ན་ནིང་རང་ཞིང་གི་འཛད་སྤྱོད་རིགས་བཞིའི་ཞུ་གཏུག་དེ་ཀུན་གྱི་གླེང་གཞིར་གྱུར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་སྔོན་གསར་འགོད་པས་ཞིང་ཆེན་བཟོ་ཚོང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ན་ནིང་རང་ཞིང་གི་རིམ་པ་ཁག་གི་བཟོ་ཚོང( ཁྲོམ་རའི་ལྟ་སྐུལ་དོ་དམ) སྡེ་ཁག་དང་འཛད་སྤྱོད་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་པའི་རེ་ཞུ311622བདག་སྤྲོད་བྱས་པ་དང་། དཔལ་འབྱོར་གྱི་གྱོང་གུན་ཁྲི1762.2ལྷག་སེལ་ཡོད་ལ། ཞུ་གཏུག་གྱོད་གཞིའི་ཁྲོད་འཛད་སྤྱོད་རིགས་བཞིའི་ཞུ་གཏུག་དེ་ཀུན་གྱི་གླེང་གཞིར་གྱུར་ཡོད། །

རླངས་འཁོར་འཛད་སྤྱོད་ཀྱི་ཞུ་གཏུག་རྒྱུན་མཐུད་ངང་འཕར་བ།

ན་ནིང་བསྡོམས་པས་རླངས་འཁོར་རིགས་ཀྱི་ཞུ་གཏུག་336བདག་སྤྲོད་བྱས་པ་དང་། བཙན་ཤེད་ཀྱིས་མཉམ་དུ་ཉེན་སྲུང་བྲིན་འཚོང་བྱས་པ་དང་། བཙན་ཤེད་ཀྱིས་ལས་ཚབ་ཀྱི་སྒོ་བྱང་བཀལ་བ། རིན་གོང་སྤར་ནས་ཕྱིར་འཚོང་བྱས་པ། གནས་ཚུལ་ངོ་མ་སྦ་གསང་བྱས་པ། ལག་ཁྱེར་མནན་ནས་རླངས་འཁོར་བཙོང་བ་སོགས་ཀྱི་གནད་དོན་ཞུ་གཏུག་བ་དེ་ཀུན་གྱི་གླེང་གཞིར་གྱུར་ཡོད།ཡིག་ཐོག་གན་རྒྱ་མ་བཞག་པར་རླངས་འཁོར་བཙོང་བ་དང་། གན་རྒྱའི་དོན་ཚན་སྟབས་བདེ་དང་ཡང་ན་རླངས་འཁོར་བཙོངས་རྗེས་རླངས་འཁོར་ཉོས་པའི་གན་རྒྱ་ཕྱིར་བླངས་པ་དང་། གཏའ་དངུལ་དང་མངགས་ཉོ་མ་དངུལ་བསྲེས་སྤྱོད་བྱས་ནས་ཕྱོགས་གཉིས་དབར་གྱི་ཁེ་དབང་མི་འགྲིག་པ་སོགས་ཀྱི་སྣང་ཚུལ་ངན་པ་བྱུང་བས།  འཛད་སྤྱོད་པ་མི་ཉུང་བ་ཞིག་གི་ཁེ་ཕན་ལ་གནོད་འཚེ་བསྐྱལ་ཡོད།

ཞབས་ཞུ་རིགས་ཀྱི་ཞུ་གཏུག་བརྟན་པོའི་ཁྲོད་འཕར་བ།

རྒྱུས་ལོན་བྱུང་བ་ལྟར་ན་ཞབས་ཞུ་རིགས་ཀྱི་ཞུ་གཏུག་གཙོ་བོ་འཚོ་བའི་ཞབས་ཞུ་དང་། སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་དང་།  གློག་འཕྲིན་དང་དྲ་སྦྲེལ་ཞབས་ཞུ་བཅས་ཡོད་པ་དང་།  དེའི་ནང་དུ་འཚོ་བའི་ཞབས་ཞུ་ལ་གཙོ་བོ་བཟའ་བཏུང་ཞབས་ཞུ་དང་། ཞག་སྡོད་ཞབས་ཞུ། གློག་ཆས་བསྐྱར་གསོ་དང་རླངས་འཁོར་ཞིག་གསོའི་ཞབས་ཞུ། སྤུས་ཚད་ཞབས་ཞུ་དང་རིན་གོང་བཅས་ཡོད།  སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་ལ་གཙོ་བོ་མྱུར་སྐྱེལ་ཞབས་ཞུའི་མྱུར་སྐྱེལ་སྦྲག་རྫས་བོར་བརླག་སོང་བ་དང་། གཅོག་པ་སོགས་ཡོད། གློག་འཕྲིན་ཞབས་ཞུ་ལ་གཙོ་བོ་སྤོ་འགུལ་ཁ་པར་ཞབས་ཞུ་བྱེད་པའི་རིན་གོང་གི་གནད་དོན་ཐག་གཅོད་སོགས་ཡོད། དྲ་སྦྲེལ་ཞབས་ཞུ་ལ་གཙོ་བོ་སྐུད་ཡོད་དྲ་རྒྱའི་ཞབས་ཞུའི་སྤུས་ཚད་དང་གན་རྒྱ། བཙོངས་རྗེས་ཀྱི་ཞབས་ཞུ་བཅས་ཡོད།

 སྔོན་གཏོང་བྱང་བུ་འཛད་སྤྱོད་ཞུ་གཏུག་མགྱོགས་མྱུར་ངང་འཕར་བ།

ཉེ་བའི་ལོ་རིང་ལ་སྔོན་གཏོང་རྣམ་པའི་འཛད་སྤྱོད་ཟམ་མི་ཆད་པར་འཕར་བ་དང་། དེ་གཙོ་བོ་ཡག་བཟོ་དང་། མགོ་སྐྲ་ཡག་བཟོ། སྐམ་བཀྲུས།  བཟའ་བཏུང་སོགས་ཀྱི་ལས་རིགས་ཡིན།  འོན་ཀྱང་འཛད་སྤྱོད་ཀྱི་རྣམ་པ་དེའི་བཀོལ་སྤྱོད་དུས་ཡུན་རིང་བ་དང་།  བརྡ་འཕྲིན་དོ་མི་མཉམ་པ་སོགས་ཀྱི་དབང་གིས་རྩོད་གཞི་འབྱུང་སླ། འཛད་སྤྱོད་པའི་ཞུ་གཏུག་བྱས་པའི་གནད་དོན་ཁྲོད་ཀྱི་མཚོན་ཚུལ་གཅོ་བོ་ནི་བྱང་བུ་ནང་གི་ལྷག་གྲངས་ལ་ཕྱིར་འཐེན་མི་བྱེད་པ་དང་། ཞབས་ཞུ་ཇེ་ཉུང་དུ་སོང་བ། དྲིལ་བསྒྲགས་རྫུན་མ་ཡོད་པ། བཙན་ཤེད་ཀྱི་ཉོ་ཚོང་བྱེད་པ།  ཚོང་བདག་གིས་གན་རྒྱའི་ནང་གི་ཁ་ཆད་ལག་བསྟར་མི་བྱེད་པ་སོགས་རེད།

ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་གནད་དོན་འབུར་ཐོན་ཡིན་པ།

ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་ཞུ་གཏུག་བྱས་པའི་མཚོན་ཚུལ་གཙོ་བོ་ནི་ཟས་རིགས་དང་ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་བརྡ་ཁྱབ་དྲིལ་བསྒྲགས་ཀྱི་ཐུམ་སྒྲིལ་སྟེང་དུ་སྔོན་འགོག་དང་། ནད་གཞི་གསོ་བཅོས་ཀྱི་ཕན་ནུས་བཀོད་ཡོད་པ་དང་། ཚོང་པས་འཇམ་ཁྲིད་རང་བཞིན་གྱི་བྲིན་འཚོང་ལ་བརྟེན་ནས་ལུས་ཁམས་བདེ་སྲུང་གི་ཟས་རིགས་བྲིན་ཚོང་བྱེད་པ་དེ་རེད།

 

ལོ་ཙཱ་བ། གཡང་སྐྱིད།