོ་ནས་གནམ་གྲུར་བསྡད་དེ་མཚོ་སྔོན་ལ་ཐོན་པའི་མགྲོན་པོ་སྐོར་དང་པོ་རེད། ཁོ་ཚོས་སྐུ་འབུམ་དགོན་པ་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སོགས་མཛེས་ལྗོངས་སུ་ལྟ་སྐོར་དུ་བྱེད་རྒྱུ་ཡིན་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་རྒྱལ་སྤྱིའི་མཁའ་ལམ་གསུམ་ཕྱེས་པའི་ཚུན་ལ། གཞི་ཁྱོན་ཆེ་བའི་གནས་སྐོར་ཚོགས་པ་ཐོག་མ་རེད།

  ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་གནམ་གྲུ་ཐང་རྟེན་གཞིར་གྱུར་ཏེ། པེ་ཅིན་དང་། ཧྲང་ཧེ། ཧྲིན་ཀྲིན། ཁྲིན་ཏུའུ་དང་། ཞི་ཨན། ཁུན་མེན། ཀྲུའུ་ཧེ། སན་ཡ་སོགས་མཁའ་ལམ་གཙོ་བོར་སྦྲེལ་བ་དང་། གཏེར་ལེན་ཁ་དང་། ན་གོར་མོ་སོགས་ཡན་ལག་མཁའ་ལམ་དང་སྦྲེལ་ནས། ཐད་ཀར་དུ་མན་ཀུའུ་ལ་འཕུར་བའི་རྒྱལ་སྤྱིའི་མཁའ་ལམ་གྱི་དྲ་རྒྱ་དེ་ས་གནས་མཁའ་འགྲུལ་མཐོ་སྒང་དུ་ཁེབས་པ་དང་། ཞིང་ཆེན་ཕྱི་ནང་དང་སྦྲེལ་ནས་རྒྱལ་ཡོངས་དང་རྒྱལ་སྤྱི་ལ་སྦྲེལ་བའི་དམིགས་འབེན་མངོན་འགྱུར་བྱས་པས། ཕྱིོན་ཆད་མཚོ་སྔོན་ཞིང་ཆེན་གྱིས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་བྱ་བ་གོང་འཕེལ་དུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་ལ་ཡར་སྐུལ་བྱེད་པར་ནུས་པ་གལ་ཆེན་ཐོན་ངེས། ཉིན་རེ་བཞིན་དར་རྒྱས་ཡིན་པའི་བར་སྣང་འགྲིམ་འགྲུལ་དང་རྒྱུན་སྲིང་ངང་ཤུགས་སྣོན་བཞིན་པའི་དྲིལ་སྒྲོག་སྐུལ་འཚོང་གི་སྣེ་ཁྲིད་འོག ད་ལོའི་དུས་ཚིགས་དང་པོར་མཚོ་སྔོན་དུ་ཡོང་བའི་གནས་སྐོར་པའི་གྲངས་ཀ་ཇེ་མང་དུ་སོང་ནས་བརྒྱ་ཆའི་ཉི་ཤུ་འཕར་བ་དང་། འབྲེལ་ཡོད་མི་སྣས་ཚོད་དཔག་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་དུ་ཡོང་བའི་གནས་སྐོར་པའི་གྲངས་ཀ་ཁྲི་དྲུག་ལྷག་ཏུ་བསླེབ་ངེས་ཟེར།