[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>2016ལོའི་བོད་ཀྱི་ལོ་གསར་ཆེད་བསྒྲིགས།>ལོ་གསར་གཏོང་སྲོལ།
  • ལོ་གསར་གྱི་མཆོད་པའི་སྒྲིག་གཤོམ་རྗས་ཆ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-02-04

    QQ截图20160204172232.jpg

    ལོ་གསར་གྱི་མཆོད་པའི་སྒྲིག་གཤོམ་ལས་ཀ་ཚང་མ་གནམ་གང་ཉིན་བྱེད་དགོས་ཤིང་།  སྒྲིག་གཤོམ་གྱི་མཆོད་པའི་རྫས་ལའང་མེ་ཏོག་དང་། གདུག་སྤོས། སྣང་གསལ། དྲི་ཆབ། མར་མེ་བཅས་ཉེར་མཆོད་དང་། མར་མཚོན་གྱི་ཉི་ཟླ་སོགས་ཀྱི་ཡལ་གསེས་བརྒྱབ་པའི་ལུག་མགོ་དང་ལོ་ཕུད། གྲོ་སོ་ཕྱེ་མར། ཁུར་ཁོག་དང་། ཉ་ཤག སྨུག་ཐུང་། སྦོ་ལུག པི་ཏོག་བཅས་ཀྱི་ཁ་ཟས་སྡེར་ཁ་དང་། གཞན་ཡང་ཀ་ར་བུམ་རམ་དང་ཇ་མར་ཚ་གསུམ། གཡུང་དྲུང་གི་རི་མོས་བརྒྱན་པའི་ཐུད་གདར་སོགས་ཀྱི་སྒྲིག་གཤོམ་བྱེད་དགོས། དེ་ཡང་ཁྱིམ་ཚང་སོ་སོའི་འབྱོར་པ་ཆེ་ཆུང་ལ་གཞིགས་པའི་རྒྱས་བསྡུས་དང་འབོར་ཆེ་ཆུང་མི་འདྲ་སྟེ། འབྱོར་ལྡན་རྣམས་ཀྱིས་ཇ་དོ་བོའི་སྟེང་དུ་མར་ལྟང་འཇོག་པ་དང་། དེ་ལས་འབྱོར་པ་ཆུང་བ་རྣམས་ནི་རིམ་པ་བཞིན་ཇ་བག་ཆེན་སྟེང་དུ་མར་གྲོད་རིལ་དང་། ཇ་བག་ཆུང་གི་སྟེང་དུ་མར་ཀྲོག་ཁ་འཇོག་པའང་ཡོད། དེས་མ་ཟད་ཁྱིམ་འཛིན་མས་ད་དུང་གྲོ་མ་འབྲས་བསིལ་དང་ཆང་ཕུད་སོགས་ཀྱི་སྣོད་ལེགས་པར་བརྒྱངས་དགོས།  གྲོ་སོ་ཕྱེ་མར་བརྒྱངས་དུས་ཐུགས་སྣང་དགོས་པ་ཞིག་ལ་སྦོའི་ནང་དུ་གྲོ་དང་ཕྱེ་མར་གྱི་ཁ་ཕྱོགས་དེ་མ་ནོར་བ་བྱེད་དགོས་ལ།  རང་མི་རིགས་ཀྱི་ཁ་རྒྱུན་བཞིན། གྲོ་སོ་གཡས་དང་ཕྱེ་མར་གཡོན་ཟེར་བས། ཕྱེ་མར་འདེགས་མཁན་གྱི་ངོས་ནས་གྲོ་དེ་གཡས་དང་ཕྱེ་མར་གཡོན་ཕྱོགས་སུ་ཡོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།