UNDP-GEFམཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ལས་གཞིར་རྒྱལ་སྤྱིའི་ཆེད་མཁས་ཚན་ཆུང་གིས་དཔྱད་ཞིབ་བྱས་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ལས་ཁུངས(UNDP)དང་འཛམ་གླིང་ཁོར་ཡུག་ཐེབས་རྩ་ཚོགས་པ(GEF)། མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་བཅས་ཀྱིས་མཉམ་འབྲེལ་གྱིས་ལག་བསྟར་བྱས་པའི“མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཁུལ་གྱི་མཉམ་བདག་ལས་གཞི”དེ2014ལོ་ནས་བཟུང་ཟོ་སྐྱ་ཞང་སྡེ་བ་བཞི་ནས་དཔེ་སྟོན་ས་ཚུགས་ཀྱི་འཛུགས་སྐྲུན་མགོ་བརྩམས་པ་ཡིན་ལ། དེ་ནས་ལོ་བཞིའི་ལྷོད་མེད་ཀྱི་བརྩོན་པ་བྱས་པ་བརྒྱུད་དེ་རྣམ་གྲངས་སོ་སོའི་ལས་འགན་བདེ་བླག་གིས་ལེགས་འགྲུབ་བྱུང་ལ་གྲུབ་འབྲས་ཀྱང་མི་མན་པ་ཞིག་བླངས།

  ལས་གཞིའི་ལག་བསྟར་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ལྟ་ཞིབ་བྱ་ཆེད་ཉམས་མྱོང་སྤྱི་སྡོམ་དང་རྒྱུན་མཐུད་རང་བཞིན་ལ་འགན་ལེན་བྱས་ཏེ། ལས་གཞིའི་བྱ་བའི་འཆར་འགོད་གཞིར་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ལས་ཁུངས་ཀྱི་ཡན་ལག་འཐུས་ཚབ་ཁྲུའུ་མངགས་གཏོང་ཁང་གི་རྒྱལ་སྤྱིའི་དཔྱད་ཞིབ་ཆེད་མཁས་པJames(ཀྲན་མུའུ་སུའུ)དང་བློ་མཐུན་ནེའུ་ཧྲུའུ་གཉིས་མཚོ་སྔོན་དུ་ཡོང་ནས་ལས་གཞི་ལ་དུས་མཇུག་དཔྱད་ཞིབ་བྱས། ཞིང་ཆེན་ནགས་ལས་ཐིན་གྱིས་དུས་མཇུག་དཔྱད་ཞིབ་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ལས་གཞི་ལག་བསྟར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་ཞའོ་དབྱིན་གྱིས་མགོ་འཛིན་བྱས་ལ། ཐིན་ཀྲང་གཞོན་པ་ཀའོ་ཅིན་ཡུའུ་ཡིས་གཏམ་བཤད་གནང་། ཆེད་མཁས་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ལས་གཞི་ས་ཁུལ་བཅུ་གཉིས་ནས་རྨ་ཁུག་ས་ཁུལ་དང་ཟོ་སྐྱའི་ས་ཁུལ་བདམས་དེ་དུས་མཇུག་དཔྱད་ཞིབ་བྱ་བ་བསྒྲུབས།

  བློ་མཐུནJamesཀྱིས་ལས་གཞིའི་དུས་མཇུག་དཔྱད་ཞིབ་ཀྱི་ནང་དོན་དང་བླང་བྱ་གཙོ་བོ་ངོ་སྤྲོད་བྱས། ཉེ་སྔོན། ཞིང་ཆེནGEFལས་གཞིའི་སྤྱི་གཉེར་པ་བློ་མཐུན་ཧྥན་ལུང་ཆིན་དང་ཆེད་མཁས་པ་གཞན་དག་གི་འགྲོ་རོགས་འོག་འབྲི་སྟོད་རྫོང་ཟོ་སྐྱ་ཞང་དུ་སོང་ནས་དཔྱད་ཞིབ་དང་རྩད་ཞིབ་བྱས། ཟོ་སྐྱ་ཞང་གིGEFའགན་ཁུར་པའམ་ཞང་ཀྲང་སྐར་མ་ཡེ་ཤེས་དང་ལས་གཞི་ལག་བསྟར་འགན་ཁུར་མི་སྣ་བློ་མཐུན་ཞའེ་རན་གཉིས་ཀྱིས་ཟོ་སྐྱ་ཞང་གིས་ལས་གཞི་ཇི་ལྟར་ལག་བསྟར་བྱས་པའི་གནས་ཚུལ་གྱི་བྱ་བའི་སྙན་ཞུར་ཉན་ལ། གཞུང་སྒྲུབ་ཁང་དང་ཡིག་ཚགས་སོགས་ཀྱི་འཛུགས་སྐྲུན་བྱ་བར་ལྟ་ཞིབ་བྱས། ཟོ་སྐྱ་ཞང་གི་འགོ་ཁྲིད་གཙོ་བོ་དང་སྡེ་བའི་སྡོད་ཁུལ་གྱི་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ལ་ཞུགས།

  ལས་གཞི་ལག་བསྟར་བྱས་པའི་ཚུན་ལ་ཟོ་སྐྱ་ཞང་གིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་གཙོ་བོར་བསྒྱུར་ལ། སྡོད་ཁུལ་ལས་ཁུངས་དང་མི་སྣའི་ནུས་པ་འཛུགས་སྐྲུན་བྱེད་པ། སྡོད་ཁུལ་མཉམ་བདག་དཔེ་སྟོན་དང་ལུགས་མཐུན་ཅན་གྱི་དོ་དམ་ལ་སྲུང་སྐྱོབ་དང་དྲིལ་བསྒྲག་བྱེད་པ་སོགས་ཀྱི་ཕྱོགས་ནས་ལག་ལེན་དང་འཚོལ་ཞིབ་མང་པོ་བྱས། འཆར་འགོད་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་མཉམ་དུ་མུ་མཐུད་དུ་རྒྱ་བསྐྱེད་དང་གསར་སྐྲུན་བྱས་ཏེ་གྲུབ་འབྲས་མི་མན་པ་ཞིག་བླངས་།

  ཐེངས་འདིའི་དུས་མཇུག་དཔྱད་ཞིབ་བྱས་པ་དེ་ནི་ཟོ་སྐྱ་ཞང་གིས་ལས་གཞི་ལག་བསྟར་བྱས་པའི་གྲུབ་འབྲས་ལ་བརྟག་དཔྱད་བྱས་པ་ཡིན་པ་མ་ཟད་རང་རྫོང་གི་མ་འོངས་པའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྐུལ་འདེད་བྱས་པ་རེད། དཔྱད་ཞིབ་བྱ་བ་ལེགས་འགྲུབ་བྱས་པ་བརྒྱུད་ལས་གཞིའི་གྲུབ་འབྲས་སྔར་ལས་བསྲ་བརྟན་དང་ཇེ་མཐོར་ཡོང་ངེས་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ས་ཚུགས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པར་སྔར་ལས་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོབ་ངེས། ཐེངས་འདིའི་ལས་གཞི་ལག་བསྟར་བྱས་པ་དེས་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་བཏང་ལ་མཚོ་བོད་མཐོ་སྒང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཡང་ནུས་པ་གལ་ཆེན་ཐོན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།